གྲངས་འཛིན་ཀྲུང་གོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་ཀྲུང་གོ།
གྲངས་འཛིན་ཀྲུང་གོ་ཞེས་པ་ནི་རྒྱང་ཚོར་འཁོར་སྐར་པར་རིས་གཙོ་བོ་བྱས་པའི་ལག་རྩལ་དབྱེ་ཞིབ་བྱེད་ཐབས་ཤིག་སྟེ། རྒྱུད་མཐུད་འཕེལ་རྒྱས་དང་ཞིང་ལས། ཐོན་ཁུངས། ཁོར་ཡུག གོ་ལའི་འགྱུར་ལྡོག སྐྱེ་ཁམས་མ་ལག་དང་ས་ཆུའི་འཁོར་སྐྱོད་མ་ལག་སོགས་ཀྱི་ཕྱོགས་ནས་ཀྲུང་གོར་དོ་དམ་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数字中国
ཁ་ཕྱོགས།
རྒྱུན་མཐུད་འཕེལ་རྒྱས།
ཞིབ་འཇུག་གི་དུས་ཚོད།
སྤྱི་ལོ1999ལོའི་ཟླ10བའི་ཚེས14ཉིན།
ལག་རྩལ་གཙོ་བོ།
རྒྱང་ཚོར་འཁོར་སྐར་པར་རིས།
1 ​གོ་དོན

དམིགས་གཏད་རང་བཞིན་གྱི་ཞིབ་འཇུག

ཀྲུང་གོའི་ཚན་རིག་པས་དམིགས་གཏད་རང་བཞིན་གྱི་ཞིབ་འཇུག་བྱས་པ་དང་འབྲེལ་ནས་བལྟོས་བཅས་ཀྱི་གྲངས་འཛིན་ཀྲུང་གོ་ཞེས་པའི་བརྡ་ཆད་བཏོན་ཡོད། སྤྱི་ལོ1999ལོའི་ཟླ10ཚེས14ཉིན་ཐའེ་ཡོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ། ཧྲང་ཧའེ་མཁའ་འགྲུལ་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པའི་རྒྱང་སྐྱོད་ཨང་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཡིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་སའི་གོ་ལའི་ཐོན་ཁུངས་འཁོར་སྐར(ཐོན་ཁུངས་ཨང་དང་པོའི་འཁོར་སྐར་ཡང་ཟེར)དང་པ་ཞིའི་འཁོར་སྐར་ཆུང་གྲསSCAI-1བར་སྣང་དུ་བསྐྱལ་བ་རེད། ཉིན་དེའི་དགོང་མོར་ཚད་ལེན་ཚོད་འཛིན་གྱི་གཞི་གྲངས་ལ་གཞིགས་ན། ཐོན་ཁུངས་འཁོར་སྐར་དེ་ཚོད་དཔག་བྱས་པའི་གླིང་སྣེའི་ས་ཁུལ་དང་ཉེ་བའི་ཉི་མའི་མཉམ་བགྲོད་འཁོར་ལམ་ཐོག་ལེགས་པར་སླེབས་ཡོད།

ཚེས15ཉིན་གྱི་ཉིན་གུང་ཆུ་ཚོད12ཡས་མས་སུ། པེ་ཅིང་གི་འཁོར་སྐར་གྱིས་ས་ངོས་ནས་འཁོར་སྐརCCCDཔར་ཆས་ཀྱི་རྒྱང་ཚོར་པར་རིས་དང་པོ་བསྡུ་ལེན་ཐུབ་པའི་པར་རིས་གསལ་པོ་ཡོད་ལ། རྗེས་ནས་དམར་ཕྱིའི་པར་ཆས་ཀྱི་སྔ་དུས་ཀྱི་བརྙན་གྲུབ་རི་མོ་འབྱོར་ཡོད། 

འཁོར་སྐར་གྱི་ཐོན་ཁུངས།

འདི་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འཁོར་སྐར་འཕེན་གཏོང་བྱས་རྗེས་ཀྱི་སྐྱེལ་འདྲེན་རང་བཞིན་ལྡན་པའི་ཐོན་ཁུངས་ཀྱི་འཁོར་སྐར་ཐོག་མ་རེད། ཐོན་ཁུངས་ཨང་དང་པོའི་འཕེན་གཏོང་ལེགས་གྲུབ་བྱུང་བ་དེས་གྲངས་འཛིན་ཀྲུང་གོ་ཞེས་པའི་དུས་རབས་གསར་པ་ཞིག་གི་སྒོ་ཕྱེ་བྱུང་། 

སྔོན་ཆད་ཀྲུང་གོས་རྒྱལ་ཁབ་ཀྱི་ཐོན་ཁུངས་དང་ཁོར་ཡུག་ལ་རྟོག་ཞིབ་བྱེད་སྐབས་མང་ཆེ་བ་སྲོལ་རྒྱུན་གྱི་བྱེད་ཐབས་སྤྱད་པས་ས་ཆ་དང་། ནགས་ཚལ། ཞིང་ལས་ཐོན་ཁུངས། ཁོར་ཡུག་གནས་ཚུལ་བཅས་ཀྱི་འགུལ་རྣམ་འགྱུར་ལྡོག་དུས་ཐོག་ཏུ་མཚོན་མི་ཐུབ། དཔེར་ན་ལོ་པུའུ་མཚེའུ་སྐམ་ཟིན་ནའང་ས་ཁྲའི་སྟེང་དུ་ད་དུང་བྲིས་ཡོད་པ། ཏུང་ཐིང་མཚེའུ་ཕྱེད་ཙམ་གྱིས་ཆུང་བར་གྱུར་ནའང་། ས་ཁྲའི་སྟེང་དུ་ད་དུང་འགྱུར་བ་མེད་པ་ལྟ་བུ།

ཐོན་ཁུངས་ཨང་དང་པོ་ཡོད་རྗེས། བསྡུར་ཕྲེང་ཁྲེ་ཙེ་ཁྲི1:10ཅན་གྱི་གྲངས་འཛིན་ས་ཁྲ་འབྲི་ཐུབ་པ་མ་ཟད། ཁྲི1:5དང་། ཁྲི1:1ཅན་སོགས་ཀྱི་བསྡུར་ཕྲེང་ཁྲེ་ཙེའི་གྲངས་འཛིན་ས་ཁྲ་ལེགས་འགྲུབ་བྱེད་པར་རྨང་གཞི་བཏིང་ཡོད་ལ། ས་ཆ་བེད་སྤྱོད་དང་། ཞིང་ལས་ལོ་ཏོག་གི་ཐོན་ཚད་ཚོད་དཔག ཆུའི་ཐོན་ཁུངས། ས་གཤིས་གཏེར་རྫས། གྲོང་ཁྱེར་གྱི་འཆར་འགོད། ཁོར་ཡུག་སྲུང་སྐྱོང་དང་མཚོ་འགྲམ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཆ་འཕྲིན་གལ་ཆེན་དག་འཚོལ་བསྡུ་བྱས་ཆོག རྒྱུ་ཆ་ལག་ལ་ཐོན་ཡོད་པ་དེས་རྒྱལ་ཁབ་ཀྱི་ས་ཆའི་ཐོན་ཁུངས་པུའུ་ཡི་སླད་ཕྱིན་ལོ5ནས་སྤྱི་ལོ2010ལོའི་བར་རྒྱལ་ཁབ་ཀྱི་ས་ཆ་ཞིབ་བཤེར་གསར་པ་བྱེད་པར་རིན་ཐང་གལ་ཆེན་ལྡན།

ཚན་རིག་གི་གཞི་འཛིན་ས།

བེད་སྤྱོད་བྱེད་བཞིན་པའི་སྐམ་སའི་འཁོར་སྐར་དང་སི་པོ་ཐེའི་ཚབ་བྱས་ནས། རྒྱལ་དམངས་དཔལ་འབྱོར་གྱི་འཆར་གཞི་དང་འཆར་འགོད་གཏན་འབེབས་བྱེད་པ་དང་། ས་ཞིང་ལག་བསྟར་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་པར་ཐབས་ཇུས་དང་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད།

གཞན་ཡང་ཀྲུང་གོར་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས2223ཡོད་ལ། ཕན་ནུས་ཆེ་ཞིང་གནད་ལ་འཁེལ་བ། མགྱོགས་མྱུར་བཅས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། དཔྱད་དཔོག་བཅས་ཀྱི་མ་ལག་ཅིག་མྱུར་དུ་འཛུགས་དགོས་མོད། ཐོན་ཁུངས་འཁོར་སྐར་གྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་ནི་དམིགས་ཡུལ་འདི་མངོན་འགྱུར་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། དེ་བེད་སྤྱད་ན་རླུང་ཁམས་ཆེན་པོ་དང་། ཆུ(ཆུ་བོ། མཚོ་མཚེའུ) བཟོ་ལས་དང་འཚོ་བའི་སྲ་གཟུགས་སྙུགས་རོ། ཐོལ་བྱུང་རང་བཞིན་གྱི་ཁོར་ཡུག་དོན་རྐྱེན། སྐྱེ་ཁམས(ས་ཞིང་། རྩྭ་ཐང་། ནགས་ཚལ)སོགས་རྒྱུ་རྐྱེན་མང་པོ་ལ་ལྟ་ཞིབ་དང་ཚད་ལེན་ནུས་ལྡན་བྱེད་ཐུབ།

ཆུ་བེད་རྒྱང་ཚོར་ཁྱབ་ཁོངས་ནའང་ཐོན་ཁུངས་འཁོར་སྐར་བཀོལ་སྤྱོད་ཀྱི་མདུན་ལམ་ཧ་ཅང་ཡག་པོ་ཡོད་ལ། ལྷག་པར་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན། ས་ཆུ་ཤོར་བ། ལས་གྲྭའི་འཆར་འགོད་སོགས་ཀྱི་ཐད་ནས་བཀོལ་སྤྱོད་ལེགས་པོ་བྱས་ཆོག

2 རྒྱབ་ལྗོངས།

1998ལོར། ཨ་རིའི་ཙུང་ཐུང་གཞོན་པ་ཀི་ཨར་གྱིས་ཅ་ལི་ཕུའུ་ཉི་ཡའི་ཚན་རིག་ལྟེ་གནས་སུ་གྲངས་འཛིན་སའི་གོ་ལ་ཞེས་པའི་ཐ་སྙད་བཏོན་པ་དང་། གྲངས་འཛིན་སའི་གོ་ལ་ནི་ས་ཁམས་ཀྱི་གཞི་གྲངས་དང་། དབྱེ་འབྱེད་ཚད་མང་བ། རྩ་གསུམ་བཅས་ཀྱི་སའི་གོ་ལའི་ཞིབ་བརྗོད་བྱེད་སྟངས་ཤིག་ཡིན་པར་ངོས་བཟུང་ཡོད། གྲངས་འཛིན་སའི་གོ་ལའི་ལྟེ་བའི་ནང་དོན་ནི་གྲངས་འཛིན་ས་ཁྲ(འབྱེད་ཚད་མཐོ་བའི་འཁོར་སྐར་བརྙན་པར)ལེན་རྒྱུ་དེ་ཡིན། ས་ཁྲ་འདི་འདྲའི་སྟེང་དུ་ས་ངོས་ཀྱི་ཡོད་ཚད་ཕྱིར་མངོན་སྲིད།

ཝུའུ་ཧན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་སྐུ་ཞབས་ལི་ཏུ་རེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 1998ལོར། ཚང་མས་སའི་གོ་ལའི་ཕྱི་རོལ་གྱི་དྲ་རྒྱའི་སྟེང་དུ་གྲངས་འཛིན་སའི་གོ་ལ་ཞིག་ཡོད་པ་ཤེས། འདི་ལ་ཆེས་ཐོག་མའི་གྲངས་འཛིན་གྲོང་ཁྱེར་གྱི་དུས་རིམ་ཟེར། ང་ཚོས་ནུབ་ཕྱོགས་ཀྱི་རྗེས་ནས་ཤེས་པས་འགོ་རྩོམ་པ་ཅུང་འཕྱི་མོད། འོན་ཀྱང་དེར་བཟང་ཆ་ཡོད་དེ། དཔེར་ན་དགོས་མཁོ་ཤིན་ཏུ་ཆེ་ཞིང་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་མ་རྩ་གྲ་སྒྲིག་བྱས་ཚུལ་ནུབ་ཕྱོགས་ལས་ཕུན་སུམ་ཚོགས་པ་ཞིག་ཡོད། ང་ཚོས་བློ་རིག་ལྡན་པའི་གྲོང་ཁྱེར་དང་། རིག་ལྡན་ཀྲུང་གོ གྲངས་འཛིན་ཀྲུང་གོ་བཅས་འཛུགས་སྐྲུན་བྱས་ནས་ཐཱན་ཉུང་ལ། ལྗང་མདོག་ལྡན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཀྲུང་གོ་མངོན་འགྱུར་བྱེད་དགོས།

3 སྲིད་གཞུང་གི་ཐབས་ཇུས།

གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། ཀྲུང་གོའི་སྲིད་གཞུང་གིས“དྲ་སྦྲེལ+”བྱ་འགུལ་ལག་བསྟར་ཧུར་ཐག་བྱས་ནས“ཐགས་ཡངས་ཀྲུང་གོའི”འཐབ་ཇུས་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་མོའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་མང་པོ་བསྒྲུབས། གཞན་ཡང་འཐབ་ཇུས་ཀྱི་བྱ་འགུལ་དང་ལས་གྲྭ་གལ་ཆེན་ཁག་ཅིག་སྤེལ་འགོ་བཙུགས་ནས། 5Gཞིབ་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། IPv6གཞི་ཁྱོན་བཀོད་སྒྲིག་གི་འཆར་གཞི་སོགས་ལག་བསྟར་བྱེད་དགོས། རྗེས་ནས་མུ་མཐུད་དུ་སྲིད་ཇུས་འདོན་པ་དང་ལག་རྩལ་གསར་པ་རྒྱུན་ཆད་མེད་པར་སྤྱད་ནས། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་མོར་འགྲོ་བཞིན་ཡོད།

4 དཔལ་འབྱོར་འཕེལ་རྒྱས།

སྤྱི་ལོ2018ལོའི་ཟླ3པར་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་དེབ་དཀར》ནང་། སྤྱི་ལོ2016ལོར་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི3.8ཙམ་ཟིན་པ་དེ་འཇར་པན་དང་དབྱིན་ཇི་སོགས་ལས་བརྒལ་ཡོད། འོན་ཀྱང་ད་དུང་ཨ་སྒོར་དུང་ཕྱུར་ཁྲི11ཙམ་གྱིས་ཨ་རིའི་རྗེས་སུ་ལུས་ཡོད། སྤྱི་ལོ2017ལོའི་ཟླ12ཚེས4ཉིན་ཁྱབ་བསྒྲགས་བྱས་པའི《གྲངས་འཛིན་ཀྲུང་གོའི་སྙན་ཞུའི》ནང་དེ་དང་འདྲ་བའི་བསྡོམས་ཚིག་ཅིག་ཡོད་དེ། སྤྱི་ལོ2016ལོར་ཀྲུང་གོའི་སིལ་ཚོང་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར40%ལས་བརྒལ་བ་དང་། སྔོན་དཔག་བྱས་ན་ཧྥ་རན་སེ་དང་། འཇར་མན། འཇར་པན། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་ལྔ་ཡི་བསྡོམས་འབོར་ལས་བརྒལ་ཡོད།   

སྤྱི་ལོ2018ལོའི་ཟླ1པོ་ནས་ཟླ9པའི་བར། ཀུའེ་ཀྲོའུ་ཞིང་ཆེན་གྱིས་གཞི་གྲངས་ཆེན་མོའི་རྣམ་གྲངས264ལ་མིང་རྟགས་བཀོད་པ་དང་གན་རྒྱའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར593.9ཟིན་ཡོད།  

སྤྱི་ལོ2018ལོའི་ཟླ11པའི་ཚེས26ཉིན། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཀྱི་དེབ་དཀར(སྤྱི་ལོ2018ལོ)》ལ་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་འཕར་ཚད37.2%ཟིན་པ་དང་། གྲངས་འཛིན་དཔལ་འབྱོར་གྱིས་ལས་ཞུགས་བསྡུ་ལེན་བྱེད་ཚད23.5%ཟིན་ཡོད། ཀུའེ་ཀྲོའུ་ཞིང་ཆེན་དུ་གཞི་གྲངས་ཆེན་མོའི་ཁེ་ལས9551ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ལས600ལྷག་འཕར་ཡོད།

5 ཉེན་ཁའི་མ་འཇོག

ཀྲུང་གོའི་མངའ་ཁོངས་ཕྱིའི་ཉེན་ཁའི་མ་འཇོག་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། 75%ཕལ་ཆེར་གྲངས་ཀ་ཅན་གྱི་འབྲེལ་ཡོད་ལས་རིགས་ལ་གཏོང་བཞིན་ཡོད། ཀྲུང་གོའི་གྲངས་འཛིན་ཀུང་སིས་ཕྱི་རྒྱལ་གྱི་མཉམ་ཉོའི་བྱེད་སྒོར་སྐུལ་འདེད་བཏང་ཡོད་ལ། དེའི་ནང་དྲ་སྦྲེལ་ཀུང་སི་ཆེན་པོ་གསུམ་གྱིས་འདས་ཟིན་པའི་ལོ་གཉིས་ནང་ཕྱི་རྒྱལ་དུ་ཉོ་ཚོང་ཐེངས35སྤེལ་བ་དང་། ཀྲུང་གོའི་གྲངས་འཛིན་ཀུང་སིས་ཀྱང་ཚོང་ལས་ཀྱི་དཔེ་དབྱིབས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱེད་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :སེམས་ཀྱི་ལོ་མ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།