ས་ཡོམ་རིགས་གྲས།

རང་བྱུང་ས་ཡོམ་ནི་གཙོ་བོ་ཆགས་གྲུབ་ས་ཡོན་ཡིན་ལ། ས་འོག་གི་བྲག་རྡོ་གས་ཆག་དང་འགྱུར་སྣོལ་གྱིས་ཡུན་རིང་བསགས་པའི་ནུས་པ་དྲག་ཚད་ཀྱིས་ཕྱིར་གཏོང་བ་དང་། ཡོམ་རླབས་ཀྱི་རྣམ་པས་ཕྱོགས་བཞི་མཚམས་བརྒྱད་ལ་མཆེད་དེ་སའི་འགུལ་སྤྱོད་བྱུང་བ་ཡིན། ཆགས་གྲུབ་ས་ཡོམ་གྱིས་ས་ཡོམ་གྱི་སྤྱི་གྲངས་ལས90%ཡན་ཟིན་ཞིང་། འཕྲོ་མ་དག་མེ་རི་ལས་བསྐྱེད་པའི་ས་ཡོམ་ཡིན་པས་མེ་རི་ས་ཡོམ་དུ་འབོད། དེས་ས་ཡོམ་སྤྱི་གྲངས་ལས 7%ཟིན། དེ་མིན་གནས་ཚུལ་དམིགས་བསལ་བ་བྱུང་ན་རྡིབ་ཉིལ་ས་ཡོམ་དང་སྐར་རྡོའི་ས་ཡོམ་སོགས་འབྱུང་བ་ཡང་ངེས། མིས་བཟོས་ས་ཡོམ་ནི་མིའི་བྱ་འགུལ་སྣ་ཚོགས་ཀྱི་དབང་གིས་བྱུང་བ་ཞིག་ཡིན་ཏེ། དཔེར་ན་བཟོ་ལས་དང་ས་འོག་ཉིང་རྡུལ་འབར་གས་སོགས་ལས་འབྱུང་ཞིང་། དོང་ནང་དུ་གནོན་མཐོ་ཆུ་བླུགས་པ་དང་ཆུ་མཛོད་དུ་ཆུ་བསྐྱིལ་བས་ས་ཤུན་གྱིས་གནོན་ཤུགས་མ་ཐེག་པའི་དབང་གིས་ཀྱང་ས་ཡོམ་འབྱུང་ཐུབ། སྤྱིར་བཏང་ཆགས་གྲུབ་ས་ཡོམ་མང་དུ་འབྱུང་ཞིང་མིའི་རིགས་ལ་གནོད་འཚེ་ཆེ་བ་ཡང་དེ་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-10-27
གསར་སྤེལ་མཁན། :མིང་གསང་tNNy81462