ཚོགས་གསུམ་ཁྲིད་གཅིག་གི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོགས་གསུམ་ཁྲིད་གཅིག་གི་ལམ་ལུགས།
ཚོགས་གསུམ་ཁྲིད་གཅིག་གི་ལམ་ལུགས་ནི་ཏང་གི་འཚོ་བར་རྩ་འཛུགས་བྱེད་པའི་རྩ་བའི་ལམ་ལུགས་ཡིན་ལ། ཏང་གི་གཞི་རིམ་ཀྲི་པུའུ་ཡིས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་ལམ་ལུགས་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ཏང་གི་རྩ་འཛུགས་འཚོ་བ་འཐུས་སྒོ་ཇེ་ཚང་དང་། ཏང་ཡོན་ལ་ནན་ཏན་གྱིས་དོ་དམ་བྱེད་པ། ཏང་ཡོན་སློབ་གསོར་ཤུགས་སྣོན་པའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་མ་ཟད། རང་རྒྱལ་ཏང་གིས་དུས་ཡུན་རིང་བོའི་ལག་ལེན་ཁྲོད་ར་སྤྲོད་བྱུང་བའི་ནུས་ལྡན་གྱི་ཏང་འཛུགས་འཚོ་བའི་ལམ་ལུགས་ཤིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
“三会一课”制度
མིང་གཞན།
ཚོགས་གསུམ་ཁྲིད་གཅིག
ནང་དོན།
ཀྲི་པུའུ་ཏང་ཡོན་ཚོགས་ཆེན། ཀྲི་པུའུ་ཨུ་ཡོན་གྱི་ཚོགས་འདུ། ཏང་ཚོ་ཆུང་གི་ཚོགས་འདུ། ཏང་གི་སློབ་ཁྲིད།
སློབ་སྦྱོང་བྱ་ཡུལ།
ཀྲུང་གོ་གུང་ཁྲན་ཏང་།
1 འགྲེལ་བ།

“ཚོགས་གསུམ”ནི་དུས་བཀག་ལྟར་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཏང་ཚོ་ཆུང་གི་ཚོགས་འདུ་བཅས་འཚོགས་པ་དང་། “ཁྲིད་གཅིག”ནི་དུས་ལྟར་ཏང་གི་སློབ་ཁྲིད་ལེགས་པོར་བྱེད་པ་ལ་གོ།

2 འབྲེལ་ཡོད་ལམ་ལུགས།
2_1 ཀྲི་པུའུ་ཚོགས་འདུའི་ལམ་ལུགས།

གཅིག ཚོགས་འདུའི་དུས་ཚོད། དུས་ཚིགས་རེར་ཐེངས་གཅིག་ལ་འཚོགས་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་དགོས་ལ། ཧྲུའུ་ཅི་མེད་སྐབས་ཧྲུའུ་ཅི་གཞོན་པས་འགན་འཁུར་དགོས།

གཉིས། ཚོགས་ཞུགས་མི་སྣ། ཏང་ཡོན་ཡོངས་རྫོགས་ཞུགས་དགོས་ལ། བྱེ་བྲག་གི་དགོས་མཁོ་ལྟར་ཏང་ཡོན་མིན་པའི་ལས་བྱེད་པ་དང་ཏང་ཞུགས་ཧུར་བརྩོན་མི་སྣ་ཟུར་ཞུགས་བྱེད་པ།

གསུམ། ཚོགས་འདུའི་ནང་དོན།

(1)ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གོང་རིམ་པའི་ཏང་རྩ་འཛུགས་ཀྱི་གྲོས་ཆོད་བཀའ་སློབ་བཅས་ལ་སློབ་སྦྱོང་བྱེད་པ་དང་། ཏང་ཀྲི་པུའུ་ཡི་བྱ་བའི་འཆར་གཞི་དང་ཐབས་ཤེས་གཏན་འབེབས་བྱེད་པ།

(2)དུས་ཚོད་གཏན་འཁེལ་ལྟར་ཀྲི་པུའུ་ཨུ་ཡོན་ཚོགས་པའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། དེ་ཚོའི་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས།

(3)ཏང་ཡོན་གསར་བ་དང་གྲ་སྒྲིག་ཏང་ཡོན་རིམ་སྤར་གཏོང་བའི་ཕྱོགས་ལ་གྲོས་བསྡུར་བྱེད་པ་དང་། ཏང་ཡོན་ལ་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་བྱ་བར་གྲོས་བསྡུར་བྱེད་པ།

(4)ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དང་རིམ་པ་གོང་མའི་ཏང་ཡོན་འཐུས་ཚོགས་ཚབ་བྱེད་མི་སྣ་འདེམས་སྒྲུག་བྱེད་པ།

(5)ཀྲི་པུའུ་ཚོགས་ཆེན་ནས་ཐག་བཅད་ཟིན་པའི་དོན་དག་གལ་ཆེན་གཞན་དག་ལ་གྲོས་བསྡུར་བྱེད་པ།

བཞི། གྲོས་ཚོགས་ལས་བྱུང་བའི་གྲོས་ཆོད་ལ་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ནས་ཞིབ་བཤེར་དང་དོན་འཁྱོལ་བྱེད་པའི་འགན་འཁུར་བ།

ལྔ། ཚོགས་འདུའི་ཟིན་ཐོ། ཀྲི་པུའུ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་ཚོགས་འདུའི་སྐབས་ཀྱི་ནང་སོན་ཟིན་ཐོ་འགོད་པའི་འགན་ལེན་དགོས་པ་དང་། ཚོགས་འདུའི་ཟིན་ཐོ་ཉར་ཚགས་གནང་བ་དང་ཡིག་ཚག་ཏུ་བཞག་སྟེ་ལོ་མཇུག་ཞིབ་བཤེར་བྱེད་པར་སྤྱོད་དགོས།

2_2 ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ལམ་ལུགས། 

གཅིག ཚོགས་འདུའི་དུས་ཚོད། ཟླ་རེར་ཐེངས་གཅིག་ལ་འཚོགས་དགོས།

གཉིས། ཚོགས་ཞུགས་མི་སྣ། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་མི་ཡོད་དོ་ཅོག་ཞུགས་དགོས། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཚོགས་འདུར་འགོ་འཛིན་གནང་དགོས་ལ། ཧྲུའུ་ཅི་མེད་སྐབས་ཧྲུའུ་ཅི་གཞོན་པས་འགན་འཁུར་དགོས།

གསུམ། ཚོགས་འདུའི་ནང་དོན།

(1)རིམ་པ་གོང་མའི་ཏང་རྩ་འཛུགས་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་གྱི་གྲོས་ཆོད་དང་བསམ་འཆར་ལ་ཞིབ་འཇུག་སྒོས་དོན་འཁྱོལ་བྱེད་པ།

(2)ཀྲི་པུའུ་ཡི་ལོ་འཁོར་བྱ་བའི་འཆར་གཞི་དང་སྤྱི་སྡོམ་ལ་གྲོས་བསྡུར་གནང་བ།

(3)གཞན་ལ་སྐྱོན་བརྗོད་དང་རང་སྐྱོན་རང་གིས་བརྗོད་པ།

(4)ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པའི་བྱེད་སྒོ་སྤེལ་བ།

(5)ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྐྱོང་སློབ་གསོ་དང་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་ལ་ཞིབ་འཇུག་བྱས་ཏེ། ཏང་ཡོན་ཕུལ་བྱུང་ཅན་འདེམ་པ།

(6)ཀྲི་པུའུ་བྱ་བའི་དོན་དག་གལ་ཆེན་དང་བྱ་བའི་བྱེད་ཐབས་གལ་ཆེན་གྱི་རིགས་སུ་གྱུར་བར་གྲོས་བསྡུར་བྱེད་པ།

བཞི། ཚོགས་འདུའི་བླང་བྱ།

ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་དོན་དག་གལ་ཆེན་ཐག་གཅོད་སྐབས་ཀྲི་པུའུ་ཨུ་ཡོན་ཡོངས་ཀྱི་གྲངས་ཕྱེད་ཀ་ལས་བརྒལ་དགོས་ཏེ། དཔེར་ན་གནད་དོན་ཚབས་ཆེ་བའི་རིགས་ཐག་གཅོད་སྐབས་ཨུ་ཡོན་གྱི་གྲངས་ཀ་གཏན་ཁེལ་ལྟར་ཐོན་མེད་ཚེ། ཏང་ཡོན་ཚོགས་ཆེན་ལ་སྤྲད་དེ་ཐག་གཅོད་དགོས།

ལྔ། གྲོས་ཚོགས་ལས་ཐག་བཅད་ཟིན་པའི་གྲོས་ཆོད་དག་འབྲེལ་ཡོད་ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིས་ཞེབ་བཤེར་དོན་འཁྱོལ་བྱས་ཏེ་ལག་བསྟར་ཧྲུའུ་ཅི་ལ་སྙན་ཞུ་འབུལ་དགོས།

དྲུག ཚོགས་འདུའི་ཟིན་ཐོ། ཚོགས་འདུའི་ཟིན་ཐོ་འགོད་མཁན་ཆེད་དུ་གཏན་ཁེལ་བྱས་ཏེ་ཚོགས་འདུའི་དུས་ཚོད་དང་ས་གནས། འགོ་འཛིན་པ། ཚོགས་ཆད་མི་སྣའི་མིང་ཐོ། ཚོགས་འདུའི་གྲོས་གཞི། ཚོགས་འདུའི་གྲོས་ཆོད་བཅས་གསལ་བོར་ཟིན་ཐོར་འགོད་དགོས། དེ་མིན་ཚོགས་འདུའི་ཟིན་ཐོ་ཆེད་དུ་ཡིག་ཚག་ཏུ་བསྡུ་ཉར་བྱས་ཏེ་ཞིབ་བཤེར་བྱེད་པར་སྤྱོད་དགོས།

2_3 ཏང་གི་ཚོ་ཆུང་ཚོགས་འདུའི་ལམ་ལུགས།

གཅིག ཚོགས་འདུའི་དུས་ཚོད། མ་མཐའ་ཡང་ཟླ་རེར་ཐེངས་གཅིག་ལ་འཚོགས་དགོས།

ཚོགས་ཞུགས་མི་སྣ། ཚོ་ཆུང་གི་ཏང་ཡོན་ཡོད་དོ་ཅོག་ཞུགས་དགོས་ཤིང་། ཏང་གི་ཚོ་ཆུང་གི་ཚོགས་གཙོའི་འགོ་འཛིན་གནང་དགོས།

གསུམ། ཚོགས་འདུའི་ནང་དོན་གཙོ་བོ།

(1)མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཏང་གི་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་དགོས།

(2)ཀྲི་པུའུ་ཡི་ཆོད་ཡིག་གི་ནང་དོན་བརྒྱུད་སྤྲོད་བྱེད་པ་དང་། ཀྲི་པུའུ་ཡི་ཆོད་ཡིག་ལས་བསྟན་པའི་བྱེ་བྲག་གི་བྱེད་ཕྱོགས་དང་ཏང་ཡོན་སོ་སོ་ནས་འཁུར་དགོས་པའི་ལས་འགན་ཕྱོགས་གྲོས་བསྡུར་དང་དོན་འཁྱོལ་བྱེད་དགོས།

(3)ཏང་ཡོན་ནས་བསམ་བློ་དང་། ལས་ཀ སློབ་སྦྱོང་། དེ་མིན་ཏང་ཀྲི་པུའུ་ཡི་ཆོད་ཡིག་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་འབུལ་དགོས།

(4)གཞན་ལ་སྐྱོན་བརྗོད་དང་རང་སྐྱོན་རང་གིས་བརྗོད་པ།

(5)དུས་ཚོད་གཏན་ཁེལ་གྱིས་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པའི་བྱེད་སྒོ་སྤེལ་བ།

བཞི། ཕན་འབྲས་གཙོར་འཛིན། ཚོགས་འདུའི་སྔོན་ལ་སྟ་གོན་དང་། ཚོགས་འདུའི་ནང་དོན་ཕྱོགས་གཅིག་ཏུ་འབབ་པ། ཚོགས་འདུའི་ཁ་གཏད་སའི་གནད་དོན་གསལ་བོ་ཡིན་པ། གནད་དོན་གཅིག་དང་གཉིས་ལ་དམིགས་ཏེ་ཐག་གཅོད་པའི་བྱེད་ཕྱོགས་གཙོར་འཛིན་དགོས།

ལྔ། ཚོགས་འདུའི་ཟིན་ཐོ། ཚོགས་འདུའི་ཟིན་ཐོ་འགོད་མཁན་ཆེད་དུ་གཏན་ཁེལ་བྱེད་པ་དང་། ཚོགས་འདུའི་ཟིན་ཐོ་ཉར་ཚགས་གནང་བ་དང་ཡིག་ཚག་ཏུ་བཞག་སྟེ་ལོ་མཇུག་ཞིབ་བཤེར་བྱེད་པར་སྤྱོད་དགོས།

2_4 ཏང་གི་སློབ་ཁྲིད་ལམ་ལུགས།

གཅིག སློབ་ཁྲིད་དུས་ཚོད། ལོ་རེར་ཐེངས་བཞི་ལས་མི་ཉུང་བ་ཞིག་འཚོགས་དགོས་ཤིང་། ཀྲི་པུའུ་སོ་སོ་ནས་འགན་བླངས་ཏེ་ལག་བསྟར་བྱེད་དགོས། ཏང་གི་སློབ་ཁྲིད་རེ་རེར་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་ན་འཚམ་ཞིང་། སྤྱིར་བཏང་ཏང་ཞུགས་ཧུར་བརྩོན་ཅན་ཚོ་ཡང་སློབ་ཁྲིད་ལ་ཞུགས་འོས།

གཉིས། སློབ་ཁྲིད་ནང་དོན།

(1)ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱེད་པ།

(2)ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་སློབ་སྦྱོང་བྱེད་པ།

(3)ཏང་འཛུགས་སྐྱོང་དང་འབྲེལ་བའི་གཞུང་ལུགས་དང་ཤེས་བྱ་ལ་སློབ་སྦྱོང་བྱེད་པ།

(4)མིག་སྔའི་གནས་བབ་ལ་གཞིགས་ཏེ་ཏང་ཡོན་ཚོར་སྔོན་ཐོན་རང་བཞིན་གྱི་སློབ་གསོ་དང་གནས་བབ། འགན་བབ་སློབ་གསོ་བཅས་གཏོང་དགོས།

གསུམ། སློབ་ཁྲིད་ཀྱི་བླང་བྱ།

(1)ཏང་གི་སློབ་ཁྲིད་ཀྱི་འཆར་གཞི་ནན་ཏན་གྱིས་བཟོ་དགོས་ཤིང་། རྩ་འཛུགས་ཨུ་ཡོན་ནས་འགན་ལེན་དགོས།

(2)ལས་ཞུགས་ཞིབ་བཤེར་གྱི་ལམ་ལུགས་འཛུགས་དགོས་ཤིང་། གནས་ཚལ་དམིགས་བསལ་བ་མེད་ན་སློབ་ཁྲིད་ལ་དུས་ལྟར་ཞུགས་པ། གནས་ཚུལ་དམིགས་བསལ་བའི་དབང་གིས་སློབ་ཁྲིད་ལ་ཞུགས་མ་ཐུབ་ཚེ་ཟུར་ནས་ཁ་གསབ་ཀྱི་ཚུལ་དུ་སློབ་སྦྱོང་བྱེད་དགོས།

(3)ཀྲི་པུའུ་ཧྲུའུ་ཅི་ནས་སློབ་ཁྲིད་ཀྱི་འགན་བཞེས་པ་དང་། ཡང་ན་རིམ་པ་གོང་མའི་འགོ་ཁྲིད་མི་སྣ་དང་མི་སྣ་དཔེ་ལེགས་ཅན། སློབ་ཁྲིད་ཐུབ་པའི་འགན་ལེན་མི་སྣ་གཞན་དག་གདན་དྲངས་ཏེ་སློབ་ཁྲིད་བྱས་ཀྱང་ཆོག སློབ་ཐུན་རེ་རེར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་དགོས་ཤིང་། ནང་དོན་དོན་དངོས་དང་མཐུན་དགོས། འབྲས་བུ་མངོན་གསལ་དུ་ལོན་པ་གཙོར་འཛིན་དགོས།

(4)སློབ་ཁྲིད་རེ་རེར་ཟིན་བྲིས་ཞིབ་མོར་བཀོད་ནས་གོང་རིམ་གྱིས་ཞིབ་བཤེར་བྱེད་པར་གྲ་སྒྲིག་བྱེད་དགོས།

3 ནང་དོན་གཙོ་བོ།
3_1 ཀྲི་པུའུ་ཨུ་ཡོན་ཚོགས་འདུ།

ཟླ་རེར་ཐེངས་གཅིག་འཚོགས་པ། སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ནས་འགོ་འཛིན་དགོས། ཚོགས་འདུའི་ནང་དོན་གཙོ་བོ་གཤམ་ལྟར།

1.གོང་རིམ་ཏང་རྩ་འཛུགས་ཀྱི་ཆོད་ཡིག་དང་བཀའ་སློབ་ལག་བསྟར་དོན་འཁྱོལ་བྱེད་པ།

2. འགྲུབ་ཟིན་པའི་བྱ་བའི་བྱེད་ཕྱོགས་ཐད་གྲོས་བསྡུར་གནང་བ།

3.ཏང་འཛུགས་སྐྱོང་དང་ཏང་ཡོན་དོ་དམ་ཕྱོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ།

4 .ལས་བྱེད་པ་འདེམས་སྒྲུག་དང་བསྐྱར་སྒྲིག་ཕྱོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་པ།

5 . ཏང་ཡོན་གསར་བ་གསོ་སྐྱོང་གི་གནད་དོན་ཐད་ཞིབ་འཇུག་བྱེད་པ།

6 .བཟོ་བ་གྲལ་རིམ་དང་། ན་གཞོན། བུད་མེད་སོགས་མང་ཚོགས་ཀྱི་གནད་དོན་ལ་གྲོས་བསྡུར་གནང་བ།

3_2 ཀྲི་པུའུ་ཏང་ཡོན་ཚོགས་ཆེན།

དུས་ཚིགས་རེར་ཐེངས་གཅིག་ལ་བསྡུ་དགོས་ཤིང་། ཧྲུའུ་ཅི་དང་ཡང་ན་ཧྲུའུ་ཅི་གཞོན་པ་ནས་འགོ་འཛིན་དགོས། ནང་དོན་གཙོ་བོ་གཤམ་ལྟར།

1.ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རིམ་པ་གོང་མའི་ཏང་རྩ་འཛུགས་ཀྱི་ཆོད་ཡིག་དང་བཀའ་སློབ། ལམ་ལུགས་བཅས་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པ། དེ་མིན་ཀྲི་པུའུ་ནང་ཁུལ་ནས་འཆར་གཞི་བཟོས་ཏེ་ཐབས་ཤེས་གཏན་ཁེལ་བྱེད་པ།

2.ཀྲི་པུའུ་ཨུ་ཡོན་ཚོགས་པའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། དེ་ཚོའི་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས།

3.ཏང་ཡོན་གསར་བ་དང་གྲ་སྒྲིག་ཏང་ཡོན་རིམ་སྤར་གཏོང་བའི་ཕྱོགས་ལ་གྲོས་བསྡུར་བྱེད་པ་དང་། ཏང་ཡོན་ལ་བྱ་དགའ་སྟེར་བ་དང་ཆད་པ་གཅོད་པའི་བྱ་བར་གྲོས་བསྡུར་བྱེད་པ།

4.ཀྲི་པུའུ་ཨུ་ཡོན་ལྷན་ཚོགས་དང་རིམ་པ་གོང་མའི་ཏང་གི་འཐུས་ཚོགས་སུ་ཞུགས་མཁན་འདེམ་བསྐོ་བྱེད་པ།

5.ཀྲི་པུའུ་ཏང་ཡོན་ཚོགས་ཆེན་ནས་གྲོས་བསྡུར་དང་ཐག་གཅོད་དགོས་པའི་གནད་དོན་ལ་གྲོས་བསྡུར་བྱེད་པ།

3_3  ཏང་ཚོ་ཆུང་གི་ཚོགས་འདུ།

ཟླ་རེར་ཐེངས་གཅིག་ལ་བསྡུ་དགོས་ཤིང་། ཚོ་ཆུང་གི་ཚན་གཙོས་འགོ་འཛིན་གནང་དགོས།

1.རིམ་པ་གོང་མའི་རྩ་འཛུགས་དང་འབྲེལ་བའི་ཡིག་ཆ་དང་ཏང་གི་ཚགས་པར། དུས་དེབ། ཡིག་ཆ་གཞན་པའི་ནང་དོན་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། སྔོན་ཐོན་ཏང་ཡོན་གྱི་དཔེ་ལེགས་བྱས་རྗེས་ལ་སློབ་སྦྱོང་བྱེད་དགོས།

2.ཏང་ཡོན་རང་ངོས་ནས་བསམ་བློ་དང་སློབ་སྦྱོང་གི་བྱ་བར་སྙན་ཞུ་འབུལ་དགོས་པ་མ་ཟད། ཚོ་ཆུང་ནང་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློར་དབྱེ་ཞིབ་བཏང་སྟེ། གཞན་སྐྱོན་དང་རང་སྐྱོན་རང་གིས་བརྗོད་དགོས།

3.ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་དང་སློབ་གསོ། དེ་མིན་འཕེལ་རྒྱས་དང་རིམ་སྤར་གནས་ཚུལ་ལ་ཞིབ་འཇུག་བྱེད་པ།

4.ཚོ་ཆུང་གི་འགོ་འཛིན་བསྐྱར་འདེམས། ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་འོས་མི་ནང་མོལ་བྱེད་པ། རིམ་པ་གོང་མའི་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་མཁན་འཐུས་མིའི་འོས་མི་བཅས་བསྐྱར་འདེམས་བྱེད་པ།

5. ཕུལ་བྱུང་ཏང་ཡོན་དཔྱད་འདེམས་དང་། ཏང་ཡོན་ལ་ཆད་པ་གཅོད་པ་དང་ཏང་གི་ལས་དོན་ཐད་ཀྱི་བྱ་བ་སྣ་ཚོགས་ལ་གྲོས་བསྡུར་བྱེད་དགོས།

3_4  ཏང་གི་སློབ་ཁྲིད། 

ཏང་གི་སློབ་ཁྲིད་ལོ་རེར་ཐེངས་བཞི་ལས་མི་ཉུང་བར་གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་ན་ལེགས། སློབ་ཁྲིད་གྱི་ནང་དོན་ནི་དུས་སྐབས་སོ་སོའི་གནས་བབ་དང་ལས་འགན་ལ་དམིགས་ནས་ཏང་གི་ལས་ཀ་ལྟེ་བར་འཛིན་པ་དང་། སྡེ་ཚན་དེ་གའི་ཏང་ཡོན་གྱི་གནས་ཚུལ་དང་ཐོན་སྐྱེད་གཉེར་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསོན་ཉམས་ལྡན་ཞིང་དམིགས་ས་ཡོད་པའི་སྒོ་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཏང་གི་གཞི་རྩའི་ཤེས་བྱ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་ལྡན་པའི་སློབ་གསོ་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པ་དངོས་སུ་ཕེབས་ནས་སློབ་ཁྲིད་བྱེད་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-05

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།