ཚན་རྩལ་མཁྲེགས་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རྩལ་མཁྲེགས་པོ།
ཚན་རྩལ་མཁྲེགས་པོ་ཞེས་པ་ནི་ཚན་རིག་གི་གསར་རྙེད་དང་ལག་རྩལ་གསར་གཏོད་གཞིར་བཟུང་ནས། དུས་ཡུན་རིང་པོར་ཞིབ་འཇུག་དང་གསོག་འཇོག་བྱས་པ་དང་། ལག་རྩལ་མཐོ་བ་དང་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གསལ་པོ་ཡོད་པ། འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་སྔོན་གྱི་ཐོན་ཆུ་ཚད་མཚོན་ཐུབ་པ། རེས་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་པའི་འགག་རྩའི་ལག་རྩལ་གལ་ཆེན་ལ་ཟེར་བ་ཡིན། མིག་སྔའི་ཚན་རྩལ་མཁྲེགས་པོའི་མཚོན་བྱེད་རང་བཞིན་གྱི་ཁྱབ་ཁོངས་ནི། འོད་གློག་ཉིང་ལྷེབ་དང་། མིས་བཟོས་རིག་ནུས། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་ལག་རྩལ། ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། རིག་ནུས་བཟོ་སྐྲུན་སོགས་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
硬科技
མཚོན་བྱེད་ཁྱབ་ཁོངས།
འོད་གློག་ཉིང་ལྷེབ་དང་། མིས་བཟོས་རིག་ནུས། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་ལག་རྩལ། ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། རིག་ནུས་བཟོ་སྐྲུན་སོགས།
ཕྱི་ཡིག་གི་མིང་།
Key & Core Technology
ཁྱད་ཆོས།
སྣེ་ཁྲིད་རང་བཞིན་དང་། གསར་གཏོད་རང་བཞིན། རྨང་གཞིའི་རང་བཞིན། འགག་རྩའི་རང་བཞིན་བཅས་ཡིན།
1 ​ཚན་རྩལ་མཁྲེགས་པོའི་བྱུང་བ།

“ཚན་རྩལ་མཁྲེགས་པོ”ཞེས་པའི་ཐ་སྙད་འདི་ནི་ཀྲུང་གོ་ཚན་རིག་ཁང་ཞི་ཨན་འོད་འཕྲུལ་སུའོ་ཡི་འོད་རིག་འབུམ་རམས་པ་དང་ཀྲུང་ཁུ་ཚན་རིག་ཁང་གི་གསར་གཏོད་མཁས་ཅན་དང་གསར་གཏོད་མཉམ་སྡེབ་པ་སྨི་ལིའེ་ཡིས་སྤྱི་ལོ2010ལོར་བཏོན་པ་ཞིག་རེད། སྤྱི་ལོ2008ལོའི་གོ་ལ་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་དང་དེ་བཞིན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་འབོར་གྱི་ཁེ་འབབ་མེད་པར་གྱུར་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྨི་ལིའེ་ཡིས་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་འཕར་སྣོན་གྱི་འབྲེལ་བར་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་། ཀྲུང་གོས་ཚན་རྩལ་མི་ཤུགས་ཐོན་ཁུངས་ཁྲི9000གི་ཀླད་ཤུགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་བཏང་ནས། གསར་གཏོད་ཀྱི་ཁེ་འབབ་ཆེན་པོ་འདོན་སྤེལ་བྱེད་དགོས་ཤིང་། དུས་སྐབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དེ་རྒྱུ་རྐྱེན་གཙོ་བོའི་སྐུལ་སྒུལ་དང་མ་འཇོག་སྐུལ་སྒུལ་ནས་གསར་གཏོད་སྐུལ་སྒུལ་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པར་འདོད་པ་དང་། རྒྱབ་ལྗོངས་འདིའི་འོག་ཏུ། སྨི་ལིའེ་ཡིས“ཚན་རྩལ་མཁྲེགས་པོ”ཡི་དོན་སྤྱི་བཏོན་པ་ཞིག་རེད། དེ་བཞིན་འདོད་འདུན་གསར་པ་ཞིག་བཏོད་ཐུབ་པ་བྱས་ཏེ། དེ་སྔའི་ཀྲུང་གོའི“ལྕི་བའི”གསར་གཏོད་ཀྱི་རྣམ་པ་དང“ཡང་བའི”ལག་རྩལ་གྱི་གསར་གཏོད་རྣམ་པར་འགྱུར་བ་གཏོང་རྒྱུར་རེ་བ་བཅིངས་བཞིན་ཡོད་པ་རེད།  མི་རྣམས་ལ་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་པ་དང་། དུས་ཡུན་རིང་པོར་ཞིབ་འཇུག་གསར་སྤེལ་དང་མ་དངུལ་འཇོག་པ། རྒྱུན་མཐུད་གསོག་འཇོག་བྱེད་པའི་གནད་འགག་གི་སྲོག་ཤིང་དུ་གྱུར་པའི་གསར་གཏོད་ལག་རྩལ་ལ་དོ་ཁུར་བྱེད་དགོས་པར་སྣེ་ཁྲིད་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དཔལ་འབྱོར་གྱི་དམའ་རིམ་རིམ་པའི་ཐོག་མའི་སྒུལ་ཤུགས་ཁོང་དུ་ཆུད་པར་བྱས་ནས། ཀྲུང་གོའི་དུས་སྐབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་དེ་རྗེས་སྙེག་ནས་སྣེ་ཁྲིད་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་མངོན་འགྱུར་བྱ་རྒྱུར་རེ་བ་འདོན་བཞིན་ཡོད་པ་རེད།  

2 ཚན་རྩལ་མཁྲེགས་པོའི་མཚན་ཉིད།

ཚན་རྩལ་མཁྲེགས་པོ་ཞེས་པ་ནི་ཚན་རིག་གི་གསར་རྙེད་དང་ལག་རྩལ་གསར་གཏོད་གཞིར་བཟུང་ནས། དུས་ཡུན་རིང་པོར་ཞིབ་འཇུག་དང་གསོག་འཇོག་བྱས་ཤིང་། ལག་རྩལ་མཐོ་ལ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གསལ་པོ་ཡོད་པར་མ་ཟད།  འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་སྔོན་ཐོན་གྱི་ཆུ་ཚད་མཚོན་ཐུབ་པ། རེས་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་པའི་འགག་རྩའི་ལག་རྩལ་གལ་ཆེན་ལ་ཟེར་བ་ཡིན།

ཚན་རྩལ་མཁྲེགས་པོ་ནི་ལོ་རྒྱུས་ཤིག་དང་། འགུལ་རྣམ། འཕེལ་རྒྱས་བཅས་ཀྱི་དོན་སྤྱི་ཞིག་རེད།  མིག་སྔའི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གསར་པའི་འོག ཆེས་མཚོན་བྱེད་རང་བཞིན་དུ་གྱུར་བའི་ཁྱབ་ཁོངས་ནི། འོད་གློག་ཉིང་ལྷེབ་དང་། མིས་བཟོས་རིག་ནུས། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་ལག་རྩལ། ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། རིག་ནུས་བཟོ་སྐྲུན་སོགས་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།