ཀོང་ཏུང་ནོར་དཔལ་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཏུང་ནོར་དཔལ་སློབ་ཆེན།
ཀོང་ཏུང་ནོར་དཔལ་སློབ་ཆེན་ནི(GuangdongUniversityofFinanceYEconomics)དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། ཁྲིམས་ལུགས་རིག་པ་བཅས་གཙོ་བོ་ཞིག་ཡིན། དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། ཁྲིམས་ལུགས་རིག་པ། རྩོམ་རིག རང་བྱུང་ཚན་རིག བཟོ་རིག སྒྱུ་རྩལ་རིག་པ་སོགས་རིག་ཚན་མང་པོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་སློབ་ཆེན་དང་། ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། སློབ་གསོ་པུའུ་ཡི“1+2+1ཀྲུང་གོ་དང་ཨ་རིའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི”དང་། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སྦྱོང་བརྡར་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི། སློབ་གསོ་པུའུ་ཡི“ཀྲུང་གོ་དང་ཨ་རིའི་གཞོན་ནུའི་ལས་གཏོད་པ་སྤེལ་རེས་ལྟེ་གནས”ཀྱི་ཚན་པ། སློབ་གསོ་པུའུ་ཡི་ཁག་དང་པོའི་ཞིབ་འཇུག་སློབ་མའི་སློབ་ཚན་འཛུགས་སྐྱོང་ཚོད་ལྟའི་ཚན་པ། ཀོང་ཏུང་ཞིང་ཆེན་གྱི་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ། ཀོང་ཏུང་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སློབ་གསོའི་དཔེ་སྟོན་སློབ་གྲྭ། “རྒྱུད་གཅིག་ལམ་གཅིག”གི་མཐོ་སློབ་མནའ་འབྲེལ་དང་། རྒྱལ་ཡོངས་ནོར་དཔལ་སློབ་གླིང་གི“རྒྱུད་གཅིག་ལམ་གཅིག”གི་སློབ་གསོ་རྒྱལ་སྤྱི་ཅན་གྱི་ཐོན་སློབ་ཞིབ་གསུམ་མཉམ་འབྲེལ་མནའ་འབྲེལ་གྱི་ཁོངས་མིའི་ཚན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广东财经大学
ཕྱི་ཡིག་གི་མིང་།
Guangdong University of Finance & Economics
བཙུགས་ལོ།
སྤྱི་ལོ1983ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཀོང་ཏུང་ཞིང་ཆེན།
གནས་ཡུལ།
ཀོང་ཀྲོའུ་གྲོང་ཁྱེར་ཧའེ་ཀྲུའུ་ཆུས་ལམ་གྱི་ཨང21པ།
སློབ་གླིང་དང་ཚན་ཁག་གི་བཀོད་སྒྲིག
རིམ་པ་གཉིས་པའི་སློབ་གླིང22བཅས་ཡོད།
སློབ་གྲྭའི་ཚབ་ཨང་།
10592
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2011ལོའི་ཟླ3པར་ཀོང་ཏུང་ཚོང་ལས་སློབ་གླིང་གིས་ཀོང་ཀྲོའུ་གྲོང་ཁྱེར་ས་གནས་ཁྲལ་དོན་ཅུས་དང་མཉམ་དུ་ཀོང་ཏུང་ནོར་དཔལ་སློབ་ཆེན་ཁྲལ་དོན་ལས་བྱེད་པའི་ཟབ་སྦྱོང་སློབ་གླིང་བཙུགས།     

སྤྱི་ལོ2012ལོར་ཀོང་ཏུང་ཚོང་ལས་སློབ་གླིང་རྒྱལ་ཁབ་ཀྱི་ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་ཁག་དང་པོར་བདམས།

སྤྱི་ལོ2013ལོའི་ཟླ6པའི་ཚེས19ཉིན། སློབ་གསོ་པུའུ་ཡིས་ཀོང་ཏུང་ཚོང་ལས་སློབ་གླིང་གི་མིང་དེ་ཀོང་ཏུང་ནོར་དཔལ་སློབ་ཆེན་དུ་བསྒྱུར་བར་འཐད་པ་བྱུང་། ཀོང་ཏུང་ཚོང་ལས་སློབ་གླིང་གི་སྒྲིག་གཞི་ཕྱིར་འཐེན་བྱས།    

སྤྱི་ལོ2017ལོའི་ཟླ6པར། ཀོང་ཏུང་ཞིང་ཆེན་ཡོན་གནས་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ2017ལོའི་འབུམ་རམས་པའི་སློབ་གནས་སྤྲོད་པའི་འཛུགས་སྐྲུན་ཚན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཀོང་ཏུང་ནོར་དཔལ་སློབ་ཆེན་དུ་བདམས་ཐོན་བྱུང་།    

སྤྱི་ལོ2020ལོའི་ཟླ7པར་ཀོང་ཏུང་ནོར་དཔལ་སློབ་ཆེན་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་མཐོ་སློབ་མནའ་འབྲེལ་ནང་ཞུགས།  

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག   

སྤྱི་ལོ2018ལོའི་ཟླ10པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང22དང་དངོས་གཞིའི་ཚན་ཁག་གི་ཆེད་ལས57བཙུགས་ཡོད།

3 སློབ་ཁྲིད་འཛུགས་སྐྲུན།  

སྤྱི་ལོ2018ལོའི་ཟླ10པའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ་དང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས། རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི། རྒྱལ་ཁབ་རིམ་པའི་ལག་ལེན་སློབ་ཁྲིད་རྟེན་གཞི་བཅས1དང་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས5ཡོད་ལ། རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1  རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན1  རྒྱལ་ཁབ་རིམ་པའི་སྐད་གཉིས་དཔེ་སྟོན་སློབ་ཚན2 ཀོང་ཏུང་ཞིང་ཆེན་གྱི་མཐུན་སྦྱོར་མི་སྣ་གསོ་སྐྱོང་སྟེགས་བུ2བཅས་ཡོད།

4 རིག་ཚན་འཛུགས་སྐྲུན།   

སྤྱི་ལོ2020ལོའི་ཟླ4པའི་བར་སློབ་གྲྭར་ཀོང་ཏུང་ཞིང་ཆེན་གྱི་ལེགས་ཆ་ལྡན་པའི་གཙོ་གནད་རིག་ཚན3དང་ཀོང་ཏུང་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་ཚན1ཡོད་པ་དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས་ཤིག་ཡིན། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན8བཅས་ཡོད།

5 རིག་གཞུང་ཞིབ་འཇུག  

སྤྱི་ལོ2019ལོའི་ཟླ12པའི་བར།    ཀོང་ཏུང་ནོར་དཔལ་སློབ་ཆེན་ལ་ཀོང་ཏུང་ཞིང་ཆེན་གྱི་མཐོ་སློབ་དཀྱུས་མའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི5དང་། ཀོང་ཏུང་ཞིང་ཆེན་གྱི་མཉམ་ལས་གསར་གཏོད་ལས་སྟེགས1 ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང1 ཀོང་ཏུང་ཞིང་ཆེན་གྱི་མཐོ་སློབ་དཀྱུས་མའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཚོད་ལྟ་ཁང1 ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་ཇུས་འདོན་ཚོགས་པ1 ཀོང་ཏུང་ཞིང་ཆེན་གྱི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1 ཀོང་ཏུང་ཞིང་ཆེན་གྱི་ཐབས་ཇུས་བློ་འདྲི་ཞིབ་འཇུག་རྟེན་གཞི2 ཀོང་ཏུང་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི2 ཀོང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི2 ཀོང་ཀྲོའུ་གྲོང་ཁྱེར་གྱི་གཞོན་ནུའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཞིབ་འཇུག་གི་གཙོ་གནད་རྟེན་གཞི1བཅས་ཡོད།

6 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།  

སྤྱི་ལོ2018ལོར། སློབ་གྲྭར་ཁྱོན་རྣམ་གྲངས11ལ་སྤྱི་ལོ2018ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་འཁོར་རྣམ་གྲངས་དང་གཞོན་ནུའི་རྣམ་གྲངས་ཀྱི་རྣམ་གྲངས་བཙུགས་པའི་ནང་སྤྱིར་བཏང་གི་རྣམ་གྲངས8ཡོད་པ་རེད། གཞོན་ནུའི་རྣམ་གྲངས3 རྣམ་གྲངས8ལ་སྤྱི་ལོ2018ལོའི་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་རྣམ་གྲངས་བཙུགས་ཡོད། དེའི་ནང་རྣམ་གྲངས2དང་གཞོན་ནུའི་ཚན་རིག་ཐེབས་རྩའི་རྣམ་གྲངས6ཡོད་པ་དང་། ཁྱོན་བསྡོམས་རོགས་དངུལ་སྒོར་ཁྲི222.5ཐོབ།

7 རྒྱལ་སྤྱིའི་མཉམ་འབྲེལ།    

སྤྱི་ལོ2018ལོའི་ཟླ10པའི་བར། སློབ་གྲྭས“ཀོང་ཏུང་ནོར་དཔལ་སློབ་ཆེན་རྒྱལ་སྤྱི་ཅན་གྱི་དགེ་རྒན་ཕྱི་རྒྱལ་དུ་ཞིབ་འཇུག་ཟབ་སྦྱོང་རྟེན་གཞིའི”ཕེ་སི་སློབ་ཆེན་ས་ཚིགས་དང་ཞི་ཨའོ་སློབ་ཆེན་ས་ཚིགས་བཙུགས་ནས་རྒྱལ་སྤྱི་དང་ཞང་ཀང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚན་ཞིབ་མཉམ་འབྲེལ་གསར་གཏོད་ལས་སྟེགས་རིགས་ཀྱི་རྣམ་གྲངས9འཛུགས་སྐྲུན་བྱས་པ་དང་། ཀོང་ཏུང་ནོར་དཔལ་སློབ་ཆེན་རྒྱལ་སྤྱི་ཅན་གྱི་སློབ་གསོའི་རྣམ་གྲངས་ཀྱི་དབྱིན་ཡིག་སློབ་ཁྲིད་དང་ཞིབ་འཇུག་ལྟེ་གནས། ཀོང་ཏུང་ནོར་དཔལ་སློབ་ཆེན་རྒྱལ་སྤྱི་ཅན་གྱི་སློབ་གསོ་སྤེལ་རེས་ལྟེ་གནས་བཙུགས་པ་དང་། ཀྲུང་གོ(ཁོངས)ཕྱིའི་མཐོ་རིམ་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི70ལྷག་དང་མཉམ་འབྲེལ་རོགས་ཟླའི་འབྲེལ་བ་བཙུགས་ཡོད། རྒྱལ་སྤྱི་ཅན་གྱི་སློབ་གསོའི་རྣམ་གྲངས41མཉམ་དུ་ལག་བསྟར་བྱས་ནས་འཇར་མན་ཀོ་ཏེ་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ“ཀོང་ཏུང་ནོར་དཔལ་སློབ་ཆེན་ཀོ་ཏེ་སྐད་ཡིག་ལྟེ་གནས་བཙུགས།

8 འགོ་ཁྲིད།    

ཏང་ཨུའི་ཧྲུའུ་ཅི།     ཀྲེང་ཞན་ཚའོ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ།     ཡུས་ཧའེ་ཧྥེང་།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི།     ཁྲེན་ཧྲུའུ་ཝུའུ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། བཟོ་ཚོགས་ཀྱི་ཀྲུའུ་ཞི།     ལིའུ་ཙུའུ་ཧྭ།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-28

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།