དབང་གསུམ་ལོགས་དབྱེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབང་གསུམ་ལོགས་དབྱེ།
སྤྱི་ལོ2018ལོའི་ཟླ12ཚེས29ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཐེངས་འདིར་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དོན་གཙོ་བོ་ནི་གྲོང་གསེབ་ཀྱི་ས་ཞིང་ལ་དབང་གསུམ་ལོགས་དབྱེའི་ལམ་ལུགས་ལག་བསྟར་བྱེད་པ་ཁྲིམས་ལུགས་ཅན་དུ་བསྒྱུར་ནས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་འགན་གཙང་ལེན་བྱས་པའི་ཞིང་དུད་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་བས་ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་བྱེད་པའི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三权分置
དུས་ཚོད།
སྤྱི་ལོ2014ལོའི་ཟླ12པ།
ངོ་བོ།
ས་ཞིང་ལམ་ལུགས་བསྒྱུར་བཅོས།
1 རྒྱབ་ལྗོངས།

སྤྱི་ལོ2014ལོའི་ཟླ12པར་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་དཔྱིད་ཀྱི་ཚ་རླབས་འཕྱུར་ཞིང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བདུན་པས་དཔྱིད་ཀྱི་རྦ་རླབས་འདི་སྔར་བས་དྲག་ཏུ་འཕྱུར་དུ་བཅུག ཚོགས་འདུའི་ཐོག《གྲོང་གསེབ་ཀྱི་ས་ཞིང་བསྡུ་ལེན་དང་། ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་ཁྲོམ་རར་འདོན་པ། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྐོར་གྱི་བསམ་འཆར》གྲོས་ཞིབ་བྱས་པ་དང་། དེར་ཀུན་གྱིས་གྲོང་གསེབ་ཀྱི་ས་ཞིང་སྒྱུར་བཅོས་ཀྱི“མདའ་གསུམ་མཉམ་སྤེལ”ཟེར་ལ། དེ་ཡིས་རེས་སྐོར་གསར་པའི་ས་ཞིང་བཅོས་བསྒྱུར་བྱེད་འགོ་ཚུགས་པ་མཚོན་ཡོད།

2 བསྒྱུར་བཅོས་ཀྱི་སྔོན་འགྲོའི་ཆ་རྐྱེན།

རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་དང་ཚོད་ལྟར་འཕྲད་པའི་གནད་དོན་གཙོ་བོ་ནི་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་རེད། དེའི་ཐད་ཀྲུང་དབྱང་ཏང་གི་སློབ་གྲྭའི“ཞིང་གསུམ་གནད་དོན་གྱི་ཆེད་མཁས་པ་དགེ་རྒན་ཆེན་མོ་ཙེང་ཡེ་སུང་གིས་རྨོ་ཞིང་མུའུ་དུང་ཕྱུར18ཀྱི་དམར་ཐིག་ནན་སྲུང་བྱ་རྒྱུ་ནི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་མ་མཐའི་མཚམས་ཐིག་ཡིན་ལ། ཚོད་ལྟའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། དེ་ལས་གཏན་ནས་བརྒལ་མི་རུང་ཞེས་བཤད།

ས་ཞིང་མེད་ན་འབྲུ་རིགས་ཐོན་ག་ལ་ཐུབ། འབྲུ་རིགས་ལ་བརྟེན་ནས་གནམ་འོག་བདེ་བར་འགོད་རྒྱུ་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་གནས་ལུགས་སླ་མོ་ཞིག་རེད། རང་ཉིད་གཙོ་བོར་འཛིན་པ་དང་། རྒྱལ་ནང་དུ་རྐང་འཛུགས་པ། ཐོན་ནུས་འགན་ལེན། ནང་འདྲེན་འོས་འཚམས། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ཏེ། ངེས་པར་དུ་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་དགོས།

རྨོ་ཞིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱིས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་འཐབ་ཇུས་ཀྱི་བྱ་སྤྱོད་ཅིག་ཡིན་པས། རྒྱལ་ཁབ་ཀྱིས་རྨོ་ཞིང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་མ་གནས་འཁུར་དགོས་ལ། སྲིད་གཞུང་དང་ཞིང་པའི་བར་གྱི་སྲུང་སྐྱོང་གི་འདོད་བློ་དང་སྲུང་སྐྱོང་གི་ཕན་འབྲས་གཅིག་གྱུར་ཡོང་བར་བྱ་དགོས། དེ་མིན་བཅའ་ཁྲིམས་དང་སྲིད་འཛིན། དཔལ་འབྱོར་བཅས་ཀྱི་བྱེད་ཐབས་སྤྱད་དེ་སྲུང་སྐྱོང་བྱེད་ཐབས་སྣ་མང་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། དོ་སྙོམས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་འགན་འཁྲི་ཡིན་པས་ངེས་པར་དུ་རྨོ་ཞིང་སྲུང་སྐྱོང་གི་ལས་འགན་ལྕི་བའི་ས་ཁུལ་ལ་དགོས་ངེས་ཀྱི་ནོར་སྲིད་རྒྱབ་སྐྱོར་བྱེད་དགོས།

ཞིང་པ་དང་གཞི་རིམ་སྲིད་གཞུང་ནི་རྨོ་ཞིང་སྲུང་སྐྱོང་བྱེད་མཁན་གཙོ་བོ་ཡིན་པས་དགོས་ངེས་ཀྱི་དཔལ་འབྱོར་ཁ་གསབ་དང་སྤོ་སྒྱུར་གཏོང་སྤྲོད་ཐོབ་དགོས་ངེས་རེད། མིག་སྔར་རང་རྒྱལ་གྱི་ཞིང་དུད་ཀྱི་དུད་ཚང་རེའི་ཆ་སྙོམས་ས་ཞིང་རྒྱ་ཁྱོན་སྤྱི་ཆིང0.5ཡིན་ལ། ཡོ་རོབ་མནའ་འབྲེལ་གྱི1/40དང་། ཨ་རིའི1/400ཡིན། མི་རེའི་ཆ་སྙོམས་ཀྱི་ཞིང་ལས་ཐོན་ཁུངས་མི་འདང་བའི་ད་ལྟའི་གནས་ཚུལ་གྱིས་རང་རྒྱལ་གྱི་ཞིང་ལས་ཀྱི་གཞི་ཁྱོན་ཆུང་བའི་ཐོན་སྐྱེད་ཀྱི་ཁྱད་ཆོས་ཐག་གཅོད་བྱས་ཡོད། གཞི་ཁྱོན་ཆུང་བའི་ཞིང་ལས་དེ་ཕྱོགས་གཅིག་ནས་འཛམ་གླིང་གི་ཞིང་ལས་ཐོན་རྫས་གཙོ་བོ་ཕྱིར་གཏོང་བྱེད་པའི་རྒྱལ་ཁབ་དང་ཐད་ཀར་འགྲན་རྩོད་བྱེད་པའི་མདུན་དུ་ལྷགས་ཡོད་ལ། ཕྱོགས་གཞན་ཞིག་ནས་ད་དུང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་དུད་ཀྱི་འཚོ་ཚིས་བདེ་འཇགས་འགན་སྲུང་བྱེད་པའི་ལས་འགན་ལྗིད་པོ་གཉིས་ཁུར་ཡོད། དེར་བརྟེན་རྨོ་ཞིང་སྲུང་སྐྱོང་བྱེད་པའི་ས་ཁུལ་དང་ཞིང་པར་དཔལ་འབྱོར་གྱི་ཁ་གསབ་ངེས་ཅན་ཞིག་སྟེར་རྒྱུ་ནི་དེ་བས་ཀྱང་ཁ་ཚ་དགོས་གཏུག་དང་དགོས་ངེས་ཤིག་རེད །

དོ་དམ་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ནན་པོ་སྤྱད་དེ་ས་ཞིང་གི་་སྤྱོད་སྒོ་རྩིས་སྤྲོད་དོ་དམ་མཐའ་འཁྱོངས་བྱ་དགོས་པ་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོང་ནན་པོ་བྱས་ཏེ། འཛུགས་སྐྲུན་རིགས་མི་འདྲ་བས་ས་ཞིང་བདག་བཟུང་ཉུང་བ་དང་བདག་བཟུང་མི་བྱེད་པ། རྨོ་ཞིང་བདག་བཟུང་ཉུང་བ། ས་ཞིང་ཐོན་ཁུངས་ཉུང་ཙམ་སྤྱད་དེ་གཞི་ཁྱོན་སྔར་ལས་ཆེ་བའི་དཔལ་འབྱོར་འཕར་སྣོན་ལ་འདེགས་སྐྱོར་བྱེད་པ་བཅས་བྱ་དགོས། འདི་ལྟར་ནན་མོ་ཡིན་པའི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ན་ད་གཟོད་རྒྱལ་ནང་འབྲུ་རིགས་ཀྱི་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པ་འགན་ལེན་བྱེད་ཐུབ་ལ། གཞི་ནས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་རྒྱབ་ལྗོངས་འོག་རང་རྒྱལ་གྱི་ཞིང་ལས་རྒྱུན་མཐུད་ངང་གོང་འཕེལ་གཏོང་ཐུབ་པ་རེད།

3 དོན་སྙིང་གལ་ཆེན།

བསྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་དུས་སུ། གྲོང་གསེབ་ཏུ་ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ་དང་། ས་ཞིང་གི་བདག་དབང་དང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ལོགས་སུ་བཀར་ནས་བདག་དབང་ཐུན་མོང་ལ་དབང་བ་དང་། འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་དབང་ཞིང་དུད་ལ་དབང་བས་ཞིང་པ་དུང་ཕྱུར་མང་པོའི་ཧུར་སེམས་སྐུལ་སློང་ཤུགས་ཆེན་བྱས་ཡོད། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་གྲོང་གསེབ་ཀྱི་བསྒྱུར་བཅོས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ད་ལྟའི་དུས་རིམ་དུ་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཞིང་པའི་ས་ཞིང་གི་འགན་གཙང་ལེན་བྱེད་དབང་སོར་འཇོག་དང་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་རྒྱུག་བྱེད་པའི་འདོད་བློ་དང་བསྟུན་ནས། ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་དེ་འགན་གཙང་ལེན་བྱེད་དབང་དང་གཉེར་སྐྱོང་བྱེད་དབང་གཉིས་སུ་ཕྱེ་སྟེ། བདག་དབང་དང་འགན་གཙང་ལེན་དབང་། གཉེར་སྐྱོང་བྱེད་དབང་(གཤམ་དུ་བསྡུས་མིང་ལ་དབང་གསུམ་ཞེས་འབོད་རྒྱུ)ལོགས་སུ་དབྱེ་ནས་མཉམ་སྤེལ་བྱས་ནས། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ནི་ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ཀྱི་རྗེས་ཀྱི་གྲོང་གསེབ་བསྒྱུར་བཅོས་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཀྱང་རེད།

དབང་གསུམ་ལོགས་དབྱེ་ནི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རང་གིས་རང་འཐུས་ཚང་དུ་གཏོང་བ་ཞིག་ཡིན་ཏེ། ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ཀྱི་རྒྱུན་སྲིང་གསོན་ཤུགས་མངོན་པར་བྱས་ཡོད། དེས་ས་ཞིང་གི་བདག་དབང་འབྲེལ་བ་ཁ་གསལ་བཟོས་ནས་ཞིང་བ་ཐུན་མོང་དང་། འགན་གཙང་ལེན་གྱི་ཞིང་དུད། གཉེར་སྐྱོང་བྱེད་མཁན་བཅས་ཀྱི་ཁེ་དབང་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུར་ཕན་ཐོགས་ཡོད་ལ། ས་ཞིང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་གཉེར་སྐྱོང་མ་ལག་གསར་པ་འཛུགས་པ། གཞི་ཁྱོན་འོས་འཚམས་ལྡན་པའི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་བཏང་ནས་ས་ཞིང་གི་ཐོན་ཚད་དང་། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད། ཐོན་ཁུངས་བེད་སྤྱོད་བྱེད་ཚད་བཅས་མཐོ་རུ་གཏོང་ཐུབ་པ་དང་། དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་དབང་གསུམ་ལོགས་དབྱེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས་ལ། དབང་གསུམ་གྱི་ཕན་ཚུན་འབྲེལ་བ་ཐག་གཅོད་འོས་འཚམས་བྱ་དགོས། དབང་གསུམ་ལོགས་དབྱེའི་རིགས་པའི་གཞུང་ལུགས་བེད་སྤྱོད་ཡང་དག་བྱས་ནས་བཅོས་བསྒྱུར་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། དབང་གསུམ་ལོགས་དབྱེའི་མངོན་འགྱུར་བྱེད་སྟངས་ཞིབ་ཕྲ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-22

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།