ཡོམ་གཙོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོམ་གཙོ།
ཡོམ་གཙོ་ནི་ས་འགུལ་བའི་གོ་རིམ་ཁྲོད་འགུལ་ཚད་ཆེས་དྲག་པའི་རིམ་པ་དེ་ཡིན། ཡོམ་གཙོའི་རྗེས་སུ་བསྟུད་མར་བྱུང་བའི་ས་ཡོམ་ཆུང་ངུའི་རིགས་ལ་འཕྲོ་ཡོམ་དང་། ཡོམ་གཙོའི་སྔོན་ལ་ས་ཁོངས་གཅིག་ནས་བྱུང་བའི་རིམ་པ་དེར་སྔ་ཡོམ་ཟེར། ས་ཡོམ་རིམ་བསྟར་ནི་དུས་ཚོད་ངེས་ཅན་ཞིག་གི་རིང་ཡོམ་ཁོངས་ངེས་གཏན་ཞིག་ནས་བྱུང་བའི་དྲག་ཚད་མི་འདྲ་བའི་ས་ཡོམ་དང་། དེ་དག་ཕན་ཚུན་བར་ནང་གནས་ཀྱི་འབྲེལ་བ་ཞིག་གམ་ཡང་ན་ཐུན་མོང་གི་སློང་རྐྱེན་ཡོད་པའི་ས་ཡོམ་གྱི་སྤྱི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
主震
ཕྱི་ཡིག་གི་མིང་།
principal earthquake
གཏོགས་ཡུལ།
ས་ཡོམ་བརྡ་ཆད།
ནང་དོན།
འགུལ་ཚད་ཆེས་དྲག་པའི་ས་ཡོམ།
ངོ་བོ།
ས་ཡོམ།
1 ​རིགས་དབྱེ།

ཡོམ་གཙོ་ཅན། ཡོམ་གཙོའི་ཡོམ་རིམ་མཐོ་ཞིང་འབུར་དུ་ཐོན་ལ། ནུས་ཤུགས་ཕྱིར་མཆེད་ཚད་ཀྱིས་ཡོམ་རིམ་ཡོངས་ལས90%ཡན་ཟིན་ཞིང་། དེ་ལ་ཡོམ་གཙོ་འཕྲོ་ཡོམ་ཅན་དང་སྔ་ཡོམ་ཡོམ་གཙོ་འཕྲོ་ཡོམ་ཅན་རིགས་གཉིས་ཡོད།

ཡོམ་ཚོགས་ཅན། འགུལ་ཚད་མངོན་པར་གསལ་བའི་ཡོམ་གཙོ་མེད་ཅིང་། ནུས་པ་གཙོ་བོ་ཡོམ་རིམ་ཉེ་བའི་ས་ཡོམ་ལས་ཕྱིར་གཏོང་བྱེད་པ་ཡིན།

ཆིག་རྐྱང་ཅན། དེའི་གོ་རིམ་དུ་སྔ་ཡོམ་དང་འཕྲོ་ཡོམ་ཤིན་ཏུ་ཉུང་བ་དང་ཕལ་ཆེར་མེད་པའི་ཁྱད་ཆོས་ལྡན། 

2 བྱུང་རིམ།

ཡོམ་གཙོའི་སྔ་ཡོམ་དང་འཕྲོ་ཡོམ་ནི་འདྲེད་བརྡར་གནས་གཙོ་བོའི་ཉེ་འགྲམ་གྱི་གས་སྲུབས་གྲུབ་པའི་གོ་རིམ་ལ་གཞིགས་ནས་རྟོགས་ཐུབ་ཅིང་། ཡོམ་གཙོའི་གནས་ཚུལ་གས་སྲུབས་ཀྱི་འགྱུར་བ་དང་ཆག་རོ་ལས་ཤེས། སྐབས་དེར་གས་སྲུབས་གཙོ་བོར་གྱུར་བ་ལ་འགྱུར་ལྡོག་མེད་དེ། དངོས་ལུགས་ཀྱི་ཆ་རྐྱེན་གྲུབ་ཚར་མེད་པས་ཡིན། སྔ་ཡོམ་ཁྲོད་ཀྱི་ཚད་ཡོད་འདྲེད་བརྡར་གྱིས་ཤུགས་མཆེད་པའི་རྣམ་པར་འགྱུར་བ་བཏང་ཞིང་། ཆུའི་འགུལ་བསྐྱོད་དང་གས་སྲུབས་ཕྲ་མོའི་ཁྱབ་ཚད་ཀྱིས་གས་སྲུབས་ཆེ་རུ་བཏང་ཞིང་ཡོམ་གཙོ་གྲུབ་པར་བྱས། གས་སྲུབས་ཤོར་བའི་བྲག་དུམ་གཙོ་བོ་ལྷུང་བ་དང་ཚབས་ཆེན་པོར་འགུལ་བསྐྱོད་བྱས་པས་ཚ་བ་བྱུང་ཞིང་། དེས་གས་ཆད་ཀྱི་དངོས་ལུགས་ཆ་རྐྱེན་ཡོམ་གཙོའི་སྔོན་དང་མི་འདྲ་བར་བསྒྱུར་བས། གས་སྲུབས་ཆུང་བ་ཤོར་ཞིང་འཕྲོ་ཡོམ་བྱུང་བ་ཡིན། དེའི་རྗེས་སུ་ས་ཁུལ་དེའི་ལྟོས་འགྱུར་ནུས་པ་ཇེ་ཞན་དུ་གྱུར་ཞིང་། ཤུགས་མེད་པའི་དུས་ཚོད་འཁོར་ལོ་ཞིག་དང་འདྲ་བར་གནས་པས་ཟླ་ངོ་འགའི་རྗེས་ནས་མ་གཏོགས་བརྟན་འཇགས་སུ་འགྲོ་མི་ཐུབ། 

3 འབྲེལ་ཡོད་ས་ཡོམ།
3_1 ཅིའུ་ཅང་ས་ཡོམ།

སྤྱི་ལོ2005ལོའི་ཟླ11པའི་ཚེས26ཉིན་ཅིའུ་ཅང་ས་ཆར་རིམ་པ5.7ཅན་གྱི་ས་ཡོམ་བྱུང་ཞིང་།  ཡུལ་དངོས་རྟོག་དཔྱོད་དང་ས་ཡོམ་ལྟ་ཞིབ་རྒྱུ་ཆ་ལྟར་ས་ཡོམ་ཆེད་མཁས་པས་ཅིའུ་ཅང་རུའེ་ཁྲང་གི་སྤྱི་ལོ2005ལོའི་ཟླ11པའི་ཚེས26ཉིན་བྱུང་བའི5.7ཅན་གྱི་ས་ཡོམ་དེ་ཡོམ་གཙོ་འཕྲོ་ཡོམ་ཅན་གྱི་རིགས་ལ་གཏོགས་པ་གཏན་འཁེལ་བྱས་ཤིང་། སྔར་གྱི་ཡོམ་ཁུངས་སུ་གཏོར་བརླག་རང་བཞིན་གྱི་ས་ཡོམ་འབྱུང་བའི་སྲིད་ཕྱོད་ཆུང་བར་འདོད། ཆེད་མཁས་པས་ས་ཡོམ་གྱི་འཕེལ་ཕྱོགས་སྐོར་ནས་ཡོམ་འཕྲོའི་རྒྱུན་སྐྱོང་ངེས་པ་དང་། མ་འོངས་པའི་ཟླ་བ1ནས2རིང་རིམ་པ4ཡས་མས་ཀྱི་ས་ཡོམ་འབྱུང་ཉེན་ཆེ་བར་གསལ་འབྱེད་གནང་། འདི་ནི་ཅང་ཞི་ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ནས་ཚེས26ཉིན་གྱི་སྔ་མོའི་འཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཡིན། སྤྱི་ལོ2005ལོའི་ཟླ11པའི་ཚེས29བའི་ཆུ་ཚོད16དང་སྐར་མ21བར། ས་ཡོམ་སྡེ་ཁག་གི་ཁྱོན་སྡོམ་ཡོམ་འཕྲོ་ཐེངས497ལ་བྱུང་བའི་གནས་ཚུལ་བཀོད་ཅིང་། དེ་ལས་རིམ་པ2.0-2.9ཅན་གྱི་ས་ཡོམ་ཐེངས40དང་།  རིམ་པ3.0-3.9ཅན་གྱི་ས་ཡོམ་ཐེངས7།  རིམ་པ4.0-4.9ཅན་ཐེངས2ལ་བྱུང་བ་དང་། རིམ་པ་ཆེས་མཐོ་བའི་ཡོམ་འཕྲོ་ནི་ཚེས26གི་ཆུ་ཚོད12དང་སྐར་མ55ཡི་སྟེང་བྱུང་བའི་རིམ་པ4.8ཅན་དེ་ཡིན། 

ཉིན་དེའི་སྔ་མོར་ཚོགས་ཐོག་ཏུ་ཅང་ཞི་ཞིང་ཆེན་ས་ཡོམ་ཅུའུ་ཡི་ཅུའུ་ཀྲང་ཞིང་ཚན་ཧྥུའོ་ཡིས་ཆེད་མཁས་པའི་དབྱེ་ཞིབ་བརྒྱུད་ཅིའུ་ཅང་གི་སྔར་གྱི་ཡོམ་ཁུལ་དུ་ཡོམ་གཙོ་དང་ཡོམ་ཚོགས་ཐེངས་གཉིས་པར་མི་འབྱུང་བ་དང་ས་ཡོམ་གྱི་འབྱུང་རྐྱེན་གསལ་བཤད་བྱས་པ་གཤམ་ལྟར། ཐེངས་དེའི་ཡོམ་ཁུངས་ནི་ཐན་ལུའུ་ཆད་རིམ་དང་ཞང་ཧྥན་ཀོང་ཅི་ཆད་རིམ་ཚོགས་པའི་འདྲེས་སྣོལ་གྱི་ལྷོ་སྣེ་རུ་ཡོད་པ་དང་། ས་འོག་གི་ནུས་ཤུགས་གསོག་སྟེ་ཚད་ངེས་ཅན་ཞིག་ཏུ་སླེབས་ཤིང་ས་ཤུན་གྱི་ཐེག་ཚད་ལས་བརྒལ་བས། ས་ཤུན་གས་ཤིང་ས་ཡོམ་བྱུང་བ་ཡིན། སྤྱིར་བཏང་ས་ཡོམ་ཆེན་མོ་བྱུང་རྗེས་མུ་མཐུད་དུ་ས་ཡོམ་ཆུང་བ་འབྱུང་སྲིད་ལ། དེ་ནི་སའི་གོ་ལའི་ནུས་ཤུགས་ཕྱིར་གཏོང་བྱེད་དགོས་པར་ཐུག ནུས་ཤུགས་ཉམས་ཟད་ཀྱི་གཞུང་ལུགས་ངོས་ནས་བཤད་ན། ནུས་ཤུགས་རིམ་བཞིན་ཇེ་ཆུང་དུ་འགྱུར་བཞིན་ཡོད་པས། ཡོམ་འཕྲོ་ཡི་ནུས་པ་ཡོམ་གཙོ་ལས་ཆུང་། ཡིན་ན་ཡང་ཡོམ་གཙོ་ཐེངས་གཉིས་དང་ཡང་ན་ཡོམ་ཚོགས་འབྱུང་ངེས་པ་ཡིན། ལྟ་ཞིབ་ཀྱི་རྒྱུ་ཆ་དང་ཆེད་མཁས་པའི་གྲོས་མོལ་གྱི་འབྲས་བུ་ལྟར་ན་ཅིའུ་ཅང་ས་ཆར་གནས་ཚུལ་དེ་ལྟ་བུ་འབྱུང་མི་སྲིད། 

3_2 ལན་ཏུ་སི་ས་ཡོམ། 

ལན་ཏུ་སི་ས་ཡོམ་གྱི་རྗེས་སུ་རྒྱུན་ལྡན་མིན་པའི་རྒྱུད་འབྲེལ་འགྱུར་འབྱུང་སྟེ། ཡོམ་གཙོའི་རྗེས་སུ་རྒྱུད་འདྲེད་འགུལ་རིམ་དུ་བསྟུད་མར་ཡོམ་འཕྲོ་འགའ་བྱུང་། ཆོས་ཉིད་ལྟར་ན་ཁུངས་སྲབ་ས་ཡོམ་ཆེན་མོའི་རྗེས་སུ་ས་ཁོངས་སྔར་ལས་ཆེ་བ་ཞིག་ཏུ་ས་ཡོམ་བྱུང་ཐེངས་གློ་བུར་དུ་ཇེ་མང་ལ་འགྲོ་ངེས།  ཡོམ་གཙོའི་རྗེས་ཀྱི་དུས་ཚོད3རིང་ཏཱ་ཞུང་མཚེའུ་ཡི་ཉེ་འགྲམ་ལྟེ་བར་བྱས་ཏེ་རིམ་པ6.5ཅན་གྱི་ས་ཡོམ་དྲག་པོ་བྱུང་ཞིང་། ཐེངས་དེའི་འགུལ་གནས་ནི་ཐེངས་དང་པོའི་གས་ཆད་ཁུངས་ལས་སྟོང་སྨི45ཡོད་པའི་ནུབ་ཕྱོགས་ཀྱི་ཆད་རིམ་ཞིག་ལས་བྱུང་།  ཉེར་སྤྱོད་རྩིས་རིག་སྤྱད་དེ་རྟོག་ཞིབ་ཡུལ་ཁོངས་ཀྱི་ཆད་རིམ་གྱི་འགྱུར་ལྡོག་ལ་བརྟག་ན། ལན་ཏུ་སི་ས་ཡོམ་གྱི་ཆད་རིམ་འདྲེད་བརྡར་གྱིས་ཆད་རིམ་གྱི་ཤུགས་ལ་འགྱུར་བ་བཏང་བས་ཏཱ་ཞུང་མཚེའུ་ཡི་ས་ཡོམ་བྱུང་བ་ཡིན་ངེས། 

3_3 ཐང་ཧྲན་ས་ཡོམ།

1976ལོའི་ཟླ7པའི་ཚེས28ཆུ་ཚོད03དང་སྐར་མ42སྟེང་ཐང་ཧྲན་ས་ཆར་རིམ་པ7.8ཅན་གྱི་ས་ཡོམ་བྱུང་ཞིང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད18དང་སྐར་མ45ཡི་སྟེང་ལོན་ཞོན་རྫོང་དུ་རིམ་པ7. 1ཅན་གྱི་ས་ཡོམ་བྱུང་། ལོ་དེའི་ཟླ11པའི་ཚེས15ཉིན་ཉིང་ཧོ་ས་ཆར་རིམ་པ6. 9ཅན་གྱི་ས་ཡོམ་བྱུང་ཞིང་། ཡོམ་གཙོའི་རྗེས་སུ་བྱུང་བའི་ཡོམ་འཕྲོ་དག་གིས་ས་ཡོམ་གྱི་གནོད་འཚེ་སྔར་བས་ཆེ་རུ་བཏང་།  ཐང་ཧྲན་ས་ཡོམ་ལ་མངོན་གསལ་དུ་གྱུར་བའི་ཡོམ་གཙོ་མེད་ཅིང་། ཡོམ་འཕྲོ་དུས་ཡུན་ལོ་ངོ་ཉི་ཤུ་ལྷག་ལ་རྒྱུན་བསྲིངས་ཤིང་། འཕར་ཆགས་ཀྱི་ཚད་ཧ་ཅང་མངོན་གསལ་ཡིན། ས་གནས་གཅིག་ནས་རིམ་པ8ཅན་གྱི་ས་ཡོམ་ཐེངས་འགར་བྱུང་བའི་གནས་ཚུལ་མིག་སྔར་ཀྲུང་གོ་རུ་མེད།  ཞི་བདེ་རྒྱ་མཚོའི་ཉེ་འཁོར་གྱི་ས་ཡོམ་རྒྱུད་དུ་བྱུང་མྱོང་ཡང་ཤིན་ཏུ་ཉུང་། སྤྱིར་བཏང་ས་ཡོམ་ཆེན་མོ་བྱུང་བའི་ས་ཁུལ་ཞིག་ཡིན་ན་དུས་ཡུན་ཧ་ཅང་རིང་བོ་ཞིག་གི་རྗེས་ནས་མ་གཏོགས་ཡང་བསྐྱར་བྱུང་མི་སྲིད།  ཐང་ཧྲན་ས་ཆའི་ས་ཡོམ་ལྟ་བུའི་ཡོམ་གཙོ་ཡི་རྗེས་སུ་ཡོམ་འཕྲོའི་ཚབས་ཚད་ཀྱང་ཤིན་ཏུ་ཆེ་བ་ཡང་འབྱུང་ངེས་པས་དེའི་རིགས་ལ་དོགས་ཟོན་ནན་མོ་མཛད་དགོས།

4 ཡོམ་གཙོ་དང་ཡོམ་འཕྲོའི་ཁྱད་པར།

ས་ཡོམ་རིམ་བསྟར་ཁྲོད་དྲག་ཚད་ཆེས་མཐོ་བའི་རྗེས་སུ་བྱུང་བའི་རིགས་ལ་ཡོམ་འཕྲོ་ཟེར་ཞིང་། ཡོམ་འཕྲོ་ནི་ཡོམ་གཙོ་ཡི་གོ་རིམ་ཁྲོད་གཏིང་གི་བྲག་ཞུན་རིམ་པའི་གནོན་ཤུགས་དོ་མཉམ་ཡོང་ཆེད་སྤོར་འགུལ་བྱས་པ་ལས་བྱུང་ཞིང་། དོ་མཉམ་ཡོང་རག་བར་ས་ངོས་འདར་བ་དང་། གནོན་ཤུགས་ངེས་ཅན་ཞིག་བསགས་ཏེ་རིམ་པ་རྗེས་མའི་ས་ཡོམ་བྱུང་བ་ཡིན། ཡོམ་འཕྲོ་ནི་ཡོམ་གཙོ་ཡི་རྗེས་སུ་བྱུང་ཞིང་གཞི་རྒྱ་ཆུང་བའི་ས་ངོས་ཀྱི་འདར་འགུལ་ཡིན་ལ། དེས་ཀྱང་བཟོ་སྐྲུན་ལ་གཏོར་བརླག་ཐེབས་ངེས།  ཡོམ་འཕྲོ་ནི་ཡོམ་གཙོ་ཡི་རྗེས་ཀྱི་དུས་ཚོད་གཅིག་དང་། ཉི་མ་གཅིག  གཟའ་འཁོར་གཅིག ཡང་ན་ཟླ་བ་གཅིག་གི་རྗེས་གང་རུང་ལ་འབྱུང་ངེས་ཤིང་། ཡོམ་གཙོ་ལས་ཀྱང་གཞི་རྒྱ་ཆེ་བ་ཡོད་སྲིད་པས་མཉམ་འཇོག་བྱེད་དགོས།

5 གནོད་འཚེ་སྔོན་འགོག 

ས་ཡོམ་ལ་སྔ་ལྟས་གསལ་བོ་ཡོད་དེ། ཆུ་རྙོག་པར་འགྱུར་བ་དང་།  ཆུ་ལ་ཝུ་བ་འཕྱུར་བ། ཆུའི་དྲི་མ་འགྱུར་བ།  བྱ་ཕོ་དང་བྱ་གག་པ། ཕག་དང་ལུག་སོགས་གང་བྱུང་དུ་རྒྱུག་པ་དང་སྐད་སྒྲ་སྒྲོག་པ། བྱི་ལ་སྒོར་འབྲོ་བ། ཉ་མོ་ཆུ་ཁར་གང་བྱུང་དུ་མཆོངས་པའི་ཚུལ་སོགས་ལས་ས་ཡོམ་འབྱུང་ངེས་པ་ཤེས་ཐུབ།  ས་ཡོམ་སྔོན་བརྡ་མང་ཆེ་བ་ནི་ས་ཁོངས་གཅིག་ཏུ་དུས་ཡུན་ངེས་ཅན་ཞིག་གི་རིང་འབྱུང་ངེས་པའི་སྔོན་བརྡ་ཡིན། སྤྱི་ལོ1976ལོའི་ཐང་ཧྲན་ས་ཡོམ་གྱི་སྔོན་ལ་ལིའོ་ཉིང་ཞིང་ཆེན་ཧའེ་ཁྲེང་གྲོང་ཁྱེར་དུ་རིམ་པ6ཡན་གྱི་ས་ཡོམ་བྱུང་ཞིང་། ས་ཡོམ་གྱི་སྔོན་སྲིད་གཞུང་ནས་ཐེངས་གང་མང་ལ་ཁང་བའི་ནང་གི་མི་རྣམས་ས་ཡོམ་སྤྱིལ་བུ་རུ་འདུག་དགོས་ཚུལ་ནན་བཤད་མཛད་ཅིང་ས་ཡོམ་ཐད་ཀྱི་ཤེས་བྱ་མང་དུ་ཁྱབ་བསྒྲགས་བྱས་པས་ས་ཡོམ་ལས་ཤི་རྨས་ཐེབས་ཚད་ལ་ཚོད་འཛིན་ངེས་ཅན་ཐེབས། དེ་བས་སྔོན་འགོག་དང་སྔོན་བརྡ་གཏོང་བར་ནུས་པ་གལ་ཆེན་ལྡན། 

5_1 ཁྱིམ་ཚང་གི་ཡོམ་འགོག

ས་ཡོམ་ཐེངས་གཅིག་བྱུང་ན་གློག་དང་ཆུ། ཚ་འདོན་མ་ལག འགྲིམ་འགྲུལ་མ་ལག འཚོ་བའི་ངེས་མཁོ་ཐོན་རྫས་མ་ལག ཆ་འཕྲིན་མ་ལག་དང་དེ་མིན་སྨན་བཅོས་མ་ལག་སོགས་ལ་གཏོར་བརླག་ཐེབས་ཏེ་མིའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་ངེས་པས་ངེས་པར་ཁྱིམ་ཚང་གི་སྔོན་འགོག་འཆར་གཞི་ཞིག་བཟོ་དགོས། 

ཐོག་མར་ཁང་བའི་ནང་གི་མཐོ་སར་དཔྱངས་པའི་རིགས་དང་། ཆ་སྒམ་དང་ཤིང་སྒྲོམ་སྟེང་དྲང་འཕྱང་བཞག་པའི་ཅ་ལག་ཡོད་ན་གནས་བརྗེས་ཏེ་ས་ཡོམ་བྱུང་ན་ཡང་ཉེན་ཁ་མེད་པར་བཟོ་དགོས་ཤིང་། དུས་མཚུངས་སུ་འགད་སླ་བ་དང་འབར་སླ་བའི་རིགས་ཐམས་ཅད་མེད་པར་བཟོ་དགོས། མལ་ཁྲི་སྒེའུ་ཁུང་དང་རིང་བའི་སར་འཇོག་པ། སྒེའུ་ཁུང་སྟེང་གས་འགོག་སྤྱིན་ལྕུག་སྦྱོར་དགོས། ཡོམ་འགོག་ཡོ་བྱད་ལེན་བདེ་བའི་སར་བཞག་སྟེ་ཉེན་ཁ་ལས་ཐར་བར་རམ་འདེགས་བྱེད་དགོས།

5_2 སློབ་གྲྭའི་ཡོམ་འགོག

སློབ་གྲྭ་ཆུང་འབྲིང་དུ་ཡོམ་འགོག་ཤེས་བྱ་ཁྱབ་བརྡལ་དུ་གཏོང་དགོས་པ་མ་ཟད། ཡོམ་ཁུལ་གྱི་སློབ་གྲྭར་ཡོམ་འགོག་སྦྱོང་བརྡར་སྐོར་གྱི་ཇུས་གཞི་བཀོད་དེ་གལ་སྲིད་སློབ་ཁྲིད་ཀྱི་སྐབས་སུ་ས་ཡོམ་བྱུང་ན་དགེ་རྒན་གྱིས་བརྡ་བསྟན་པ་ཙམ་གྱིས་མིག་བཙུམས་ཏེ་སྒྲོག་ཙེའི་འོག་ཏུ་འཛུལ་ཤེས་པ་ཞིག་ཏུ་གཏོང་འོས། ས་ཁུལ་གཅིག་ལ་དུས་རིམ་ངེས་ཅན་ཞིག་གི་རིང་ས་ཡོམ་བྱུང་ན་སློབ་གྲྭ་དང་ཁྱིམ་བདག་ཕྱོགས་ནས་འབྲེལ་འདྲིས་བྱེད་དགོས། ཆ་རྐྱེན་ཚང་ན་མྱུར་མཁོ་སྨན་རྫས་དང་། གྲང་དང་ཆར་བ་འགོག་སྤྱད་ཀྱི་ཡོ་ཆས་གྲ་སྒྲིག་བྱས་ཏེ་འཛིན་གྲྭའི་སློབ་མ་སོ་སོར་སྟེར་དགོས། ས་ཡོམ་བྱུང་ན་རང་ཉིད་ནས་ཇི་ལྟར་བྱེད་དགོས་ཤེ་ན།

ས་ཡོམ་བྱུང་བའི་དུས་ལ་སྒོ་ཕྱི་རུ་ཡོད་ན་ཁང་བརྩེགས་དང་། དུ་ཁུང་། གློག་སྡོང་སོགས་ལོག་ཉེན་ཆེ་བའི་དངོས་པོའི་ཉེ་སར་འགྲོ་མི་རུང་ཞིང་ཁོད་ཡངས་པའི་ས་རུ་འགྲོ་དགོས། ས་ཡོམ་ནི་མིའི་ཚེ་སྲོག་འཕྲོག་པར་བྱེད་པའི་གནོད་འཚེའི་རིགས་ཤིག་ཡིན་མོད། སྔོན་འགོག་མི་ཐུབ་པ་ཞིག་མིན། ཡོམ་འགོག་ཤེས་བྱ་གསལ་བོར་ངེས་ཤིང་གོ་སྐབས་དམ་འཛིན་ཐུབ་ན་རང་ཉིད་ལ་གནོད་འཚེ་ཐེབས་ཚད་ཇེ་ཡང་དུ་གཏོང་ཐུབ།

ཐང་ཧྲན་ས་ཡོམ་ནི་ཡོམ་གཙོ་འཕྲོ་ཡོམ་ཅན་དུ་གཏོགས་ཤིང་། ཡོམ་གཙོ་རིམ་པ7དང་། ཡོམ་གཙོའི་རྗེས་སུ་འཕྲོ་ཡོམ་ཐེངས་དུ་མར་བྱུང་། དེ་མིན་ཐེངས་དེའི་ས་ཡོམ་ནི་ལུང་མན་རི་བོའི་ས་ཡོམ་ཆད་རིམ་གྱི་ལྷོའི་རིམ་པར་བྱུང་བ་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :མིང་གསང་tNNy81462

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།