ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས།
ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་ཐོའི་རྣམ་པའི་ཐོག་ནས་ཁ་གསལ་བཟོས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་མ་འཇོག་གཉེར་སྐྱོང་བྱེད་པའི་ལས་རིགས་དང་། ཁྱབ་ཁོངས། ལས་སྒོ་སོགས་བཀག་སྡོམ་དང་ཚོད་འཛིན་བྱེད་པ་དང་། རིམ་པ་ཁག་གི་སྲིད་གཞུང་གིས་ཁྲིམས་ལྟར་དེ་མཚུངས་ཀྱི་དོ་དམ་བྱ་ཐབས་སྤྱོད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་རབས་དང་རིམ་པར་ཟེར། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཕུད་པའི་ལས་རིགས་དང་། ཁྱབ་ཁོངས། ལས་སྒོ་སོགས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁྲིམས་ལྟར་འདྲ་མཉམ་ངང་ཞུགས་ཆོག སྤྱི་ལོ2019ལོའི་ཟླ11ཚེས22ཉིན《ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ(2019ལོའི་པར་གཞི)》ཡོངས་བསྒྲགས་བྱས་པ་རེད། དེ་ནི་ཀྲུང་གོས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན་ལོ་འཁོར་གྱི་བཟོ་བཅོས་བྱེད་ཐེངས་དང་པོ་ཡིན་ལ། དེ་ལས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
市场准入负面清单制度
ཕྱི་ཡིག་གི་མིང་།
Negative list of market access
1 ​ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ་བཟོས་པ།

སྤྱི་ལོ2014ལོའི་ཟླ7ཚེས9ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཁྲོམ་རའི་དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་བཏང་ནས་ཁྲོམ་རའི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། 《བསམ་འཆར》ནང་ཁྲོམ་རའི་ཞུགས་འཐུས་ལམ་ལུགས་སྒྱུར་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བཟོ་ཚོང་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་བྱས་ཏེ། བཟོ་ཚོང་ཐོ་འགོད་ལམ་ལུགས་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྔོན་བཀོད་ཞིབ་མཆན་འགོད་རིགས་ཇེ་ཉུང་དུ་ཤུགས་ཆེན་གཏོང་དགོས་ཏེ། བཟོ་ཚོང་ལས་གཉེར་ལག་འཁྱེར་དང་རྩ་འཛུགས་སྒྲིག་གཞིའི་ཚབ་ཨང་ལག་འཁྱེར། ཁྲལ་དོན་ཐོ་འགོད་ལག་ཁྱེར་བཅས“ལག་ཁྱེར་གསུམ་གཅིག་གྱུར”གྱིས་ཐོ་འགོད་བྱ་ཆོག་པའི་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱེད་པར་བསྔགས་སྐུལ་བྱེད་དགོས། ནུས་ཁུངས་དང་། ས་ཞིང། ཆུ། ཁོར་ཡུག ལག་རྩལ། བདེ་འཇགས་སོགས་ཁྲོམ་རར་ཞུགས་ཆོག་པའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས་ལ། དེ་མིན་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཞུགས་འཐུས་བཀའ་འཁྲོལ་མ་བྱུང་གོང་གི་རྒྱལ་དམངས་ཀྱི་ཡོང་འབབ་ཐོག་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱ་དགོས།

2 ཚོད་ལྟའི་གནས་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ4ཚེས13ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ཀྲའོ་ཁྲེན་ཞིན་ན་རེ། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཕྱོགས་བསྡུས་དང་ཞིབ་བཤེར་བྱས་ནས་གྲུབ་པའི《ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་མ་ཟིན(ཚོད་ལྟའི་པར་གཞི)》དེ་ཉིད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་ཟིན་ལ། བརྡ་ཐོའི་རྣམ་པའི་ཐོག་ནས་པར་འགྲེམས་བྱས་ཏེ་ཐེན་ཅིན་དང་། ཧྲང་ཧའེ། ཧྥུའུ་ཅན། ཀོང་ཏུང་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞི་རུ་ཚོད་ལྟ་བྱ་རྒྱུ་ཡིན། 《འཆར་ཟིན》ལ་ཁྱོན་བསྡོམས་རྣམ་གྲངས328ཡོད་ཅིང་། དེའི་ནང་ཞུགས་འཐུས་བཀག་སྡོམ་རིགས96དང་ཞུགས་འཐུས་ཚོད་འཛིན་རིགས232ཚུད་ཡོད།

《འཆར་ཟིན》ནང་སྤྱི་ལོ2016ལོའི་ཟླ1ཚེས1ཉིན་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་མེད་པར་བཟོ་བ་དང་གསར་འཛུགས་སམ་ཡང་ན་ལེགས་སྒྲིག་བཅས་བྱ་རྒྱུའི་ཐག་གཅོད་བྱས་རིགས་དང་། 《ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་མཛུབ་སྟོན་དཀར་ཆག》དང《སྲིད་གཞུང་གིས་ཞིབ་མཆན་བཀོད་པའི་མ་དངུལ་འཇོག་པའི་རྣམ་གྲངས་ཀྱི་དཀར་ཆག》བཟོ་བཅོས་རྒྱག་རྒྱུའི་ཐག་གཅོད་བྱས་རིགས། དེ་བཞིན་ཁྲོམ་རའི་བྱེད་པོས་མ་དངུལ་བཞག་ནས་གཉེར་སྐྱོང་བྱེད་པར་བཀག་སྡོམ་དང་ཚོད་འཛིན་བྱེད་པའི་ལས་རིགས་དང་། ཁྱབ་ཁོངས། ལས་སྒོ་སོགས་ཀྱི་དོན་དག་ཐད་གཏན་འབེབས་གསར་པ་བྱས་རིགས་གཏན་འབེབས་གསར་ཤོས་ཚད་གཞིར་འཛིན་དགོས། ཚོད་ལྟའི་གནས་ཀྱི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་བསྒྱུར་བཅོས་འཕེལ་རིམ་གྱི་གནས་ཚུལ་དང་ཁྲོམ་རའི་གྲུབ་ཆ་གཙོ་བོ་སྣ་ཚོགས་ཀྱིས་ཚུར་སྣང་བྱས་པའི་འབུར་ཐོན་གནད་དོན་ལ་གཞིགས་ནས། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལེགས་སྒྲིག་དང《འཆར་ཟིན》འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་གྲོས་འགོ་དུས་ཐོག་ཏུ་འདོན་དགོས།

ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་དོན་དག་ལེགས་སྒྲིག་ཇི་ལྟར་བྱ་རྒྱུའི་ཐད། 《འཆར་ཟིན》ནང་བཅའ་ཁྲིམས་དང་སྒྲིག་སྲོལ་གྱི་ལས་ཀའི་བླང་བྱ་ཁ་གསལ་བཏོན་ཡོད། ཚོད་ལྟ་བྱེད་རིང་སྡེ་ཁག་སོ་སོས《བསམ་འཆར》གྱི་བླང་བྱ་ལྟར། ཁྲོམ་རའི་གྲུབ་ཆ་གཙོ་བོ་དང་སྤྱི་དམངས་རིགས་ཁག་གི་བསམ་འཆར་ཉན་འཇོག་གང་ལེགས་དང་། 《འཆར་ཟིན》ནང་སྡེ་ཁག་རང (མ་ལག་རང)གིས་དོ་དམ་བྱེད་འགན་འཁུར་བ་དང་ལག་བསྟར་བྱེད་འགན་འཁུར་རྒྱུའི་ཁྲོམ་རར་ཞུགས་འཐུས་དོན་དག་སྔར་ལས་ལེགས་སྒྲིག་དང་དུས་ཐོག་ཏུ་གཙང་བཤེར་བྱེད་པའི་གྲོས་འགོ་འདོན་དགོས། སྡེ་ཁག་སོ་སོས་གསར་དུ་བཏོན་པའི《འཆར་ཟིན》ནང་འཁོད་དོན་ཚན་ལ་གཙང་བཤེར་དང་ལེགས་སྒྲིག་བྱེད་དགོས་པའི་དང་གྲོས་འགོར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་ཚོང་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ《བསམ་འཆར》ནང་གཏན་ལ་ཕབ་པའི་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལེགས་སྒྲིག་བྱེད་པའི་གོ་རིམ་ལྟར། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་མ་ཟད། ཁ་གསབ་བརྡ་ཐོ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་ཚོད་ལྟའི་ས་ཁུལ་ལ་ཚོད་ལྟ་བྱེད་རིང་འཚོལ་ཞིབ་དང་ཞིབ་བཤེར་བྱེད་དགོས།

ཀྲའོ་ཁྲེན་ཞིན་གྱིས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ནི་བྱ་དངོས་གསར་པ་ཞིག་ཡིན་པས་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཁྱད་པར་དུ་མ་དངུལ་འཇོག་པའི་དོ་དམ་སྒྲིག་སྲོལ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ། བཅའ་ཁྲིམས་ཀྱི་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རྨང་གཞིའི་རང་བཞིན་དང་། ཆ་འགྲིག་རང་བཞིན། འཚོལ་ཞིབ་རང་བཞིན་བཅས་དང་ཐ་ན་ལག་རྩལ་རང་བཞིན་གྱི་གྲ་སྒྲིག་གི་ལས་ཀ་མང་པོ་བསྒྲུབ་དགོས། དེས་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་ལ་རིམ་བཞིན་སྒྱུར་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚོད་ལྟ་བྱས་ཏེ་ཉམས་མྱོང་གསོག་འཇོག་དང་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།