ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཐད་གཏོགས་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན་ལ། སློབ་གྲྭར་དངོས་གཞི་སློབ་མ36000ལྷག་དང་འབུམ་རམས་པ་དང་རབ་འབྱམས་པ18000ལྷག་ཡོད། དགེ་རྒན་དང་ལས་བཟོ་བ5477ཡོད་པའི་ནང་ཆེད་བསྐོས་དགེ་རྒན3243ཡོད་ཅིང་། སློབ་གླིང(པུའུ)25དང་དངོས་གཞིའི་ཚན་ཁག་གི་ཆེད་ལས91ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武汉理工大学
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན19
དབྱིན་ཡིག་གི་མིང་།
Wuhan University of Technology
འབུམ་རམས་ཕྱི་ཚར།
ཞིབ་འཇུག་འཁོར་སྐྱོད་ས་ཚིགས17
བཙུགས་ལོ།
སྤྱི་ལོ1898ལོར།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན2 རིམ་པ་གཉིས་པའི་རིག་ཚན7
སློབ་སྒྲུབ་ངོ་བོ།
གཞུང་བསྒྲུབས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
སློབ་གྲྭའི་ཚབ་ཨང་།
10497
སློབ་བཙུགས་ཉིན་མོ།
ཟླ5པའི་ཚེས27ཉིན།
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞིན་སི་ཅིན། སློབ་གཙོ། ཀྲང་ཆིང་ཅེ།
དངོས་གཞིའི་ཆེད་ལས།
91
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་རིག་ཚན46
དཀར་ཆག
1   ལོ་རྒྱུས་འཕེལ་རིམ།
2   སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
2.1 རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།
2.2 འགྲིམ་འགྲུལ་སློབ་གླིང་།
2.3 དོ་དམ་སློབ་གླིང་།
2.4 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།
2.5 ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་།
2.6 རླངས་འཁོར་བཟོ་སྐྲུན་སློབ་གླིང་།
2.7 ཐོན་ཁུངས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་།
2.8 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
2.9 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་།
2.10 མཁའ་འགྲུལ་སློབ་གླིང་།
2.11 དངོས་ཟོག་སྐྱེལ་འདྲེན་བཟོ་སྐྲུན་སློབ་གླིང་།
2.12 རང་བྱུང་རིག་པའི་སློབ་གླིང་།
2.13 རྫས་འགྱུར་བཟོ་ལས་དང་ཚེ་སྲོག་ཚན་རིག་སློབ་གླིང་། 
2.14 དཔལ་འབྱོར་སློབ་གླིང་།
2.15 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་།
2.16 ཕྱི་སྐད་སློབ་གླིང་།
3   འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
4   རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
5   ཆེད་ལས་བསླབ་གནས་སྤྲོད་དབང་རིགས། 
6   ཆེད་ལས་བསླབ་གནས་སྤྲོད་དབང་ཁྱབ་ཁོངས། 
7   དགེ་རྒན་གྱི་དཔུང་སྡེ།
8   སློབ་ཁྲིད་འཛུགས་སྐྲུན། 
9   ཞིབ་འཇུག་གི་གྲུབ་འབྲས།
10   རིག་གཞུང་ཐོན་ཁུངས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1963ལོར་ཞིང་ལས་འཕྲུལ་ཆས་བཟོ་ལས་པུའུ་ཡིས་ཝུའུ་ཧན་བཟོ་ལས་སློབ་གླིང་རྩིས་ལེན་བདག་སྤྲོད་བྱས་པ་དང་། དངོས་གཞིའི་ཚན་ཁག་དེ་ལོ་ལྔའི་ལམ་ལུགས་སུ་བསྒྱུར། 

སྤྱི་ལོ1964ལོའི་ཟླ5པར་ནང་སོག་བཟོ་ལས་སློབ་གླིང་གི་རླངས་འཁོར་འདྲུད་འཐེན་འཁོར་ལོའི་ཆེད་ལས་མེད་པར་བཟོས་པ་དང་། ལོ་རིམ་གསུམ་པའི་སློབ་མ36ཝུའུ་ཧན་བཟོ་ལས་སློབ་གླིང་གི་རླངས་འཁོར་འདྲུད་འཐེན་འཁོར་ལོའི་ཆེད་ལས་སུ་བསྒྱུར། 

སྤྱི་ལོ1966ལོའི་ཟླ6པར“རིག་གནས་གསར་བརྗེ་ཆེན་པོ”འགོ་བརྩམས་ཤིང་སློབ་གྲྭས་སློབ་མཚམས་བཞག་ནས་གསར་བརྗེ་བྱས། 

སྤྱི་ལོ1967ལོའི་ཟླ11པའི་ཚེས14ཉིན། “གསར་བརྗེ་ཨུ་ཡོན་ལྷན་ཁང”བཙུགས། 

སྤྱི་ལོ1968ལོའི་ཟླ11པའི་ཚེས18ཉིན། “བཟོ་ལས་དྲིལ་བསྒྲགས་རུ་ཁག”སློབ་གླིང་དུ་བཅའ་སྡོད་བྱས་ནས་སློབ་གླིང་ལ་འགོ་ཁྲིད་བྱས་ཏེ་དམག་དོན་དོ་དམ་ལག་བསྟར་བྱས། 

སྤྱི་ལོ1969ལོའི་ཟླ10པར་འཕྲུལ་ཆས་བཟོ་ལས་པུའུ་བརྒྱད་པས་ཝུའུ་ཧན་བཟོ་ལས་སློབ་གླིང་དེ་ཧུའུ་པེ་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལ་སྤྲད། 

སྤྱི་ལོ1971ལོའི་ཟླ12པར་ཧུའུ་པེ་ཞིང་ཆེན་ཞིང་ལས་འཕྲུལ་ཆས་བཟོ་ལས་ཆེད་སྦྱོང་སློབ་གྲྭ་དང་ཝུའུ་ཧན་བཟོ་ལས་སློབ་གླིང་གཉིས་ཟླ་སྒྲིལ་བྱས་ཏེ། ཧུའུ་པེ་ཞིང་ལས་འཕྲུལ་ཆས་སློབ་གླིང་བཙུགས། 

སྤྱི་ལོ1973ལོའི་ཟླ5པར་ཧུའུ་པེ་ཞིང་ལས་འཕྲུལ་ཆས་ཆེད་སྦྱོང་སློབ་གྲྭ་ཧུའུ་པེ་ཞིང་ལས་འཕྲུལ་ཆས་སློབ་གླིང་ནས་ལོགས་སུ་བཙུགས།

སྤྱི་ལོ1977ལོར་སློབ་གྲྭས་ལོ་བཞིའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་མ་བསྡུ་རྒྱུ་སླར་གསོ་བྱས།

སྤྱི་ལོ1978ལོར་ཧུའུ་པེ་ཞིང་ལས་འཕྲུལ་ཆས་སློབ་གླིང་དེ་ཧུའུ་པེ་ཞིང་ཆེན་གྱི་འགོ་ཁྲིད་ནས་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་འགོ་ཁྲིད་དུ་བསྒྱུར། 

སྤྱི་ལོ1979ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་བསྐྱར་ཞིང་ལས་འཕྲུལ་ཆས་བཟོ་ལས་པུའུ་བཙུགས་པ་དང་། སློབ་གྲྭ་དེ་ཞིང་ལས་འཕྲུལ་ཆས་བཟོ་ལས་པུའུ་ཡི་འགོ་ཁྲིད་ཀྱི་ཁོངས་སུ་བཞག 

སྤྱི་ལོ1981ལོའི་ཟླ11པར་སློབ་གྲྭར་རབ་འབྱམས་པའི་ཡོན་གནས་སྤྲོད་པའི་དབང་ཆ་ཐོབ།

སྤྱི་ལོ1982ལོར་སློབ་གྲྭ་དེ་འཕྲུལ་ཆས་བཟོ་ལས་པུའུ་ཡི་འགོ་ཁྲིད་དུ་བསྒྱུར། 

སྤྱི་ལོ1983ལོའི་ཟླ9པར་སློབ་གྲྭའི་ཁོངས་གཏོགས་ཀྱི་འབྲེལ་བ་དེ་ཀྲུང་གོ་རླངས་འཁོར་བཟོ་ལས་སྤྱི་ཁྱབ་ཀུང་སི་དང་ཧུའུ་པེ་ཞིང་ཆེན་གྱི་འགོ་ཁྲིད་ཉིས་བརྩེགས་དང་ཀྲུང་གོ་རླངས་འཁོར་སྤྱི་ཁྱབ་ཀུང་སི་གཙོ་བོར་གྱུར།

སྤྱི་ལོ1985ལོའི་ཟླ10པར་ཝུའུ་ཧན་བཟོ་ལས་སློབ་གླིང་གི་མིང་ཝུའུ་ཧན་བཟོ་ལས་ལག་རྩལ་སློབ་ཆེན་ཞེས་པར་བསྒྱུར། 

སྤྱི་ལོ1990ལོའི་ཟླ10པར་སློབ་གྲྭར་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཐོབ། 

སྤྱི་ལོ1995ལོར་སློབ་གྲྭ་ཝུའུ་ཧན་རླངས་འཁོར་བཟོ་ལས་སློབ་ཆེན་ཞེས་མིང་བསྒྱུར། 

སྤྱི་ལོ1996ལོའི་ཟླ5པར་ཀྲུང་གོ་རླངས་འཁོར་བཟོ་ལས་སྤྱི་ཁྱབ་ཀུང་སི་དང་ཝུའུ་ཧན་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་ཝུའུ་ཧན་རླངས་འཁོར་བཟོ་ལས་སློབ་ཆེན་བཙུགས།

སྤྱི་ལོ2000ལོའི་ཟླ5པའི་ཚེས27ཉིན་ཝུའུ་ཧན་བཟོ་ལས་སློབ་ཆེན་དང་། ཝུའུ་ཧན་འགྲིམ་འགྲུལ་ཚན་རྩལ་སློབ་ཆེན། ཝུའུ་ཧན་རླངས་འཁོར་བཟོ་ལས་སློབ་ཆེན་བཅས་ཟླ་སྒྲིལ་བཏང་ནས་ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་བཙུགས་པ་དང་སློབ་གསོ་པུའུ་ཡི་ཁོངས་གཏོགས་སུ་བཅུག

སྤྱི་ལོ2006ལོར་རྒྱལ་ཁབ་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བདམས། 

སྤྱི་ལོ2008ལོར“མཐོ་རིམ་སློབ་གྲྭའི་རིག་ཚན་གསར་གཏོད་རིག་འདྲེན་འཆར་གཞི”“111འཆར་གཞི”རུ་བདམས། 

སྤྱི་ལོ2010ལོའི་ཟླ6པར་སློབ་གསོ་པུའུ་ཁག་དང་པོའི“ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི”མཐོ་སློབ་ནང་བདམས། 

སྤྱི་ལོ2013ལོའི་ཟླ་དང་པོར་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྦྱོང་བརྡར་འཆར་གཞིའི་ནང་བདམས།

སྤྱི་ལོ2016ལོར་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་སློབ་གསོ་པུའུ་མཉམ་སྐྲུན་མཐོ་སློབ་ཏུ་གྱུར་ཡོད། 

སྤྱི་ལོ2017ལོའི་ཟླ9པར་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”ཀྱི་འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྲུན་གྱི་མཐོ་སློབ་ཁག་དང་པོར་བདམས། 

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ11པའི་བར་སློབ་གྲྭར་སློབ་གླིང(པུའུ)དང་དངོས་གཞིའི་ཚན་ཁག་གི་ཆེད་ལས91བཙུགས་ཡོད། 

སྤྱི་ལོ2019ལོའི་ཟླ6པར་ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་མིས་བཟོས་རིག་ནུས་དང་རིག་ནུས་བཟོ་སྐྲུན་ལས་གྲྭའི་ཆེད་ལས2མང་དུ་བཏང་། 

2_1 རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་སློབ་གླིང་།

རྒྱུ་ཆ་དབྱིབས་གྲུབ་དང་ཚོད་འཛིན་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རྒྱུ་ཆའི་དངོས་ལུགས། རྒྱུ་ཆའི་རྫས་འགྱུར། སྐྱེ་མེད་ལྕགས་རིགས། རྒྱུ་ཆའི་ལས་གྲྭ། ཆ་རྡུལ་རྒྱུ་ཆ་དང་བཟོ་སྐྲུན། འདྲེས་སྦྱོར་རྒྱུ་ཆ་དང་ལས་གྲྭ། ནུས་ཁུངས་གསར་པའི་རྒྱུ་ཆ་དང་ལྷུ་ལག

2_2 འགྲིམ་འགྲུལ་སློབ་གླིང་།

གཞུང་ལམ་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན། འགྲིམ་འགྲུལ་ལས་གྲྭ། གྲུ་ཁའི་གྲུ་ལམ་དང་མཚོ་འགྲམ་ལས་གྲྭ། 

2_3 དོ་དམ་སློབ་གླིང་།

ཆ་འཕྲིན་དོ་དམ། ཆ་འཕྲིན་རྒྱུད་ཁོངས། དོ་དམ་རིག་པ། ཁྲོམ་རའི་ཚོང་གཉེར། ནོར་དོན་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། བཟོ་ཚོང་དོ་དམ། རྩིས་གཉེར་རིག་པ། སྤྱི་བའི་ལས་དོན་དོ་དམ། ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་།

2_4 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།

བཟོ་ལས་བཟོ་སྐྲུན། དོ་དམ་རིག་པ། འཕྲུལ་ཆས་བཟོ་སྐྲུན། བརྒྱུད་རིམ་སྒྲིག་ཆས་དང་ཚོད་འཛིན་ལས་གྲྭ། ཚད་ལེན་ཚོད་འཛིན་ལག་རྩལ་དང་དཔྱད་ཆས།

2_5 ནུས་ཁུངས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་།

ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། སྣུམ་རླངས་གསོག་སྐྱེལ་ལས་གྲྭ། འཕྲུལ་འཁོར་ལས་གྲྭ། འཛུགས་སྐྲུན་ཁོར་ཡུག ནུས་ཁུངས་བེད་སྤྱོད་ལས་གྲྭ། ཆུ་འདྲེན་ཚན་རིག་དང་ལས་གྲྭའི་དོ་དམ། དོ་དམ་རིག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད།

2_6 རླངས་འཁོར་བཟོ་སྐྲུན་སློབ་གླིང་།

རླངས་འཁོར་ལས་གྲྭ། རླངས་འཁོར་ཞབས་ཞུའི་ལས་གྲྭ། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། 

2_7 ཐོན་ཁུངས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་།

མི་ཚུལ་ས་ཁམས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ས་ཁམས་ཆ་འཕྲིན་ཚན་རིག གནས་ལུགས་རིག་པ། ཁོར་ཡུག་ལས་གྲྭ། ཁོར་ཡུག་ཚན་རིག གཏེར་འདོན་ལས་གྲྭ། བདེ་སྲུང་ལས་གྲྭ། གཏེར་རྫས་ལས་སྣོན་ལས་གྲྭ། 

2_8 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

གློག་རྡུལ་ཆ་འཕྲིན་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། འཕྲིན་གཏོང་བཟོ་སྐྲུན། ཆ་འཕྲིན་ལས་གྲྭ། 

2_9 རྩིས་འཁོར་ཚན་རིག་དང་ལག་རྩལ་སློབ་གླིང་།

རྩིས་འཁོར་ཚན་རིག་དང་ལག་རྩལ། མཉེན་ཆས་ལས་གྲྭ། གཞི་གྲངས་ཚན་རིག་དང་གཞི་གྲངས་ཆེན་མོའི་ལག་རྩལ། གློག་ཤུགས་བཟོ་སྐྲུན།

2_10 མཁའ་འགྲུལ་སློབ་གླིང་།

མཚོ་འགྲུལ་ལག་རྩལ། མཚོ་དོན་དོ་དམ།

2_11 དངོས་ཟོག་སྐྱེལ་འདྲེན་བཟོ་སྐྲུན་སློབ་གླིང་།

དངོས་ཟོག་སྐྱེལ་འདྲེན་དོ་དམ། དངོས་ཟོག་སྐྱེལ་འདྲེན་ལས་གྲྭ། དོ་དམ་རིག་པ། འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན།

2_12 རང་བྱུང་རིག་པའི་སློབ་གླིང་།

འོད་གློག་ཆ་འཕྲིན་ཚན་རིག་དང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་ཚན་རིག་དང་ལག་རྩལ། ཆ་འཕྲིན་དང་རྩིས་རྒྱག་ཚན་རིག སྡོམ་རྩིས་རིག་པ།

2_13 རྫས་འགྱུར་བཟོ་ལས་དང་ཚེ་སྲོག་ཚན་རིག་སློབ་གླིང་། 

རྫས་འགྱུར་ལས་གྲྭ་དང་བཟོ་རྩལ། སྨན་བཟོའི་ལས་གྲྭ། ཉེར་སྤྱོད་རྫས་འགྱུར། སྐྱེ་དངོས་སྨན་བཟོ། བཟའ་བཅའི་འཕྲོད་བསྟེན་དང་འཚོ་བཅུད་རིག་པ། སྐྱེ་དངོས་ལག་རྩལ།

2_14 དཔལ་འབྱོར་སློབ་གླིང་།

དཔལ་འབྱོར་རིག་པ། དངུལ་རྩའི་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། གློག་རྡུལ་ཚོང་དོན། དོ་དམ་རིག་པ།

2_15 སྒྱུ་རྩལ་དང་ཇུས་འགོད་སློབ་གླིང་།

འགུལ་རིས། སྒྱུ་རྩལ་རིག་པ། སྒྱུ་རྩལ་ཇུས་འགོད་རིག་པ། མཐོང་རིས་བརྒྱུད་བསྒྲགས་ཇུས་འགོད། སྒྱུ་རྩལ་རིག་པ། ཁོར་ཡུག་ཇུས་འགོད། ཐོན་རྫས་ཇུས་འགོད། བཟོ་ལས་ཇུས་འགོད།

2_16 ཕྱི་སྐད་སློབ་གླིང་།

དབྱིན་ཡིག རྩོམ་རིག ཧྥ་རན་སིའི་སྐད། རྩོམ་རིག འཇར་པན་སྐད།

3 འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།

མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། འཕྲུལ་ཆས་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། ཆ་འཕྲིན་དང་འཕྲིན་གཏོང་ལས་གྲྭ། རྩིས་འཁོར་ཚན་རིག་དང་ལག་རྩལ། ས་ཤིང་ལས་གྲྭ། གཏེར་ལས་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གྲྭ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭ། ཁོར་ཡུག་ཚན་རིག་དང་ལས་གྲྭ། བདེ་འཇགས་ཚན་རིག་དང་ལས་གྲྭ། དོ་དམ་ཚན་རིག་དང་ལས་གྲྭ། སྒྱུ་རྩལ་རིག་པའི་གཞུང་ལུགས། ཇུས་འགོད་རིག་པ། བཀོལ་སྤྱོད་དཔལ་འབྱོར་རིག་པ། སྒུལ་ཤུགས་ལས་གྲྭ། དངོས་ལུགས། བཟོ་ཚོང་དོ་དམ། ཡོ་བྱད་ཚན་རིག་དང་ལག་རྩལ།

4 རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།

མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཉེར་སྤྱོད་དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། ཆབ་སྲིད་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། སློབ་གསོ་རིག་པ། ཕྱི་སྐད་རིག་པ། གསར་འགྱུར་རིག་པ། རྩིས་རིག་པ། རྫས་འགྱུར་རིག་པ། བསྡོམས་རྩིས་རིག་པ། འཕྲུལ་ཆས་རིག་པ། འཕྲུལ་ཆས་བཟོ་སྐྲུན། འཕྲུལ་ཆས་ཚན་རིག་དང་ལག་རྩལ། རྒྱུ་ཆ་ཚན་རིག་དང་ལག་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གཞི། ཁོར་ཡུག་ཚན་རིག་དང་ལག་རྩལ། བཟོ་རིག

5 ཆེད་ལས་བསླབ་གནས་སྤྲོད་དབང་རིགས། 

ཉེར་སྤྱོད་བསྡོམས་རྩིས། སྨན་རྫས་རིག་པ། ཨར་ལས་རིག་པ། དངུལ་རྩ། མཛེས་རྩལ། རྩིས་པ། རྒྱུ་ནོར་དཔྱད་དཔོག རྒྱལ་སྤྱིའི་ཚོང་དོན། སྤྱི་པའི་དོ་དམ། ཡིག་སྒྱུར། གསར་འགྱུར་དང་ཁྱབ་སྤེལ། སྤྱི་ཚོགས་ལས་དོན། སྒྱུ་རྩལ་ཇུས་འགོད་སོགས།

6 ཆེད་ལས་བསླབ་གནས་སྤྲོད་དབང་ཁྱབ་ཁོངས། 

སྐྱེ་དངོས་གསོ་རིག་ལས་གྲྭ་དང་། རྒྱུ་ཆའི་ལས་གྲྭ ལས་གྲྭའི་དོ་དམ། བཟོ་ཚོང་དོ་དམ། བཟོ་ལས་ལས་གྲྭ། སྒུལ་ཤུགས་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གྲྭ། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭ། ཨར་ལས་དང་ས་ཤིང་ལས་གྲྭ། གཏེར་ལས་ལས་གྲྭ། བདེ་འཇགས་ལས་གྲྭ། ཁོར་ཡུག་ལས་གྲྭ། གློག་རྡུལ་དང་འཕྲིན་གཏོང་ལས་གྲྭ། རྩིས་འཁོར་ལག་རྩལ། མཉེན་ཆས་ལས་གྲྭ། ཚོད་འཛིན་ལས་གྲྭ། འཕྲུལ་ཆས་ལས་གྲྭ། དངོས་ཟོག་འགྲེམས་སྐྱེལ་ལས་གྲྭ། རྫས་འགྱུར་ལས་གྲྭ། བཟོ་ལས་ཇུས་འགོད། རླངས་འཁོར་ལས་གྲྭ།

7 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་བ5407ཡོད་པ་དང་། དེའི་ནང་ཆེད་བསྐོས་དགེ་རྒན3255ཡོད་པ་དང་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི1ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ4དང་ཡོ་རོབ་ཚན་རིག་ཁང་གི་ཡོན་ཧྲི1 ཨོ་སི་ཁྲུ་ལི་ཡའི་བཟོ་སྐྲུན་ཁང་གི་ཡོན་ཧྲི1དང་འཛམ་གླིང་རྫ་ཆས་ཚན་རིག་ཁང་གི་ཡོན་ཧྲི1 ཨུ་རུ་སུའི་བཟོ་སྐྲུན་ཁང་གི་རྒྱལ་ཁོངས་ཕྱིའི་ཡོན་ཧྲི1ཡོད། གོ་ལ་ཧྲིལ་པོར་ཕྱོགས་ནས་གདན་ཞུས་ལས་བསྐོས་བྱས་པའི་འཐབ་ཇུས་ཀྱི་ཚན་རིག་པ30དང་རྒྱལ་ཁབ་ཀྱི“973འཆར་གཞི”དང་ཚན་རིག་ཞིབ་འཇུག་གི་འཆར་གཞི་གལ་ཆེན་གྱི་དབུ་བཞུགས་ཚན་རིག་པ2བཅས་ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”9ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན7 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན2 རྒྱལ་ཁབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་བྱ་དགའ་ཐོབ་མཁན3ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རིག་གནས་མཁས་པ་གྲགས་ཅན་དང“ཁག་གཅིག་བཞིའི”ཤེས་ལྡན་མི་སྣ1 རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དར་གཞོན་རིགས་གཅིག་མཁས་པ6ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ220ཡོད་པ་དང་ཧུའུ་པེ་ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣས་གསོ་སྐྱོང་ལ་སྣེ་ཁྲིད་བྱེད་པའི་འཆར་གཞི་མི6ཡོད། ཞིང་ཆེན་དང་པུའུ་རིམ་པའི་བྱས་རྗེས་འབུར་ཐོན་བཞག་པའི་ན་གཞོན་ཆེད་མཁས་པ81ཡོད་པ་དང་ཞིང་ཆེན་སྲིད་གཞུང་གི་ཆེད་སྤྱོད་ཕོགས་སྣོན་ཆེད་མཁས་པ37ཡོད། 

8 སློབ་ཁྲིད་འཛུགས་སྐྲུན། 

སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས15དང་། ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་ཚོད་ལྟའི་ཆེད་ལས28 རྒྱལ་ཁབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ཆེད་ལས4 རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ཀྱི་ཆེད་ལས2 རྒྱལ་ཁབ་རིམ་པའི་སྤུས་དག་དྲ་ཐོག་སྒོ་འབྱེད་སློབ་ཚན15 རྒྱལ་ཁབ་རིམ་པའི་སྤུས་དག་ཐོན་ཁུངས་མཉམ་སྤྱོད་སློབ་ཚན17 རྒྱལ་ཁབ་རིམ་པའི་སྤུས་དག་བརྙན་འཕྲིན་ཡོངས་བསྒྲགས་སློབ་ཚན8བཅས་ཡོད། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས5དང་རྒྱལ་ཁབ་ཀྱི་བཟོ་རིག་རྨང་གཞིའི་སློབ་ཚན་སློབ་ཁྲིད་རྟེན་གཞི1 རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས13 རྒྱལ་ཁབ་རྒྱལ་སྤྱི་ཅན་གྱི་དཔེ་སྟོན་སློབ་གླིང1 སློབ་གསོ་པུའུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཚོད་ལྟ་ཁུལ4 ཧུའུ་པེ་མཐོ་སློབ་ཀྱི་ཞིང་ཆེན་རིམ་པའི་དཔེ་སྟོན་དངོས་སྦྱོང་རྟེན་གཞི5 ཧུའུ་པེ་ཞིང་ཆེན་གྱི་དངོས་སྦྱོང་རྟེན་གཞི2 རྒྱལ་ཡོངས་ཀྱི་ལས་གཏོད་་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་ལག་ལེན་མི་སྣ་གསོ་སྐྱོང་གསར་གཏོད་ལས་གཏོད་རྟེན་གཞིར་བདམས་ཤིང་། སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭར18ཆེད་ལས18རྒྱལ་ཁབ་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་ས་ཚིགས་ཁག་དང་པོར་བདམས་པ་དང་ཆེད་ལས5 ཞིང་ཆེན་རིམ་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་རྩེ་གྲ་འཛུགས་སྐྲུན་ས་ཚིགས་ཁག་དང་པོར་བདམས།

9 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2010ལོ་ནས་སྤྱི་ལོ2019ལོའི་ཟླ4པའི་བར་སློབ་གྲྭར་ལེགས་གྲུབ་ཚན་པ་དང་པོར་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་ཁག15ཐོབ་ཡོད། སྤྱི་ལོ2018ལོའི་ཟླ4པའི་བར“ལོ་ལྔའི་འཆར་གཞི་བཅུ་པའི”ཚུན། སློབ་གྲྭས་ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་རྣམ་གྲངས4525འགན་ཁུར་ནས་རིམ་རྩིས་བྱས་ན་སློབ་གྲྭར་ཚན་ཞིབ་འགྲོ་གྲོན་སྒོར་དུང་ཕྱུར83.47བཏང་བ་དང་། རིགས་ཁག་གི་ཚན་རྩལ་གྲུབ་འབྲས་བྱ་དགའ940ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་ཚན་རྩལ་བྱ་དགའ34 ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་བྱ་དགའ624ཡོད།

10 རིག་གཞུང་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ12བར་སློབ་གྲྭར་དཔེ་མཛོད་ཁང4ཡོད་པ་དང་ཚད་ལྡན་ཡིག་ཆ་ཁྲི351.2(སློབ་མ་རེར་ཆ་སྙོམས་དེབ54.57)དང་། ཀྲུང་ཕྱིའི་ཡིག་རིགས་ཀྱི་གཞི་གྲངས་མཛོད་ཆེ་གྲས་སྣ་ཚོགས79 གློག་རྡུལ་དཔེ་དེབ7691498ཡོད་ཅིང་། སྤྱི་ལོ2017ལོར་ཚད་ལྡན་ཡིག་ཆ་ཉོ་སྒྲུབ་འགྲོ་གྲོན་སྒོར་ཁྲི2828.12བཏང་ཞིང་དཔེ་དེབ117298དང་གློག་རྡུལ་དཔེ་དེབ93817གསར་དུ་བསྣན་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-21

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།