དམངས་ཀྱིས་བྱ་གཞག་སྐྲུན།ཀུན་གྱིས་གསར་གཏོད་བྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་ཀྱིས་བྱ་གཞག་སྐྲུན།ཀུན་གྱིས་གསར་གཏོད་བྱེད།
“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད”ཅེས་པ་ནི་སྤྱི་ལོ2014ལོའི་ཟླ9བའི་དབྱར་ཁར་ཏ་ཝོ་སི་གླེང་སྟེགས་ཐོག་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་གསུང་བཤད་ལས་བྱུང་བ་ཞིག་རེད། ལི་ཁེ་ཆང་གིས་བསྟན་དོན། ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི960ཐོག་ཏུ“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”རྣམ་པ་གསར་པ་ཞིག་ཆགས་པར་བརྩོན་དགོས། དེ་རྗེས་ཁོང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དང་པོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ། སྤྱི་ལོ 2015ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》སོགས་ཀྱི་ཚོགས་འདུའི་ཐོག གནད་ཚིག་དེར་ཡང་ཡང་འཆད་འགྲེལ་གནང་བ་རེད། སྤྱི་ལོ2018ལོའི་ཟླ9བའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གསར་གཏོད་ལས་གཏོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“གཉིས་གཏོད”ཀྱི་རིམ་འཕར་སྐོར་གྱི་བསམ་འཆར》བཀྲམ་པ་རེད། སྤྱི་ལོ 2018ལོའི་ཟླ12པའི་ཚེས20ཉིན། སྤྱི་ལོ 2018ལོའི་ལོ་འཁོར་གྱི་དཔལ་འབྱོར་རིགས་ཀྱི་དར་ཁྱབ་ཆེ་བའི་སྐད་ཆ་བཅུའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大众创业    万众创新
བཏོན་པའི་ས་གནས།
སྤྱི་ལོ 2014ལོའི་དབྱར་ཁ་ཏ་ཝོ་སི་གླེང་སྟེགས།
འདོན་མཁན།
ལི་ཁེ་ཆང་།
བཏོན་པའི་དུས་ཚོད།
སྤྱི་ལོ2014ལོའི་ཟླ9བ།
1 སྲིད་ཇུས་གསལ་འདོན།

ཙུང་ལི་ལི་ཁེ་ཆང་གིས“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ”གསལ་བོར་བཏོན།   ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བསྒྱུར་བཅོས་དེ་ཚོང་རའི་གྲུབ་ཆ་གཙོ་བོར་བརྩིས་ནས་བར་སྟོང་སྔར་ལས་གློད་གྲོལ་བཏང་སྟེ། རྒྱལ་དམངས་ལ་དངོས་པོའི་རྒྱུ་ནོར་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་པའི་འཚོལ་སྙེག་མངོན་འགྱུར་བྱེད་དུ་འཇུག་དགོས། འདི་ནི་སྐབས་འདིའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན། 

2 སྲིད་ཇུས་གསལ་འགྲེལ།

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མཚོན་ན། “ཆེད་ལས་མི་སྣ” ནི་ཁྲོམ་རའི་སྦྱོང་བརྡར་ཁྲོད་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་བ་ཞིག་རེད། “གཉིས་གཏོད”ཀྱིས་མི་མང་པོའི་ཕུགས་འདུན་མངོན་འགྱུར་གཏོང་ཐུབ།    “ཆེད་ལས་མི་སྣ”སྔར་བས་མང་བ་སྐྱེད་སྲིང་བྱས་པ་ལས་མི་ཤུགས་ཐོན་ཁུངས་དེ་མི་ཤུགས་མ་རྩར་བསྒྱུར་བ་དང་། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཀྱི་བཟང་ཆ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་གཏོང་དགོས། 

གཞན “གཉིས་གཏོད”ཚུད་པའི་བྱེད་ཐབས་སྣ་ཚོགས་སྤྱད་ན།   སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་བྱེད་ཕོད་པ་དང་། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤྱི་ཚོགས་ཐུན་མོང་ཕྱུག་འགྱུར་མངོན་པར་ཕན་ཐོགས་ཡོད།

3 དམིགས་ཡུལ།

1. ས་ཁོངས་རང་བཞིན་གྱི་དཔེ་སྟོན་རྟེན་གཞིས་གསར་གཏོད་ཐོན་ཁུངས་གཅིག་བསྡུས་ས་ཁོངས་དག་གཙོ་གནད་དུ་བཟུང་སྟེ། ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ལ། ལས་སྐྲུན་མ་འཇོག་གི་ཡོང་ཁུངས་རྒྱ་བསྐྱེད་པ་དང་། ལས་སྐྲུན་གསར་གཏོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱ་དགོས། 

2. མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་དཔེ་སྟོན་རྟེན་གཞིས་མི་ཤུགས་དང་ལག་རྩལ་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ།    ཤེས་ལྡན་མི་སྣ་དང་ཚན་རྩལ་གྱི་དགེ་མཚན་དེ་ཐོན་ལས་དང་དཔལ་འབྱོར་གྱི་དགེ་མཚན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

3. ཁེ་ལས་ཀྱི་དཔེ་སྟོན་རྟེན་གཞིས་ཁེ་ལས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་བྱས་ཏེ།  ལས་སྒོ་གསར་འབྱེད་དང་གསར་གཏོད་ལ་འཚམ་པའི་ཁེ་ལས་དོ་དམ་མ་ལག་འཛུགས་པ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གསར་གཏོད་བྱེད་ནུས་སྐུལ་སློང་བྱ་དགོས། 

4. ཚན་ཞིབ་ཁང་གི་དཔེ་སྟོན་རྟེན་གཞིས་མི་ཤུགས་དང་ལག་རྩལ་ཐོན་ཁུངས་སྔོག་འདོན་གང་ལེགས་དང་། ཤེས་ལྡན་མི་སྣ་དང་ཚན་རྩལ་གྱི་དགེ་མཚན་དེ་ཐོན་ལས་དང་དཔལ་འབྱོར་གྱི་དགེ་མཚན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ལས་སྐྲུན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཁོར་རྒྱུག་གི་ལམ་སྲོལ་གཙོ་གནད་དུ་བཟུང་ནས་འཐུས་ཚང་དུ་གཏོང་དགོས།  ཚན་རྩལ་གྲུབ་འབྲས་འཕོ་འགྱུར་ཇེ་མགྱོགས་སུ་གཏོང་བ་དང་། སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་དགོས།






དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔལ་འབྱོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-26

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།