གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ2017ལོའི་ཟླ10བའི་ཚེས18ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བཏོན་པའི་འཐབ་ཇུས་ཤིག་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། ཞིང་ལས་དང་། གྲོང་གསེབ་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས། ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་གི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། སྤྱི་ལོ2018ལོའི་ཟླ1ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྟེ། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ2018ལོའི་ཟླ3པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས《སྲིད་གཞུང་གི་ལས་དོན་སྙན་ཞུ》ནང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་དགོས་ཞེས་གསུངས་པ་རེད། སྤྱི་ལོ2018ལོའི་ཟླ5བའི་ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་འཆར་འགོད(སྤྱི་ལོ2018ལོ་ནས་སྤྱི་ལོ2022ལོ་བར)》ལ་གྲོས་ཞིབ་བྱས་པ་རེད། སྤྱི་ལོ2018ལོའི་ཟླ9པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འཆར་འགོད(སྤྱི་ལོ2018ལོ་ནས་སྤྱི་ལོ2022ལོ་བར)》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་ཡང་བཏང་བ་དང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乡村振兴战略
འབྱུང་ཁུངས།
ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ།
ཕྱི་ཡིག་གི་མིང་།
the rural revitalization strategy
དུས་ཚོད།
སྤྱི་ལོ2017ལོའི་ཟླ10བའི་ཚེས18ཉིན།
གཞི་འཛིན་ས།
སྤྱི་ལོ2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།
1 རྩ་དོན།

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། ཞིང་བའི་གོ་གནས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱ་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་ཡུལ་བབ་དང་བསྟུན་པ་དང་གོམ་པ་རིམ་བགྲོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།   གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་མ་ཟད་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ཐོན་རྗེས་ད་དུང་ལོ་སུམ་ཅུ་ཇེ་རིང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་དགོས། 

2 དོན་སྙིང་།

1.   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན།

2.   གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན།

3.   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན།

4.   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དེང་རབས་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཇེ་ལེགས་སུ་གཏོང་བའི་ཐབས་ཇུས་ཤིག་ཡིན།

5.   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་དམངས་རྣམས་ཐུན་མོང་ཕྱུག་པོར་འགྱུར་བའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། 

3 གནད་འགག

ཀྲུང་གོའི་གུང་ཁྲན་ཏང་ནི་ང་ཚོའི་བྱ་གཞག་འཕེལ་རྒྱས་གཏོང་བར་འགོ་ཁྲིད་བྱེད་པའི་སྲོག་ཤིང་ཡིན། ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ།  ཏང་གིས་གྲོང་གསེབ་ཀྱི་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་།  གྲོང་གསེབ་དར་རྒྱས་གཏོང་བར་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལེགས་འགྲུབ་ཡོང་བའི་གནད་འགག་ཡིན།


4 དུས་ཚོད།

སྤྱི་ལོ2017ལོའི་ཟླ12པའི་ཚེས29ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་།  གྲོང་གསེབ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བར་བྱེད་དགོས་པའི་བླང་བྱ་ཐོག་མར་བཏོན།   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དུས་ཚོད་དབྱེ་མཚམས་གསུམ་དུ་བགར་ན།


སྤྱི་ལོ2020ལོར་སླེབས་སྐབས།  གྲོང་གསེབ་དར་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་ཆགས་པར་བྱ་རྒྱུ།

སྤྱི་ལོ2035ལོར་སླེབས་སྐབས།  གྲོང་གསེབ་དར་རྒྱས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།

སྤྱི་ལོ2050ལོར་སླེབས་སྐབས།  གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་དང་། ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོ་བཅས་མངོན་འགྱུར་ཡོང་བ་བྱེད་དགོས།

5 མངོན་གྱུར་བྱེད་ཐབས།

1.ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་སྐྲུན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།

2.གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ངེས་པར་དུ་སྲ་བརྟན་དང་འཐུས་ཚང་དུ་བཏང་སྟེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དགོས།

3.ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།  སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས།

4.མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།

5.ཞིང་ལས་ཤེས་དཔལ་ངེས་པར་དུ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།

6.གྲོང་གསེབ་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ནས་གྲོང་གསེབ་བཅོས་སྐྱོང་གི་ལམ་བུར་བསྐྱོད་དགོས།

7.དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་ཉུང་གཏོང་གི་ལམ་བུར་བསྐྱོད་དགོས།


6 དམིགས་ཡུལ།

ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་འཚམ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱ་ལྟར། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། 

གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཀྱིས་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-21

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།