ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་བ།
སྤྱི་ལོ2015ལོའི་ཟླ1པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་སྟེ། ས་ཁུལ་དང་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་མཐར་ཕྱིན་ནན་ཏན་བྱ་དགོས་པའི་བླང་བྱ་བཏོན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国特色新型智库
ལས་ཁུངས།
ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་།
དུས་ཚོད།
སྤྱི་ལོ2015ལོའི་ཟླ1པའི་ཚེས20ཉིན།
རྒྱལ་ཁབ།
ཀྲུང་གོ
1 དོན་སྙིང་།

1.  ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་ནི་ཏང་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་ལ་ཁྲིམས་ལྟར་ཇུས་ཐག་བཅད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།   ཇུས་ཐག་གཅོད་པའི་བློ་འདྲིའི་ལམ་ལུགས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ང་ཚོའི་ཏང་གིས་སྔར་ནས་བཟུང་ཐབས་ཇུས་བློ་འདྲིའི་ལས་དོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་རིག་མཛོད་འཛུགས་སྐྲུན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་རྒྱབ་སྐྱོར་ཆེན་པོ་་བྱས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་སླེབས་ཡོད། སྒྱུར་འཕེལ་བརྟན་གསུམ་གྱི་དཀའ་གནད་སེལ་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་ཁ་གཏད་གཅོག་པའི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་ཐབས་ཇུས་ཀྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། དེ་བས་རིག་མཛོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། ཚན་རིག་དང་མཐུན་པའི་བློ་འདྲི་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་འདེགས་སྐྱོར་བྱེད་དགོས།

2.  ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ནང་དོན་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱབ་ཆེ་བ་དང་རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན།  ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྲིད་སྐྱོང་ལུགས་ཁྲོད་ཀྱི་ཇུས་འདོན་ཚོགས་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།

3.     ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་ནི་རྒྱལ་ཁབ་ཀྱི་འཇམ་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།   རིག་མཛོད་ནི་རྒྱལ་ཁབ་ཀྱི་འཇམ་ཤུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཀྱི་རྒྱུ་རྐྱེན་གལ་ཆེན་དུ་འགྱུར་བཞིན་ཡོད་ཅིང་། ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད།  དེ་བས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་གཟུགས་བརྙན་བཟང་པོ་བསྐྲུན་པ་དང་། ཀྲུང་ཧྭའི་རིག་གནས་དང་དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་འཛམ་གླིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། 

2 སློབ་སྟོན་བསམ་བློ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། སྲིད་ཇུས་ཞིབ་འཇུག་བློ་འདྲི་བྱ་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་པ། རྩ་འཛུགས་ཀྱི་རྣམ་པ་དང་དོ་དམ་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། བསྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ་དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པའི་མ་ལག་འཛུགས་སྐྲུན་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས།

3 གཞི་རྩའི་རྩ་དོན། 

གཅིག ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་དགོས།  ཏང་གིས་རིག་མཛོད་དོ་དམ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་རྩ་བའི་གཞི་འཛིན་སར་བྱེད་པ་དང་། རང་རྒྱལ་གྱི་གནས་ཚུལ་དངོས་གཞིར་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར་བཅས་གང་ལེགས་མཚོན་དགོས།

གཉིས། ཁྱོན་ཡོངས་ལ་དམིགས་པ་དང་ཞབས་ཞུ་ལྟེ་གནས་ཀྱི་ལས་ཀ་རྒྱུན་འཁྱོངས་བྱེད་དགོས།  ཏང་དང་སྲིད་གཞུང་གི་ཇུས་ཐག་གཅོད་པར་དགོས་མཁོ་ཆེ་བའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་ཐུབ་པ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། གསོག་འཇོག་རང་བཞིན་བཅས་ཀྱི་སྲིད་ཇུས་ཞིབ་འཇུག་བྱ་དགོས་ལ། ཆེད་ལས་ཅན་དང་། དགེ་མཚན་ལྡན་པའི་སྲིད་ཇུས་དང་གྲོས་འགོ་བཏོན་ནས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་དང་འཐབ་ཇུས་ཇུས་འགོད་བྱེད་ནུས་ཆེ་རུ་གཏོང་དགོས།

གསུམ། ཚན་རིག་གི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་མ་བྱེད་དགོས།   བདེན་འཚོལ་དངོས་སྒྲུབ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། གནད་དོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱ་དགོས་པ་མ་ཟད། རིག་གཞུང་གི་ལྟ་བ་མི་འདྲ་བ་དང་སྲིད་ཇུས་ཀྱི་གྲོས་འགོ་མི་འདྲ་བ་དར་སྤེལ་གཏོང་བ་དང་། འགྲན་བསྡུར་དང་འདྲ་མཉམ་ངང་གྲོས་བསྡུར་བྱས་ཏེ་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་དང་སྐྱོན་བྲལ་ཡར་ཐོན་ལ་ཕན་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

བཞི། བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ནས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས།    སྤྱི་ཕན་ཞབས་ཞུའི་ཁྲིད་ཕྱོགས་དང་ཁེ་གཉེར་མིན་པའི་སྒྲིག་གཞིའི་ངོ་བོའི་བླང་བྱ་ལྟར། རིགས་དབྱིབས་མི་འདྲ་བ་དང་ངོ་བོ་མི་འདྲ་བའི་རིག་མཛོད་རིགས་དབྱེའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཚན་རིག་དང་མཐུན་པའི་རིག་མཛོད་སྣ་ཚོགས་ཀྱི་ནུས་པ་གཏན་འཁེལ་བྱ་དགོས་པ་མ་ཟད། རྩེ་རིམ་ཇུས་འགོད་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། རིགས་འབྱེད་མཛུབ་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་ཏེ། རིག་མཛོད་ཀྱི་བཀོད་པ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ནས་རིག་མཛོད་སྣ་ཚོགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

4 ཞིབ་འཇུག་བྱ་ཡུལ། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་འཐབ་ཇུས་ཀྱི་གནད་དོན་དང་སྤྱིའི་སྲིད་ཇུས་ཡིན།

5 རྣམ་པ་གསར་བ།

གཅིག   སྤྱི་ཚོགས་ཚན་རིག་ཁང་དང་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གིས་ཚན་རིག་ཞིབ་འཇུག་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ། རིག་གཞུང་ཚན་ཁག་གི་བཀོད་པ་ལེགས་སྒྲིག་དང་ལེགས་འགྱུར་བྱེད་དེ། ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་བྱེད་ནུས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་དངོས་ཡོད་གནད་དོན་གལ་ཆེན་གཙོ་གནད་དུ་དམིགས་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་དང་ཐབས་ཇུས་བློ་འདྲིའི་ཞིབ་འཇུག་བྱ་དགོས། 

གཉིས། མཐོ་རིམ་སློབ་གྲྭའི་རིག་མཛོད་འཕེལ་རྒྱས་དང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་དགོས།  མཐོ་རིམ་སློབ་གྲྭའི་རིག་གཞུང་ཚན་ཁག་ཆ་ཚང་བ། ཤེས་ལྡན་མི་སྣ་འདུས་ཚད་ཆེ་བ། ཕྱི་ཕྱོགས་དང་སྤེལ་རེས་བྱེད་ཁྱོན་ཆེ་བ་བཅས་ཀྱི་དགེ་མཚན་ལྡན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཐོ་སློབ་ཀྱི་རིག་མཛོད་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་མཐོ་སློབ་ཀྱི་རིག་སྟོབས་ཞབས་ཞུའི་ནུས་པ་སྤྱི་ཡོངས་ནས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ། ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་དང་ཁེ་ལས་ཀྱི་རིག་མཛོད་འཛུགས་སྐྲུན་བྱེད་དགོས། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་འཕེལ་རྒྱས་འགྲོ་ཕྱོགས་ལ་ཞིབ་འཇུག་དང་། བློ་འདྲིའི་གྲོས་འགོ་འདོན་པ། ཚན་རིག་དང་མཐུན་པའི་དཔྱད་དཔོག་བཅས་བྱས་ཏེ།  ཚན་རྩལ་གསར་གཏོད།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།

བཞི། སྤྱི་ཚོགས་རིག་མཛོད་སྐྱོན་བྲལ་ངང་འཕེལ་རྒྱས་ཁྲིད་སྟོན་བྱེད་དགོས།   སྤྱི་ཚོགས་ཀྱི་འགན་འཁྲི་ཨང་དང་པོར་བཞག་སྟེ། དམངས་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིག་མཛོད་གསར་འཛུགས་ཚད་ལྡན་དུ་གཏོང་བ་དང་སྣེ་ཁྲིད་བྱེད་པའི་བསམ་འཆར་འགའ་ཞིབ་འཇུག་གཏན་འབེབས་བྱས་ཏེ། སྤྱི་ཚོགས་ཀྱི་རིག་མཛོད་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།  

ལྔ། རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་དགོས།    རིག་མཛོད་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག རིག་མཛོད་ཀྱི་སྤུས་ལེགས་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་རྒྱལ་ཁབ50ནས100བར་གྱི་དགོས་མཁོ་ཆེ་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། ལམ་ལུགས་གསར་གཏོད། འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་པའི་ཆེད་ལས་ཅན་གྱི་རིག་མཛོད་རྩེ་གྲ་འཛུགས་སྐྲུན་བྱེད་དགོས།

དྲུག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁོངས་གཏོགས་ཀྱི་སྲིད་ཇུས་ཞིབ་འཇུག་ལས་ཁུངས་ཀྱི་ཐབས་ཇུས་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ལས་ཁུངས་ཁོངས་གཏོགས་ཀྱི་སྲིད་ཇུས་ཞིབ་འཇུག་ལས་ཁུངས་ཀྱིས་ལྟེ་བའི་ལས་འགན་དང་གཙོ་གནད་ལས་དོན་ལ་དམིགས་ཏེ། དུས་བཀག་ལྟར་ཇུས་ཐག་གཅོད་པའི་དགོས་མཁོའི་ཆ་འཕྲིན་ཁྱབ་བསྒྲགས་དང་།  སྲིད་གཞུང་གིས་ཉོ་སྒྲུབ། ཐད་ཀར་མངགས་བཅོལ། ཞིབ་འཇུག་བྱ་གཞིའི་མཉམ་ལས་སོགས་ཀྱི་རྣམ་པ་བརྒྱུད་དེ་འབྲེལ་ཡོད་རིག་མཛོད་ཀྱིས་སྲིད་ཇུས་ཞིབ་འཇུག་དང་། ཐབས་ཇུས་དཔྱད་དཔོག སྲིད་ཇུས་གསལ་འགྲེལ་སོགས་ཀྱི་ལས་དོན་སྒྲུབ་པར་ཁྲིད་སྟོན་བྱེད་དགོས།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།