ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྔོན་ཆད་ཀྱི་སྤྱི་ལོ1958ལོར་བཙུགས་པའི་ཧུའུ་ནན་ཞིང་ཆེན་ཏའོ་རྫོང་དགེ་འོས་སློབ་གྲྭ་དང་སྤྱི་ལོ1979ལོར་བཙུགས་པའི་ཆི་དབྱང་དགེ་འོས་སློབ་གྲྭ་ཡིན། སྤྱི་ལོ2020ལོར་ཏའོ་རྫོང་དགེ་འོས་སློབ་གྲྭ་དང་ཆི་དབྱང་དགེ་འོས་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས། ཡུང་ཀྲོའུ་གྲོང་ཁྱེར་གྱི་ལིན་ལིན་ཆུས་ནུབ་ལམ་གྱི་བྱང་ངོས་སུ་གནས་ཡོད་ཅིང་། རྒྱ་ཁྱོན་མུའུ503.37ཟིན་པ་དང་འཆར་འགོད་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི17.9ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
永州师范高等专科学校
བཙུགས་ལོ།
སྤྱི་ལོ1958ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
དགེ་འོས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཧུའུ་ནན་ཞིང་ཆེན་སློབ་གསོ་ཐིང་།
གནས་ཡུལ།
ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ལིན་ལིན་ཆུས་ནུབ་ལམ།
ཁོངས་གཏོགས་ཁེ་ལས།
ལས་དོན་ལས་ཁུངས།
སློབ་གྲྭའི་ཚབ་ཨང་།
112402
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སློབ་ཆུང་སློབ་གསོའི་སློབ་གླིང་། སློབ་ཞུགས་སྔོན་གྱི་སློབ་གསོའི་སློབ་གླིང་། རྩིས་རིག་སློབ་གླིང་། སྒྱུ་རྩལ་སློབ་གླིང་། རྨང་གཞིའི་སློབ་གསོའི་སློབ་གླིང་སོགས་ཡོད།
1 ངོ་སྤྲོད།  

ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་སྤྱི་ལོ2020ལོའི་ཟླ5པར་ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་པ་དང་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གྲྭ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཡུང་ཀྲོའུ་གྲོང་ཁྱེར་གྱི་ལིན་ལིན་ཆུས་སུ་གནས་ཡོད། མྱུར་བགྲོད་ལྕགས་ལམ་དང་། མྱུར་བགྲོད་རླངས་འཁོར། གནམ་ཐང་བཅས་ཕྱོགས་གསུམ་གཞི་གཅིག་གི་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་པས་འགྲིམ་འགྲུལ་སྟབས་བདེ་བྱུང་ཡོད། སློབ་ཁུལ་གསར་པ་སྤྱི་ལོ2019ལོའི་ཟླ7པར་དངོས་སུ་སྤྱོད་འགོ་ཚུགས། རྒྱ་ཁྱོན་མུའུ503.7ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི17.9ཟིན་ཡོད། སློབ་གྲྭའི་བཀོད་པ་ལུགས་མཐུན་དང་། ནུས་པ་ཆ་ཚང་། ཁོར་ཡུག་མཛེས་པ་བཅས་རྒྱ་ཆེའི་སློབ་མ་སློབ་གཉེར་བྱེད་སའི་གནས་མལ་ཡག་ཤོས་ཤིག་ཡིན། སློབ་གྲྭའི་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་དང་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི7800ལྷག་ཙམ་ཟིན་ཡོད། སློབ་ཁྲིད་རྩིས་འཁོར900དང་། ཀང་ཆིན་དང་། གློག་དཀྲོལ་ཀང་ཆིན685 ཤོག་རིགས་དཔེ་དེབ་ཁྲི48ཡོད་པ་དང་སློབ་ཁང224ཚང་མར་རིག་ལྡན་ནག་པང་དང་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་མ་ལག་སྒྲིག་སྦྱོར་བྱས་ཡོད། སྒྲིག་ཆས་ཝེ་ཀེ་སློབ་ཁང་དང་། མོང་ཐའེ་སུའོ་ལི་སློབ་ཁང་། སྒྲ་ཕབ་ཁང་། གློག་རྡུལ་དཔེ་དེབ་བཅའ་ཁྲིམས་སློབ་ཁང་སོགས་དངོས་སྦྱོང་ཁང344ཡོད་ལ། སྒྲིག་བཀོད་དང་སྒྲིག་ཆས་ཚང་མ་འཛོམས་པ་དང་སློབ་གཉེར་གྱི་དགོས་མཁོ་སྐོང་གང་ཐུབ་བྱས།    སློབ་གྲྭས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་། དགེ་རྒན་གྱི་སློབ་གསོ་བརྟན་སྲུང་དང་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་དགེ་རྒན་གསོ་སྐྱོང་བྱེད་པར་རྐང་བཙུགས། སྤྱི་ཚོགས་ལ་རིགས་ཁག་གི་ཤེས་ལྡན་པ་ཁྲི6ལྷག་ཙམ་དང་སློབ་གསོའི་རིགས་ཀྱི་ཤེས་ལྡན་པ་ཁྲི5ཙམ་གསོ་སྐྱོང་བྱས་ཡོད།

2 ལོ་རྒྱུས་འཕེལ་རིམ།   

སྤྱི་ལོ1958ལོར་ཏའོ་རྫོང་དགེ་འོས་སློབ་གྲྭ་བཙུགས།    

སྤྱི་ལོ1968ལོར་ཏའོ་རྫོང་དགེ་འོས་སློབ་གྲྭ་གཉེར་མཚམས་བཞག

སྤྱི་ལོ1971ལོར་ཧུའུ་ནན་ཞིང་ཆེན་ཏའོ་རྫོང་དགེ་རྒན་སྦྱོང་བརྡར་འཛིན་གྲྭ་སླར་གསོ་བྱས།   

སྤྱི་ལོ1974ལོར་ཧུའུ་ནན་ཞིང་ཆེན་ཏའོ་རྫོང་དགེ་རྒན་སྦྱོང་བརྡར་འཛིན་གྲྭར་ཏའོ་རྫོང་དགེ་འོས་སློབ་གྲྭ་ཞེས་པར་བསྒྱུར། 

སྤྱི་ལོ1979ལོར་ཆི་དབྱང་དགེ་འོས་སློབ་གྲྭ་བཙུགས།   

སྤྱི་ལོ2002ལོར་ཡུང་ཀྲོའུ་གྲོང་ཁྱེར་གྱི་དགེ་རྒན་རྒྱུན་མཐུད་སློབ་གསོའི་ལྟེ་གནས་བཙུགས།     

སྤྱི་ལོ2020ལོའི་ཟླ5པར། རྫོང་དགེ་འོས་སློབ་གྲྭ་དང་ཆི་དབྱང་དགེ་འོས་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཡུང་ཀྲོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་རིམ་སྤར་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།