གསང་བཅད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་བཅད།
སྒྲ་དོག་འཇུག་གི་གསང་བཅད་ཞེས་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་དང་འབྲེལ་བ་ཡོད་པ་དག དུས་ཚོད་ངེས་ཅན་ཞིག་གི་ནང་ཁྱབ་ཁོངས་ངེས་ཅན་ཞིག་གི་མི་སྣས་ཤེས་པའི་གསང་བའི་དོན་ཚན་ཞིབ་ཕྲ་ཚང་མ་རྒྱལ་ཁབ་ཀྱིས་དབྱེ་འབྱེད་གཏན་ཁེལ་བྱས་པའི“གསང་བ་ཆེན་པོ་དང་གསང་ཆེན། གསང་བ”བཅས་རིམ་པ་གསུམ་ལ་གཞིགས་ནས། ཁྲིམས་བཀོད་གོ་རིམ་ལྟར་གཏན་ལ་ཕབ་པ་མ་ཟད། དེར་མཚུངས་ཀྱི་ཁྲིམས་སྲོལ་ལམ་ལུགས་བརྒྱུད་ནས་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་འགྲུབ་པར་བྱས་པ་ཞིག་ལ་ཟེར། སྒྲ་ཡངས་འཇུག་གི་གསང་བཅད་ཅེས་པར་རྒྱལ་ཁབ་ཀྱི་གསང་བཅད་བྱས་པ་ཚུད་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་གསང་བ་བསྒྱུར་བཅོས་དང་ཕྱིར་འཐེན་བྱས་པའང་ཚུད་ཡོད་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定密
ཚིག་གི་རང་བཞིན།
མིང་ཚིག
1 གཞི་འཛིན་ས།    

གསང་བཅད་ཀྱི་རྩ་བའི་གཞི་འཛིན་ས་ནི་རྒྱལ་ཁབ་གསང་སྲུང་ཅུས་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་མཉམ་དུ་གཏན་འབེབས་བྱས་པའི《རྒྱལ་ཁབ་ཀྱི་གསང་བ་དང་དེའི་གསང་རིམ་གྱི་ཞིབ་ཕྲའི་ཁྱབ་ཁོངས་སྐོར་གྱི་གཏན་འབེབས》(བསྡུས་མིང་ལ“གསང་སྲུང་ཁྱབ་ཁོངས”ཞེས་འབོད)ཞེས་པ་དེ་ཡིན།

2 དབང་ཚད་རིམ་པ་དབྱེ་བ།

《གསང་སྲུང་བཅའ་ཁྲིམས》དང《ལག་བསྟར་བྱ་ཐབས》ཀྱི་གཏན་འཁེལ་ལྟར་དུ། ལས་ཁུངས་དང་སྡེ་ཚན་ཁག་ནས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བའི་དོན་གནད་དེ། རྒྱལ་ཁབ་ཀྱི་གསང་བ་དང་དེའི་གསང་རིམ་ཁྱབ་ཁོངས་གཏན་འབེབས་ལྟར་གསང་རིམ་གཏན་འཁེལ་བྱ་དགོས། རྒྱལ་ཁབ་ཀྱི་གསང་བའི་རིམ་པ་དང་གསང་སྲུང་དུས་ཚད་གཏན་འཁེལ་བྱེད་པའི་གཞི་རྩའི་དབང་ཆ་དེ་རྫོང་རིམ་པ་ཡན་གྱི་ལས་ཁུངས་དང་སྡེ་ཚན་གྱིས་གཏན་འཁེལ་བྱ་དགོས། ཕྱི་ཕྱོགས་དང་ཐད་ཀར་འགྲོ་འོང་མི་བྱེད་པའམ་ཡང་ན་དེ་དང་མཐུན་པའི་གསང་བ་དང་དེའི་རིམ་པ་གཏན་འཁེལ་བྱེད་པའི་དབང་ཆ་མེད་པའི་སྡེ་ཚན་དང་མི་སྒེར་ཡིན་ཚེ། རྒྱལ་ཁབ་ཀྱི་གསང་བའི་ཁྱབ་ཁོངས་སུ་གཏན་འབེབས་བྱས་པའི་དོན་དག་བྱུང་བའི་རིགས་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་གསང་བའི་དོན་ཚན་ཞིབ་ཕྲ་དང་དེའི་གསང་རིམ་དབང་ཆ་གཏན་འཁེལ་བྱེད་མཁན་གྱི་ལས་ཁུངས་དང་སྡེ་ཚན་ལ་ཁྲིམས་ལྟར་གཏན་འཁེལ་བྱེད་དུ་འཇུག་དགོས།

3 བྱེད་ཐབས་བྱ་རིམ།
3_1 གསང་བཅད་ཀྱི་བྱེད་སྟངས་དང་བྱེད་ཐབས།                           

བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། ཏང་སྲིད་ལས་ཁུངས་དང་གསང་འབྲེལ་ལས་ཁུངས་ཀྱི་གསང་བཅད་བྱེད་པར་རྒྱུན་པར་རྣམ་པ་གཉིས་སྤྱོད་བཞིན་པ་སྟེ།

1.ཐད་ཀར་གཏན་འཁེལ། དེའི་ཞིབ་ཕྲའི་བྱེད་ཐབས་ནི་གལ་ཏེ་གསང་སྲུང་ཁྱབ་ཁོངས་ནང་ཞིབ་ཕྲའི་འབྲེལ་ཡོད་གཏན་འཁེལ་ཡོད་པ་ཞིག་ཡིན་པའམ། ཡང་ན་གསང་འབྲེལ་དོན་ཚན་གཏན་འཁེལ་བྱས་ཟིན་པའི་སྐོར་ལ་གཏན་འཁེལ་ལྟར་ཐད་ཀར་དུ་གསང་རིམ་གཏན་ཁེལ་བྱས་ཆོག འདི་ནི་གསང་བཅད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་རེད།

2.སྙན་ཞུ་བྱས་ནས་གཏན་ཁེལ་བྱེད་པ། གཅིག་ནི་དོན་ཚན་ཁ་གསལ་མེད་པ(གསང་སྲུང་ཁྱབ་ཁོངས་མེད་པ་དང་། གཏན་འཁེལ་གྱི་རིམ་པ་མེད་པ) ཡང་ན་རྩོད་གླེང་ཡོད་པའི་དོན་ཚན་དང་།  གསང་བཅད་བྱ་དགོས་པར་འདོད་པ་སོགས་ལ། སྔོན་ལ་འཆར་འགོད་གཏན་འབེབས་བྱ་དགོས་པ་མ་ཟད། ཉིན་བཅུའི་ནང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་གཏན་འཁེལ་བྱེད་དབང་ཡོད་པའི་གསང་སྲུང་སྡེ་ཁག་ལ་རེ་ཞུ་བྱས་ནས་གཏན་འཁེལ་བྱ་དགོས་པ་ཡིན། གཉིས་ནི་ཚན་རྩལ་རྣམ་གྲངས་ཀྱི་གསང་བཅད་བྱེད་པ་སྟེ། བདག་དབང་ཡོད་མཁན་ནམ་ཡང་ན་ཁེ་དབང་ཡོད་མཁན་གྱིས་སྔོན་ལ་འབྲེལ་ཡོད་གཏན་འབེབས་དང་བྱ་ཐབས་གཞིར་བཟུང་ནས་གསང་རིམ་གཏན་འཁེལ་བྱེད་པ་དང་ཉིན་སུམ་ཅུའི་ནང་ཚུན་དུ་ཁོངས་གཏོགས་ཚན་རྩལ་གཙོ་གཉེར་སྡེ་ཚན་ལ་ཡིག་ཐོག་སྙན་ཞུ་འབུལ་དགོས་པ་དང་། མཐར་རྒྱལ་ཁབ་ཚན་རྩལ་དང་གསང་སྲུང་སྡེ་ཚན་གྱིས་གཏན་འཁེལ་བྱེད་པ་དང་དུས་བཀག་ནང་ཁྱབ་བསྒྲགས་བྱེད་དགོས། གོང་གསལ་གྱི་བྱེད་སྟངས་དེ་གཉིས་ལ་སྤྱིར་བཏང་གི་གོ་རིམ་དང་དམིགས་བསལ་གྱི་གོ་རིམ་ཞེས་ཀྱང་བརྗོད་ཆོག་པ་ཡིན།

3_2 གསང་བཅད་ཀྱི་གོ་རིམ།

གསང་བཅད་བྱེད་པར་ཁྲིམས་བཀོད་ཀྱི་གོ་རིམ་ལག་བསྟར་བྱ་དགོས་ལ། འདི་ནི་རྒྱལ་ཁབ་ཀྱི་གསང་བ་བྱུང་བའི་རྣམ་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། གལ་ཏེ་གོ་རིམ་རང་བཞིན་གྱི་འགན་སྲུང་མེད་ཚེ་རྒྱལ་ཁབ་གསང་བཅད་ཀྱི་བཅའ་ཁྲིམས་རང་བཞིན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-23

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།