སི་ཁྲོན་བཟོ་ཚོང་སློབ་གླིང་།

སི་ཁྲོན་བཟོ་ཚོང་སློབ་གླིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2020ལོའི་ཟླ10པར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པར་ལྟར་ན། སློབ་གླིང་དུ་གཉིས་ཐིག་ཁྲིན་ཏུའུ་དང་མེ་ཧྲན་སློབ་ཁུལ་གཉིས་ཡོད། རྒྱ་ཁྱོན་ལ་མུའུ1600ལྷག་ཙམ་ཡོད། སློབ་གྲྭར་ཡོད་པའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ་ཁྲི2ལྷག་ཙམ་ཡོད།
སི་ཁྲོན་དགེ་འོས་སློབ་ཆེན་ཁྲིན་ཏུའུ་སློབ་གླིང་།
སྤྱི་ལོ2001ལོར་སི་ཁྲོན་ཞིང་ཆེན་ཅིན་ཧུང་ཚན་རྩལ་སློབ་གསོ་གསར་སྤེལ་ཚད་ཡོད་ཀུང་སི་དང་སི་ཁྲོན་དགེ་ཐོན་སློབ་ཆེན་གཉིས་གྱིས་སི་ཁྲོན་དགེ་འོས་སློབ་ཆེན་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་མཉམ་འཛུགས་བྱས།
སྤྱི་ལོ2004ལོར་སི་ཁྲོན་དགེ་ཐོན་སློབ་ཆེན་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་དེ་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་ནས་རང་ཚུགས་སློབ་གླིང་དུ་བཙུགས་ཏེ་སི་ཁྲོན་དགེ་འོས་སློབ་ཆེན་ཁྲིན་ཏུའུ་སློབ་གླིང་དུ་བསྒྱུར།
སྤྱི་ལོ2014ལོའི་ཟླ9པར་སི་ཁྲོན་དགེ་ཐོན་སློབ་ཆེན་ཁྲིན་ཏུའུ་སློབ་གླིང་གི་མེ་ཧྲན་སློབ་ཁུལ་དངོས་སུ་སྤྱོད་འགོ་ཚུགས།
སི་ཁྲོན་བཟོ་ཚོང་སློབ་གླིང་།
སྤྱི་ལོ2015ལོའི་ཟླ4པར། སི་ཁྲོན་དགེ་ཐོན་སློབ་ཆེན་ཁྲིན་ཏུའུ་སློབ་གླིང་གིས་རང་ཚུགས་དམངས་གཉེར་མཐོ་སློབ་དཀྱུས་མ་བསྒྱུར་ཏེ་སི་ཁྲོན་བཟོ་ཚོང་སློབ་གླིང་ཞེས་མིང་བསྒྱུར།
སྤྱི་ལོ2020ལོའི་ཟླ10པའི་བར། སློབ་གླིང་དུ་སློབ་གསོ་པུའུ་ཡིICTཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གསར་གཏོད་རྟེན་གཞི1དང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2ཡོད། ཞིང་ཆེན་རིམ་པའི་གློག་རྡུལ་དང་གློག་འཕྲིན་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1ཕྱི་རྒྱལ་གྱི་དངོས་སྦྱོང་རྟེན་གཞི77དང་སློབ་གྲྭའི་ཚོད་ལྟའི་དངོས་སྦྱོང་ཁང171ཡོད། སློབ་གྲྭའི་ནང་ཁུལ་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྟེན་གཞི། སློབ་ཕྱིའི་ཞིང་ཆེན་རིམ་པའི་སློབ་ཆེན་སློབ་མའི་ལག་ལེན་སློབ་གསོའི་རྟེན་གཞི། སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་སློབ་ཁྲིད་ལག་ལེན་རྟེན་གཞི145བཅས་ཡོད། དེའི་ནང་རླངས་འཁོར་དང་གློག་ཁྲིད་ཚོད་ལྟ་ཁང་། ཟོག་སྦྲེལ་དྲ་རྒྱའི་ཚོད་ལྟ་ཁང་། རླབས་ཕྲན་ཚོད་ལྟ་ཁང་། ERPདངོས་སྦྱོང་ཁང་། གློག་རྡུལ་ཚོང་དོན་དངོས་སྦྱོང་ཁང་། སྤྱི་ཚོགས་ལས་དོན་ཆེད་ལས་དངོས་སྦྱོང་ཁང་། སློབ་སྔོན་སློབ་གསོའི་ཆེད་ལས་དངོས་སྦྱོང་རྟེན་གཞི་སོགས་ཚུད་ཡོད།
སྤྱི་ལོ2020ལོའི་ཟླ10པའི་བར། དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ་ཁྲི223ཙམ་དང་གློག་རྡུལ་དཔེ་དེབ་ཁྲི100ལྷག་ཙམ་ཡོད། དུས་དེབ་རིགས2122བཅས་ཡོད།
སློབ་གླིང་དུ་རིམ་པ་གཉིས་པའི་སློབ་གླིང11བཙུགས་ཡོད་པ་དང་། དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས72བཙུགས་ཡོད། དེའི་ནང་དངོས་གཞིའི་ཚན་ཁག་གི་ཆེད་ལས36ཡོད་དེ། དཔལ་འབྱོར་དང་། དོ་དམ། བཟོ་རིག སྤྱི་ཚོགས་ཚན་རིག སློབ་གསོ། ཁྲིམས་ལུགས། སྒྱུ་རྩལ་བཅས་རིག་ཚན་བདུན་གྱི་ཚུད་ཡོད།
སྤྱི་ལོ2020ལོའི་ཟླ10པར། སློབ་གླིང་དུ་མཐོ་རིམ་གོ་མིང་དགེ་རྒན210ཡོད་པ་དང་། འབུམ་རམས་པ་དང་རབ་འབྱམས་པ500ལྷག་ཙམ་ཡོད།
སྤྱི་ལོ2020ལོའི་ཟླ10པར། སློབ་གླིང་དུ་ཞིང་ཆེན་གྱི་དངོས་སྤྱོད་རྣམ་པའི་དཔེ་སྟོན་ཆེད་ལས6ཡོད་པ་དང་། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་བཀོལ་སྤྱོད་རྣམ་པའི་དཔེ་སྟོན་ཆེད་ལས་འཛུགས་སྐྲུན་ཆེད་ལས1ཡོད། སི་ཁྲོན་ཞིང་ཆེན་གྱི་རིམ་པ་དང་པོའི་ཉེར་སྤྱོད་རྣམ་པའི་དཔེ་སྟོན་ཆེད་ལས2དང་སི་ཁྲོན་ཞིང་ཆེན་གྱི་དངོས་གཞིའི་ཚན་ཁག་དཀྱུས་མའི་མཐོ་སློབ་ཀྱི་ཉེར་སྤྱོད་རྣམ་པའི་དཔེ་སྟོན་ཆེད་ལས1ཡོད། དམངས་གཉེར་མཐོ་སློབ་ཀྱི་ཁྱད་ལྡན་གཙོ་གནད་ཆེད་ལས1བཅས་བསྐྲུན་ཡོད།
སི་ཁྲོན་གྱི་སྤྱི་ཚོགས་ཁྲོད་བློ་ཡིད་ཚིམ་ཚད་མཐོ་ཤོས་ཀྱི་མཐོ་སློབ་བཅུའི་གྲས།
ཐེང་ཞུན་དྲ་བའི་ལོ་བཅུའི་ནང་འགོ་ཁྲིད་ཀྱི་ནུས་པ་ཆེ་ཤོས་ལྡན་པའི་རང་ཚུགས་སློབ་གླིང་།
སི་ཁྲོན་ཞིང་ཆེན་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ཚན་པ།
རྒྱལ་ཡོངས་ཀྱི་ཚོང་ལས་ཞབས་ཞུའི་ལས་རིགས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་ཤེས་ལྡན་པ་གསོ་སྐྱོང་གི་ཕུལ་བྱུང་སློབ་གླིང་།
རྒྱལ་ཡོངས་ཚོང་ལས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོ་སྐབས་ལྔ་པའི་སྤུས་རྟགས་ཇུས་འགོད་ཆེད་ལས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ།
སི་ཁྲོན་ཞིང་ཆེན་མཐོ་སློབ་ཀྱི་བཟའ་བཏུང་ལས་ཀའི་སྔོན་ཐོན་ཚན་པ།
སི་ཁྲོན་ཞིང་ཆེན་མཐོ་སློབ་མཁོ་སྒྲུབ་སྒུལ་ཤུགས་དང་ནུས་རྒྱུ་གྲོན་ཆུང་ལས་དོན་གྱི་སྔོན་ཐོན་ཚན་པ།
སི་ཁྲོན་ཞིང་ཆེན་གྱི་ལྗང་བསྒྱུར་སྔོན་ཐོན་ཚན་པ།
སློབ་གཙོ། ཞཱ་མིང་ཀྲུང་།
ཏང་ཨུའི་ཧྲུའུ་ཅི། ཧུའུ་ཙེང་ཅུན།
སློབ་གཙོ་གཞོན་པ། ཀྲང་ཞའོ་ཀྲོའུ།
ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་གཞོན་པ། དབྱང་ཧྥུ་ཙི།
སློབ་གཙོ་གཞོན་པ། ཧུའུ་ཡན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-11-05
གསར་སྤེལ་མཁན། :འཁོན་མགོན་པོ།