“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས།
“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནི་ཀྲུང་གོ་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཚད་གཞི་མཐོ་བའི་གླེང་སྟེགས་ཀྱི་བྱེད་སྒོ་ཞིག་རེད། གཙོ་བོ་འགོ་ཚུགས་མཛད་སྒོ་དང་། གྲལ་སྒོར་དབུ་ཚོགས། རིམ་པ་མཐོ་བའི་ཚོགས་འདུ་བཅས་ཁག་གསུམ་ཡོད། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོ་སྤྱི་ལོ2017ལོའི་ཟླ5བའི་ཚེས14ནས་ཚེས15ཉིན་བར་པེ་ཅིང་དུ་འཚོགས། སྤྱི་ལོ2019ལོའི་ཟླ4བའི་ཚེས25ཉིན་ནས་ཚེས27ཉིན་བར། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་འཚོགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
“一带一路”国际合作高峰论坛
ས་གནས།
པེ་ཅིང་།
ཕྱི་ཡིག་གི་མིང་།
Belt and Road Forum for International Cooperation
དུས་ཚོད།
སྤྱི་ལོ2017ལོའི་ཟླ5བའི་ཚེས14ཉིན་ནས་ཚེས15ཉིན་བར། (སྐབས་དང་པོ།)
རྒྱལ་ཁབ།
ཀྲུང་གོ
1 རྒྱབ་ལྗོངས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ2013ལོའི་སྟོན་ཁར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲོས་འགོ་བཏོན།  དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་ཕན་ཚུན་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱས་ཐོག  ལེགས་ཆ་གསབ་རེས་བྱས་ཏེ་ཐུན་མོང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའོ། །   མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་།        ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས།   ཨེ་ཤ་ཡ་དང་ཡོ་རོབ་གྲོས་ཚོགས་སོགས་འབྲེལ་ཡོད་ཀྱི་གྲོས་ཆོད་དང་ཡིག་ཆ་ཚང་མར“རྒྱུད་གཅིག་ལམ་གཅིག”གི་ནང་དོན་མཚོན་ཡོད། 

2 འཕེལ་རིམ།

སྤྱི་ལོ2017ལོའི་ཟླ1ཚེས17ཉིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཝོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་ཁྱབ་བསྒྲགས་བྱས།   དེ་ནས་སྤྱི་ལོ2017ལོའི་ཟླ5པར་ཀྲུང་གོས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཙོ་གཉེར་བྱས་ནས་མཉམ་ལས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་དང་། མཉམ་ལས་ཀྱི་སྟེགས་བུ་སྐྲུན་པ་དང་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། མིག་སྔའི་དཔལ་འབྱོར་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཇུས་གཞི་འཚོལ་བ་དང “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་པར་གྲོས་མཐུན་བྱུང་།    སྤྱི་ལོ2017ལོའི་ཟླ3ཚེས5ཉིན། ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི《སྲིད་གཞུང་གི་ལས་དོན་སྙན་ཞུ》གནང་སྐབས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྤུས་ཚད་མཐོན་པོས་གཉེར་དགོས་པ་བསྟན། 

3 ནང་དོན།     

ཐུན་མོང་གི་ངོས་འཛིན་དེ་བས་ལེགས་པའི་སྒོ་ནས་གཅིག་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོས་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དེ“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱ་རྒྱུ་དང་།  མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་བྱ་དགོས”ཞེས་བཏོན་ཡོད།  གྲོས་གཞི་དེ་སྤྱི་ཡོངས་ནས“ཤར་གཏོང་ལྔ”སྟེ།  སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་སྦྲེལ་མཐུད།  ཚོང་དོན་ཤར་བགྲོད།  མ་དངུལ་འཁོར་རྒྱུག  དམངས་སེམས་གཅིག་མཐུན་བཅས་གཙོ་རྐང་དུ་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། ཐོན་ལས་མ་འཇོག   ནུས་རྒྱུའི་ཐོན་ཁུངས།  དངུལ་རྩའི་འདེགས་སྐྱོར།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རྒྱ་མཚོའི་མཉམ་ལས་སོགས་ཁྱབ་ཁོངས་གལ་ཆེན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།   རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་ཞུགས་པའི་གྲལ་སྒོར་དབུ་ཚོགས་ནི་མཐོ་རིམ་གླེང་སྟེགས་ཀྱི་གཙོ་གནད་ཡིན།  དེས་གྲོས་དོན་གཉིས་ལ་གྲོས་བསྡུར་གཙོ་བོ་བྱས་པ་སྟེ། གཅིག་ནི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། གཉིས་ནི་ཕན་ཚུན་སྦྲེལ་མཐུད་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱེད་དགོས།  གླེང་སྟེགས་སྟེང་དུ་གཙོ་བོ་གྲོས་དོན་གཉིས་ལ་གྲོས་བསྡུར་བྱས།   གཅིག་ནི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རོགས་ཟླའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ནི་ཕན་ཚུན་སྦྲེལ་མཐུད་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་འཕེལ་རྒྱས་ཡོང་བར་བྱེད་དགོས་པ་དེ་ཡིན།

4 དམིགས་འབེན།

གཅིག   “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་དགེ་མཚན་ལྡན་པའི་འཕེལ་རིམ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ཏེ།  དུས་འགོའི་གྲུབ་འབྲས་གལ་ཆེན་མངོན་པར་བྱས་ནས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་མཉམ་ལས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་དགོས།

གཉིས།    དུས་མཚམས་རྗེས་མའི་མཉམ་ལས་ཀྱི་བྱེད་ཐབས་གྲོས་བསྡུར་དང་།  འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཉམ་འགུལ་འཕེལ་རྒྱས་སུ་གཏོང་དགོས།

གསུམ།     ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།   གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ།  རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས།


5 དོན་སྙིང་།

གཅིག     “རྒྱུད་གཅིག་ལམ་གཅིག”གི་འདུ་ཤེས་ནི་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་།  དམིགས་ཚད་ནི་མཉམ་ལས་གཉིས་ཕན་ཡིན།  བྱ་རིམ་འདིའི་ནང་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བྱས་རྗེས་འཇོག་དགོས་ལ།  ཕྱི་ཕྱོགས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བརྒྱུད། རྒྱལ་ནང་གི་བསྒྱུར་བཅོས་ལ་སྐུལ་སྤེལ་བཏང་ནས་རྒྱལ་ནང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་མ་ཟད།  ཀྲུང་གོ་རང་ཉིད་འཕེལ་རྒྱས་གཏོང་བའི་དགོས་མཁོ་དེ་རྒྱལ་སྤྱིའི་མཉམ་ལས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱ་དགོས།

གཉིས།     “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་བརྟེན་ནས་ནུབ་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་།  སྒོ་འབྱེད་ལ་བརྟེན་ནས་ནུབ་རྒྱུད་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།  

གསུམ།        “རྒྱུད་གཅིག་ལམ་གཅིག”གི་ཁོངས་སུ་ཀྲུང་གོའི་དབུས་ཁུལ་དང་ནུབ་རྒྱུད།   མཚོ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚུད་ཡོད།  “རྒྱུད་གཅིག་ལམ་གཅིག”  གིས་ཀྲུང་གོར་ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང། 

བཞི།         “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་དེ་ང་ཚོས་ཕྱི་ཕྱོགས་དང་དཔལ་འབྱོར་མཉམ་ལས།  རྒྱལ་ནང་གི་སྒྱུར་བཅོས།  སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་མཉམ་འདྲེས་དམ་ཟབ་བྱ་རྒྱུར་ཕན་པ་ཡོད།   ཀྲུང་གོས་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་དོན་འཁྱོལ་དང་།   ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སོགས་ལ་ཕན་ཐོགས་ཡོད།   རྒྱལ་ཁབ་ཁག་དང་མཉམ་དུ་གསར་གཏོད་འཕེལ་རྒྱས་དང་། མཐུན་སྦྱོར་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ཀྱི་འདུན་པ་གསར་པ་འཆར་འགོད་བྱས་ཏེ།   “ལོ་ལྔའི་འཆར་འགོད་བཅུ་གསུམ་པ”དོན་འཁྱོལ་དང་།  “ལོ་བརྒྱ་གཉིས”ཀྱི་རླབས་ཆེན་གྱི་ལོ་རྒྱུས་དམིགས་འབེན་མངོན་འགྱུར་བྱེད་པ་ལའང་ཕན་ཐོགས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྒྱུད་གཅིག་ལམ་གཅིག དོན་སྙིང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-26

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།