ཡུན་ནན་ཉེན་རྟོག་པའི་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ནན་ཉེན་རྟོག་པའི་སློབ་གླིང་།
ཡུན་ནན་ཉེན་རྟོག་པའི་སློབ་གླིང་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གནས་ཤིང་ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་དང་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས་མཉམ་དུ་བསྐྲུན་པ་དང་། སྤྱི་བདེ་ཐིང་གིས་དོ་དམ་གཙོ་བོ་བྱེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་གཞུང་བཙུགས་དངོས་གཞིའི་ཚན་ཁག་གི་སློབ་གླིང་ཞིག་ཡིན་ལ། སྤྱི་ལོ2015ལོའི་ཟླ8པའི་བར་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ477ཡོད་ཅིང་། དེའི་ནང་མཐོ་རིམ་དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན162དང་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཐོབ་མཁན184ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云南警官学院
སློབ་གྲྭའི་ཚབ་ཨང་།
11392
དབྱིན་ཡིག་གི་མིང་།
Yunnan Police Officer Academy
བཙུགས་ལོ།
སྤྱི་ལོ1950ལོར།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཡུན་ནན་ཞིང་ཆེན།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
1
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། ཡུན་ནན། ཁུན་མིང་།
ད་ལྟའི་སློབ་གཙོ།
ལིའུ་ཀུང་ཧྭ།
གནས་ཡུལ།
ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་བྱང་ལམ་ཨང249པ།
གཞུང་ཕྱོགས་དྲ་གནས།
http://www.ynpsc.edu.cn
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1973ལོར་ཞིང་ཆེན་སློབ་གསོ་ཐིང་གིས“ཡུན་ནན་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ”སླར་གསོ་བྱས།

སྤྱི་ལོ1978ལོར་སློབ་གྲྭས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སློབ་མ་ཐེངས་དང་པོ་བསྡུས་པ་དང་སློབ་ཡུན་ལོ་གཉིས་ཡིན་པའི་འབྲིང་རིམ་ཆེད་ལས་སློབ་གསོ་ལམ་ལུགས་ལག་བསྟར་བྱས།

སྤྱི་ལོ1980ལོར“ཡུན་ནན་ཞིང་ཆེན་སྤྱི་བདེ་སློབ་གྲྭ”ཞེས་པར་སླར་གསོ་བྱས།

སྤྱི་ལོ1981ལོར་ཡུན་ནན་ཞིང་ཆེན་སྤྱི་བདེ་སློབ་གྲྭར“ཡུན་ནན་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭ”ཞེས་པར་མིང་བསྒྱུར།

སྤྱི་ལོ1984ལོར“ཡུན་ནན་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭ”ནས“ཡུན་ནན་སྤྱི་བདེ་མཐོ་རིམ་ཆེད་སྦྱོང་སློབ་གྲྭར”གནས་སྤོར་བྱས།

སྤྱི་ལོ2003ལོར་སློབ་གྲྭ་དེ་སློབ་གསོ་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་གནས་སྤོར་བྱས།

སྤྱི་ལོ2003ལོའི་ཟླ10པར་ཡུན་ནན་ཉེན་རྟོག་པའི་སློབ་གླིང་སྒོ་བྱང་བཀལ་ནས་བཙུགས།

སྤྱི་ལོ2011ལོར་སློབ་གྲྭ་དེས་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཚད་ལོན་དཔྱད་དཔོག་བྱས།

སྤྱི་ལོ2013ལོར་སློབ་གྲྭ་དེར་ཉེན་རྟོག་པའི་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་ཐོབ་ཐང་སྤྲོད་པའི་དབང་ཆ་ཐོབ།

2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ཟླ11པར་སློབ་གྲྭ་དེར་རྒྱལ་ཁབ། ཞིང་ཆེན་དང་པུའུརིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་རྣམ་གྲངས3དང་། སྤྱི་བདེའི་མཐོ་རིམ་སློབ་གསོའི་གཙོ་གནད་ཆེད་ལས1 ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས1 རྒྱལ་ཁབ(ཞིང་ཆེན་དང་པུའུ)རིམ་པའི་སྤུས་ལེགས་སློབ་ཚན8 སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན39བཅས་བཙུགས་ཡོད།

3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ6པར་སློབ་གྲྭ་དེར་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན1ཡོད་པ་དང་འབྲེལ་སྤྱི་ལོ2013ལོར་ཉེན་རྟོག་ལས་དོན་གྱི་རབ་འབྱམས་པའི་ཆེད་ལས་རིག་པའི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཐོབ།

4 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2015ལོའི་ཟླ6པར་སློབ་གྲྭ་དེར་དུག་འགོག་སློབ་གླིང་དང་། འཇིགས་སྐུལ་ངོ་རྒོལ་སློབ་གླིང་། ཉེས་དོན་མྱུལ་ཞིབ་སློབ་གླིང་། བདེ་འཇགས་དོ་དམ་སློབ་གླིང་། ཁྲིམས་ལུགས་རིག་པའི་སློབ་གླིང་། ཆ་འཕྲིན་དྲ་རྒྱའི་བདེ་འཇགས་སློབ་གླིང་། ཞིབ་འཇུག་སློབ་མ་པུའུ་སོགས་སློབ་ཁྲིད་ཚན་པ10ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས15ཡོད། 

5 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ8པའི་བར་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ477ཡོད་ལ། དེའི་ནང་མཐོ་རིམ་དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན162དང་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཐོབ་མཁན184ཡོད། དེའི་ནང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1དང་རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན2 རྒྱལ་ཡོངས་ཀྱི་སྤྱི་བདེའི་མཐོ་རིམ་སློབ་གསོའི་སློབ་ཁྲིད་དགེ་རྒན2 རྒྱལ་ཡོངས་ཀྱི་སྤྱི་བདེའི་དཔེ་བཟང་སློབ་གསོ་སྦྱོང་བརྡར་ལས་དོན་པ1 རྒྱལ་ཡོངས་ཀྱི་སྤྱི་བདེའི་ཕུལ་བྱུང་སློབ་གསོ་སྦྱོང་བརྡར་ལས་དོན་པ1 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན11 ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་3ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ4བཅས་ཡོད། 

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2014ལོའི་ཟླ11བར་སློབ་གྲྭ་དེ་ཡུན་ནན་ཞིང་ཆེན་གྱི་ཁག་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་ཞིང་ཆེན་རིམ་པའི་བསམ་པའི་དཔལ་ཡོན་ཚན་པ་དང་། ཡུན་ནན་ཞིང་ཆེན་དཔལ་ཡོན་སློབ་གྲྭ། ཁུན་མིང་གྲོང་ཁྱེར་སྐྱེད་ཚལ་ཚན་པ་སོགས་སུ་སྔ་རྗེས་སུ་བདམས་པ་དང་། སྤྱི་ལོ2013ལོར་སྤྱི་བདེ་པུའུ་མཉམ་སྡེབ་བྱས་རྗེས་རིམ་པ་དང་པོ་ཐེངས་རེ་བཞག་པ་དང་སྤྱི་ལོ2011ལོ་དང་སྤྱི་ལོ2012ལོར་སྤྱི་བདེ་པུའུ་མཉམ་སྡེབ་བྱས་རྗེས་རིམ་པ་གསུམ་པ་ཐེངས་རེ་ཐོ་འགོད་བྱས།

7 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2003ལོ་ནས་སྤྱི་ལོ2010ལོའི་བར་སློབ་གྲྭ་དེས་སྔ་རྗེས་སུ་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་ཞིབ་འཇུག་བྱ་གཞི269(དེའི་ནང་རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི19ཡོད་པ་དང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་རྣམ་གྲངས129ཡོད) “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་རིག་གཞུང་དཔྱད་རྩོམ644སྤེལ།

8 དཔེ་མཛོད་ཁང་།

སྤྱི་ལོ2015ལོའི་ཟླ5པའི་བར་སློབ་གྲྭ་དེས་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི118(གློག་རྡུལ་དཔེ་དེབ་ཚུད་པ) དུས་དེབ་སྣ་ཚོགས890ལྷག་ཙམ་དང་ཀྲུང་ཕྱིའི་ཡིག་རིགས་དུས་དེབ་དང་བརྙན་ལམ་གཞི་གྲངས་མཛོད9མཉམ་སྤྱོད་བཅས་བྱས་ཤིང་། སྤྱི་བདེའི་རིགས་ཀྱི་ཁྱད་ལྡན་གཞི་གྲངས་མཛོད4བསྐྲུན་ཡོད།

9 རིག་གཞུང་དུས་དེབ།

《ཡུན་ནན་ཉེན་རྟོག་པའི་སློབ་གླིང་གི་རིག་གཞུང་ཚགས་པར》(ཟླ་གཉིས་རེའི་དུས་དེབ)ནི་སྤྱི་ལོ1990ལོར་གསར་འདོན་བྱས་ཤིང་། ཡུན་ནན་ཉེན་རྟོག་པའི་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། དུས་དེབ་འདིའི་ཐོག་སྤྱི་བདེ་སློབ་གསོ་དང་། སྤྱི་བདེ་དོ་དམ། སྤྱི་བདེ་ཚན་རྩལ། ཉེས་གསོག་ཞིབ་འཇུག སྤྱི་ཚོགས་བདེ་འཇགས། དུག་འགོག་ཞིབ་འཇུག ཁྲིམས་ལུགས་གླེང་སྟེགས། གྱོད་དོན་དབྱེ་ཞིབ། མྱུལ་ཞིབ་འཚོལ་ཞིབ། བརྟག་དཔྱད་སྙན་ཞུ་སོགས་ལེ་ཚན་དང་འཚམ་པའི་དཔྱད་རྩོམ་དང་ཚན་ཞིབ་དཔྱད་གཞི་གཙོ་གནད་ཐོག་བཀོད་ཡོད། ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་རིང་དུས་དེབ་དེ་རྒྱལ་ཡོངས་མཐོ་སློབ་ཀྱི་ཕུལ་བྱུང་སྤྱི་ཚོགས་ཚན་རིག་དུས་དེབ་ལ་བདམས་ཤིང་། དེའི་ནང་དུག་འགོག་ཞིབ་འཇུག་ལེ་ཚན་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་རིགས་ཀྱི་ཕུལ་བྱུང་ལེ་ཚན་དང་ཁྱད་ལྡན་ལེ་ཚན་ལ་བདམས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།