ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན།
ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན་ནི་ཡུན་ནན་ཁུན་མིང་གྲོང་ཁྱེར་དུ་གནས་ཤིང་། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག སྨན་རྫས་དོ་དམ་ཅུས་གཉིས་ཀྱིས་མཉམ་དུ་བསྐྲུན་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་ཁག་གཉིས་པར་བཙུགས་པའི་མཐོ་རིམ་ཀྲུང་ལུགས་གསོ་རིག་གི་དངོས་གཞིའི་ཚན་ཁག་གི་སློབ་གླིང་ཞིག་ཀྱང་ཡིན་ལ། ཀྲུང་ལུགས་གསོ་རིག་སློབ་ཆེན་ནི་སྤྱི་ལོ1960ལོར་བཙུགས་ཤིང་སྤྱི་ལོ1986ལོར་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཐོབ་ཅིང་། སྤྱི་ལོ2016ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་མཉམ་དུ་སྐྲུན་པའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་གྱུར་ནས་སྤྱི་ལོ2018ལོར་ཡུན་ནན་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云南中医药大学
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་སྤྲོད་དབང་རིག་ཚན4 ཆེད་ལས་བསླབ་གནས་སྤྲོད་དབང་རིགས4
དབྱིན་ཡིག་གི་མིང་།
Yunnan University of Chinese Medicine
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་སྤྲོད་དབང་རིག་ཚན1
བཙུགས་ལོ།
སྤྱི་ལོ1960ལོར།
སློབ་གྲྭའི་ཚབ་ཨང་།
10680
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཡུན་ནན་ཞིང་ཆེན།
དངོས་གཞིའི་ཆེད་ལས།
26
ད་ལྟའི་འགོ་ཁྲིད།
ཧྲུའུ་ཅི། ཝང་ཚུའེ་ཀང་དང་སློབ་གཙོ། ཞུང་ལེ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རིམ་པ་གཉིས་པའི་སློབ་གླིང11 ཚོད་ལྟ་ཁང་དང་ཞིབ་འཇུག་ཁང་སོགས་ཡོད།
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
2.1 རྨང་གཞིའི་གསོ་རིག་སློབ་གླིང་། 
2.2 ནད་ཐོག་གསོ་རིག་སློབ་གླིང་།
2.3 ནད་སྐྱོང་སློབ་གླིང་། 
2.4 མཉེད་འཕུར་སླར་གསོའི་སློབ་གླིང་། 
2.5 དོ་དམ་སློབ་གླིང་། 
2.6 ཀྲུང་ལུགས་སྨན་རྫས་སློབ་གླིང་། 
2.7 མི་རིགས་གསོ་རིག་སློབ་གླིང་། 
2.8 ཆ་འཕྲིན་ལག་རྩལ་སློབ་གླིང་།
3   དགེ་རྒན་གྱི་དཔུང་སྡེ།        
4   སློབ་ཁྲིད་འཛུགས་སྐྲུན།
5   རིག་ཚན་འཛུགས་སྐྲུན།
6   འབུམ་རམས་པའི་ཆེད་ལས།
7   རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
8   རབ་འབྱམས་པའི་བསླབ་གནས། 
9   ཞིབ་འཇུག་ལས་ཁུངས། 
10   ཞིབ་འཇུག་གི་གྲུབ་འབྲས།
11   གཟི་བརྗིད་མཚན་སྙན།
12   རིག་གཞུང་དུས་དེབ།
13   དཔེ་མཛོད་ཁང་།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1951ལོར་ཁུན་མིང་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཁུན་མིང་ཀྲུང་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་བཙུགས། 

སྤྱི་ལོ1953ལོའི་ཟླ3པར་ཁུན་མིང་ཀྲུང་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭའི་རྨང་གཞིའི་སྟེང་། གོང་རིམ་གྱི་ཆོག་མཆན་ཐོབ་པ་བརྒྱུད་ཁུན་མིང་ཀྲུང་ལུགས་གསོ་རིག་ཟབ་སྦྱོང་སློབ་གྲྭ་བཙུགས་ནས་ཆེད་དུ་ཀྲུང་ལུགས་གསོ་རིག་ཟབ་སྦྱོང་འཛིན་གྲྭ་ཆེད་མངགས་གཉེར་གྱིན་ཡོད།

སྤྱི་ལོ1953ལོར་ཁུན་མིང་ཀྲུང་ལུགས་གསོ་རིག་ཟབ་སྦྱོང་སློབ་གྲྭ་ཡུན་ནན་ཞིང་ཆེན་འཕྲོད་བསྟེན་ཐིང་གི་འགོ་ཁྲིད་ལ་གཏོགས་པ་དང་སློབ་གྲྭའི་གནས་ཡུལ་ཁུན་མིང་གྲོང་ཁྱེར་གྱི་སན་ཧུ་དབྱིན་ཡོན་ཨང13པ་རུ་གནས་སྤར།

སྤྱི་ལོ1962ལོའི་ལོ་འགོར་རྒྱལ་ཁབ་ཀྱི་དཔལ་འབྱོར་དཀའ་ཁག་ཆེ་བའི་དུས་སྐབས་སུ་གནས་ཡོད་པས། ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་ལ་ཉེན་ཁ་བྱུང་ཞིང་ཙུང་ལི་ཀྲོའུ་ཨེན་ལའེ་ཡི་ཐུགས་ཁུར་འོག་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་རང་སོར་བཞག 

སྤྱི་ལོ1964ལོའི་ཟླ2པར་སློབ་གྲྭའི་གནས་ཡུལ་པེ་ཐ་ལམ་ཨང6པ(དེ་སྔའི་ཁུན་མིང་གི་འཕྲོད་བསྟེན་སློབ་གྲྭ་དང་པོའི་ས་གནས)བར་གནས་སྤོས་ཤིང་ས་ཆའི་རྒྱ་ཁྱོན་ལ་མུའུ30བཟུང་ཡོད།

སྤྱི་ལོ1971ལོ་ནས་སྤྱི་ལོ1976ལོའི་བར་རིམ་རྩིས་བྱས་ན་ལོ་གསུམ་ལམ་ལུགས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་སློབ་མ630སློབ་ཐོན་བྱུང་། 

སྤྱི་ལོ1987ལོའི་ཟླ9པའི་ཚེས12ཉིན་གོང་རིམ་གྱིས་ཆོག་མཆན་བཀོད་པ་བརྒྱུད། ཁུན་མིང་གྲོང་ཁྱེར་ཀོན་ཏུའུ་ཆུས་སུ་གྲོང་རྡལ་ཧྲོང་ཆའོ་ཤང་གིས་ས་ཞིང་མུའུ109བསྡུས་ནས་སློབ་གྲྭ་རྒྱས་སྐྲུན་བྱས། 

སྤྱི་ལོ1992ལོའི་ཟླ2པར་ཀྲུང་ལུགས་སྨན་རྫས་སྡེ་ཁག་སློབ་ཁུལ་གནས་སྤར་ཏེ་སློབ་ཁུལ་གསར་པ་དངོས་སུ་སྤྱོད་འགོ་ཚུགས། 

སྤྱི་ལོ1997ལོར་སློབ་གྲྭའི་ཏང་སྲིད་སྡེ་ཚན་ཚང་མ་སློབ་ཁུལ་དུ་གནས་སྤར།    

སྤྱི་ལོ2005ལོར་གོང་རིམ་གྱི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭས་ཁྲེང་ཀུང་གྲོང་གསར་ཡུས་ཧྭ་ཡུག་ཁུལ་གྱི་ས་ཆ་མུའུ823.5བསྡུས་ནས་སློབ་ཁུལ་འཛུགས་སྐྲུན་བྱས།

སྤྱི་ལོ2008ལོའི་ཟླ9པའི་ཚེས10ཉིན་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་ཧྲེན་ཀུང་སློབ་ཁུལ་གྱི་དུས་ཐེངས་དང་པོའི་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་།   

སྤྱི་ལོ2009ལོའི་ཟླ3པའི་ཚེས1ཉིན་སློབ་གླིང་དུ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་དང་། ཞིབ་འཇུག་སློབ་མ། ཕྱི་སྦྱོང་སློབ་མ་བཅས་མི3000ལྷག་ཙམ་ཡོད་པ་དང་དེ་བཞིན་དགེ་རྒན་དང་ལས་བཟོ་བ600ལྷག་ཙམ་ཁྲེང་ཀུང་སློབ་ཁུལ་གསར་པར་དངོས་སུ་བཅའ་སྡོད་བྱས། 

སྤྱི་ལོ2016ལོའི་ཟླ7པར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་ཁུན་མིང་དུ་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2020ལོའི་ཟླ་དང་པོའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང11དང་སྤྱི་པའི་སློབ་ཚན་སློབ་ཁྲིད་པུའུ1དངོས་གཞིའི་ཚན་ཁག་གི་ཆེད་ལས27བཅས་ཡོད། ཐད་གཏོགས་ཞོར་གཏོགས་སྨན་ཁང2ཐད་གཏོགས་མིན་པའི་ཞོར་གཏོགས་སྨན་ཁང143བཅས་ཡོད།

2_1 རྨང་གཞིའི་གསོ་རིག་སློབ་གླིང་། 

གསོ་རིག་བརྟག་བཤེར་ལག་རྩལ།

2_2 ནད་ཐོག་གསོ་རིག་སློབ་གླིང་།

ཀྲུང་ལུགས་གསོ་རིག ཀྲུང་ནུབ་གསོ་རིག ནད་ཐོག་གསོ་རིག ཀྲུང་ལུགས་གསོ་རིག་བྱིས་ནད་རིག་པ།      

2_3 ནད་སྐྱོང་སློབ་གླིང་། 

ནད་སྐྱོང་རིག་པ།

2_4 མཉེད་འཕུར་སླར་གསོའི་སློབ་གླིང་། 

ཁབ་བཙའི་མཉེད་འཕུར་རིག་པ། ཀྲུང་ལུགས་གསོ་རིག ཁམས་གསོ་རིག་པ། གསོ་བཅོས་རིག་པ། ལུས་ཟུངས་གསོ་རིག

2_5 དོ་དམ་སློབ་གླིང་། 

དངོས་ཟོག་སྐྱེལ་འདྲེན་དོ་དམ། ཁྲོམ་རའི་ཚོང་གཉེར། སྤྱི་བའི་ལས་དོན་དོ་དམ། ཉེར་སྤྱོད་སེམས་ཁམས་རིག་པ། 

2_6 ཀྲུང་ལུགས་སྨན་རྫས་སློབ་གླིང་། 

ཀྲུང་སྨན་རིག་པ། ཀྲུང་སྨན་ཐོན་ཁུངས་དང་གསར་སྤེལ། སྨན་སྦྱོར། ཟས་རིགས་ཚན་རིག་དང་བཟོ་སྐྲུན། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས། 

2_7 མི་རིགས་གསོ་རིག་སློབ་གླིང་། 

གསོ་རིག

2_8 ཆ་འཕྲིན་ལག་རྩལ་སློབ་གླིང་།

རྩིས་འཁོར་ཚན་རིག་དང་ལག་རྩལ། གསོ་རིག་ཆ་འཕྲིན།  

3 དགེ་རྒན་གྱི་དཔུང་སྡེ།        

སྤྱི་ལོ2018ལོའི་ཟླ7པའི་བར་སློབ་གྲྭའི་ལྟེ་གནས་སུ་དགེ་རྒན་དང་ལས་བཟོ་བ687དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན17ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ5ཡོད། སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་པ1དང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་མཁས་པ1ཡོད། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན1ཡོད་པ་དང་། ཡུན་ལིང་གྲགས་ཅན་སྨན་པ3དང་ཡུན་ལིང་མཁས་དབང་དང་། ཡུན་ལིང་དགེ་རྒན་གྲགས་ཅན། ཡུན་ལིང་ཐོན་ལས་ལག་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་པ་བཅས་མི1ཡོད། ཡུན་ནན་ཞིང་ཆེན་གྱི་ལེགས་སྐྱེས་མངོན་གསལ་དོད་པའི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ7དང་སློབ་ཁྲིད་དགེ་རྒན་གྲགས་ཅན9ཡོད། ཡུན་ནན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན4དང་ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན36 ཀྲུང་ལུགས་གསོ་རིག་སྨན་པ་གྲགས་ཅན33བཅས་ཡོད། ཡུན་ནན་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་རིགས་གཅིག་མཁས་ཅན9དང་ཡུན་ནན་ཞིང་ཆེན་གྱི་ན་གཞོན་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ10དང་ཤེས་ལྡན་པ2ཡོད། ལག་རྩལ་གསར་གཏོད་བྱེད་མཁན་ཤེས་ལྡན་པ2 ཁག་དང་པོའི་ཡུན་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་གི་སྣེ་ཁྲིད་ཤེས་ལྡན་མི་སྣ3དང་ཀྲུང་ལུགས་གསོ་རིག་གི་མཐོ་རིམ་ཤེས་ལྡན་མི་སྣ་དང་དེ་བཞིན་གསོ་སྐྱོང་བྱ་ཡུལ་མི2ཡོད། ཀྲུང་ལུགས་གསོ་རིག་དགེ་རྒན་ཆེ་མོ་བ་ཀྲང་ཀྲེན་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཧོང་ལུའུ་ཆི་སོགས་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་དགེ་རྒན་ཆེ་མོ་བ་དང་རིགས་གཅིག་མཁས་ཅན420ལྷག་ཙམ་གྱིས་རབ་འབྱམས་པའི་སློབ་དཔོན་དང་། མཚན་འཛིན་སློབ་གཙོ། དགེ་རྒན་ཆེ་མོ། མཚན་འཛིན་དགེ་རྒན་ཆེ་མོ་བ་བཅས་ཀྱི་འགན་ཁུར་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ7པར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས2ཡོད་པ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1 ཡུན་ནན་ཞིང་ཆེན་རིམ་པའི་གཙོ་གནད་དང་ཁྱད་ལྡན་ཆེད་ལས5ཡོད། ཡུན་ནན་ཞིང་ཆེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས3ཡོད་ཅིང་ཞིང་ཆེན་གྱི་གཙོ་གནད་ཐོན་ལས་བརྒྱད་ཀྱིས་སྤུས་རྟགས་འཛུགས་སྐྲུན་གྱི་ཆེད་ལས2བཙུགས་ནས་ཞིང་ཆེན་གྱི་ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་ཆེད་ལས2བཙུགས་ཡོད། སྤུས་ལེགས་སློབ་ཚན17དང་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སྟེགས་བུའི་སློབ་ཚན10བཅས་ཡོད། བརྙན་ལམ་སྤུས་ལེགས་ཀྱི་ཡོངས་བསྒྲགས་སློབ་ཚན3དང་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་དཔེ་སྟོན་སློབ་ཚན2 ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མའི་སྐད་རིགས་ཀྱི་སློབ་ཚན་རྩེ་གྲ2བཅས་ཡོད། ཚོད་ལྟའི་དངོས་སྦྱོང་དང་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་ལྟེ་གནས9 ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3བཅས་ཡོད། རྟོག་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1འཛུགས་སྐྲུན་བྱས་ཤིང་ཚོད་ལྟའི་དངོས་སྦྱོང་གནས་གཞི་དང་ལག་རྩལ་གསར་གཏོད་ཞབས་ཞུ་ལྟེ་གནས1 ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་གནས་གཞི་འཛུགས་སྐྲུན་ལས་གཞི1 ལག་ལེན་དང་སློབ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལྟེ་གན2 ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 ལག་ལེན་དང་སློབ་ཁྲིད་ཀྱི་རྟེན་གཞི140བཅས་ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ7པའི་བར་སློབ་གྲྭར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་གཙོ་གནད་རིག་ཚན17དང་ཡུན་ནན་ཞིང་ཆེན་གྱི“རིག་ཚན་རྩེ་གྲ”Aརིགས་ཀྱི་ས་མཐོའི་རིག་ཚན3 ཡུན་ནན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ལེགས་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན2དང་ཡུན་ནན་ཞིང་ཆེན་གྱི་གཙོ་གནད་རིག་ཚན7 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ1བཅས་བཙུགས་ཡོད། རིམ་པ་དང་པོའི་རིག་ཚན4(རིམ་པ་གཉིས་པའི་རིག་ཚན24ཚུད་ཡོད)རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ4ཆེད་ལས་རབ་འབྱམས་པའི་བསླབ་གནས་རིགས1བཅས་ཡོད།

6 འབུམ་རམས་པའི་ཆེད་ལས།

ཀྲུང་ལུགས་གསོ་རིག 

7 རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།

རྨང་གཞིའི་གསོ་རིག་དང་། ཟས་རིགས་ཚན་རིག་དང་བཟོ་སྐྲུན། རྒྱལ་སྤྱིའི་སློབ་གསོ། སྤྱི་པའི་དོ་དམ། 

8 རབ་འབྱམས་པའི་བསླབ་གནས། 

ཀྲུང་ལུགས་གསོ་རིག(ཁྱབ་ཁོངས10)དང་། ནད་གཡོག སྨན་རྫས་རིག་པ། ཀྲུང་ལུགས་སྨན་རྫས།

9 ཞིབ་འཇུག་ལས་ཁུངས། 

སྤྱི་ལོ2018ལོའི་ཟླ7པར་སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་གདེང་འཇོག་ཞིབ་འཇུག་ལྟེ་གནས། ཚོད་ལྟ་ཁང་དང་སྤྱི་པའི་ཚན་རྩལ་ཞབས་ཞུའི་ལས་སྟེགས་བཅས1ཡོད། ཞིང་ཆེན་རིམ་པའི་གསར་གཏོད་ཚོགས་པ2 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སུ་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་ཞིབ་རིམ་པ་གསུམ་པའི་ཚོད་ལྟ་ཁང2དང་ཡོན་ཧྲི་དང་རིགས་གཅིག་མཁས་པའི་ལས་སྒྲུབ་ས་ཚིགས9 ཡོན་ཧྲིའི་ལས་དོན་ས་ཚིགས1བཅས་བཙུགས་ཡོད། ཞིང་ཆེན་རིམ་པའི་སྤྱི་ལོ2011ལོའི་མཐུན་སྦྱོར་གསར་གཏོད་ལྟེ་གནས2དང་ཞིང་ཆེན་རིམ་པའི་ཀྲུང་ལུགས་གསོ་རིག་ནད་ཐོག་ཞིབ་འཇུག་རྟེན་གཞི1 ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི1 ཞིང་ཆེན་ལག་རྩལ་སྤོ་སྒྱུར་དཔེ་སྟོན་སྒྲིག་གཞི1དང་ཞིང་ཆེན་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལྟེ་གནས8 ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ཚོགས་པ5བཅས་ཡོད།

10 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ7པར་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས1000ལྷག་ཙམ་སྒྲུབ་པར་འགན་འཁུར་བའི་ནང་། རྒྱལ་ཁབ་རིམ་པའི་རྣམ་གྲངས100ཙམ་དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས300ལྷག་ཙམ་ཡོད། སྤྱི་ལོ2012ལོ་ནས་སྤྱི་ལོ2017ལོའི་བར་སློབ་གྲྭར་རང་བྱུང་ཚན་རིག་གི་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས659ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས84 ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས252བཅས་ཡོད། སློབ་གྲྭར་སྤྱི་ཚོགས་ཚན་རིག་གི་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས101ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས8དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས34ཡོད།

11 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ7པར་སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་བྱ་དགའ་ཁག30ཐོབ་པ་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ1དང་ཞིང་ཆེན(པུའུ)རིམ་པའི་བྱ་དགའ་རིམ་པ་དང་པོ7དང་། རིམ་པ་གཉིས་པའི་བྱ་དགའ་ཁག11 རིམ་པ་གསུམ་པའི་བྱ་དགའ་ཁག11བཅས་ཐོབ་ཡོད།

12 རིག་གཞུང་དུས་དེབ།

《ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཕྱོགས་བསྡུས་རང་བཞིན་གྱི་ཀྲུང་ལུགས་གསོ་རིག་གི་རིག་གཞུང་རིགས་ཀྱི་དུས་དེབ་ཅིག་ཡིན་ལ། ཀྲུང་གོའི་ཚན་རྩལ་གྱི་ལྟེ་བའི་དུས་དེབ《ཀྲུང་གོའི་ལྟེ་བའི་དུས་དེབ་གཞི་གྲངས་མཛོད》དང《ཀྲུང་གོའི་དུས་དེབ་དྲ་བ》《CNKIཀྲུང་གོའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གཞི་གྲངས་མཛོད(CJFD)》《ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)》《ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གཞི་གྲངས་མཛོད》སོགས་རྒྱལ་ཁབ་ཀྱི་ཞིབ་བཤེར་མ་ལག་དང་གཞི་གྲངས་མཛོད10ཡོད་ཅིང་། ཀྲུང་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ཚོད་ལྟའི་ཞིབ་འཇུག སྨན་སྦྱོར་སྨན་རྫས་ཞིབ་འཇུག ནད་ཐོག་ཞིབ་འཇུག ཁབ་བཙའ་འཕུར་འདེད། མི་རིགས་ཀྱི་སྨན་རྫས། སྨན་སྤྱོད་རྩི་ཤིང་ཐོན་ཁུངས་སོགས་ལེ་ཚན20ལྷག་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ཕུལ་བྱུང་དུས་དེབ་དང་ཀྲུང་གོའི་མཐོ་རིམ་གསོ་རིག་སློབ་གླིང་གི་ཕུལ་བྱུང་རིག་གཞུང་ཚགས་པར། རྒྱལ་ཡོངས་མཐོ་སློབ་རང་བྱུང་ཚན་རིག་གི་ཕུལ་བྱུང་རིག་གཞུང་ཚགས་པར་སོགས་ཀྱི་བྱ་དགའ་ཐོབ་ཡོད།    

13 དཔེ་མཛོད་ཁང་།

སྤྱི་ལོ2017ལོའི་ཟླ12བར་ཡུན་ནན་ཀྲུང་ལུགས་གསོ་རིག་སློབ་ཆེན་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཤོག་དྲིལ་དེབ་ཁྲི93.93ཡོད་པ་དང་དུས་དེབ384བཅས་ཡོད། ཉར་ཚགས་བྱས་པའི་སྐུད་བཙུགས་དཔེ་རྙིང་དཔེ་དེབ་ཁྲི1.8ཡོད་པ་དང་གློག་རྡུལ་ཐོན་ཁུངས་བསྡོམས་འབོར61.78TBཟིན། ཀྲུང་ཕྱིའི་སྐད་ཡིག་གི་གཞི་གྲངས་མཛོད52དང་གློག་རྡུལ་དཔེ་དེབ་ཁྲི145བཅས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-06

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།