ཚན་རྩལ་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རྩལ་ནག་པོ།
ཚན་རྩལ་ནག་པོ་ནི《ལྕགས་རིགས་ཀྱི་རྦ་རླབས》ཞེས་པའི་ནང་གི་ཐ་སྙད་ཅིག་ཡིན་པ་རེད། ཐོག་མའི་གོ་དོན་ནི་མིའི་རིགས་ཀྱིས་རང་སྟོབས་ཀྱིས་གསར་སྤེལ་བྱས་པ་མིན་པ་དང་། ད་ཡོད་ཀྱི་ཚན་རིག་ལག་རྩལ་ལས་མཐོ་བའི་ཤེས་བྱ་ལ་ཟེར། དེ་མིའི་རིགས་ཀྱི་ད་ཡོད་ཀྱི་འཇིག་རྟེན་ལྟ་ཚུལ་གྱིས་གོ་བ་ལེན་ཐབས་མེད་པའི་དངོས་པོ་ངོ་མཚར་ཅན་ལ་གོ་བ་ལེན་བཞིན་ཡོད། ཚན་རྩལ་ནག་པོ་ཞེས་པ་ནི་དེང་གི་མིའི་རིགས་ཀྱི་ཚན་རྩལ་དང་ཤེས་ཡོན་གྱི་ཁྱབ་ཁོངས་ལས་བརྒལ་བ་དང་། ཚན་རིག་གི་གཞི་འཛིན་ས་མེད་པ་མ་ཟད་རང་བྱུང་གི་རྩ་བའི་རིགས་པ་དང་འགལ་བའི་ཚན་རིག་ལག་རྩལ་ནམ་ཐོན་རྫས་ལ་ཟེར་བ་ཡིན། ཚན་རྩལ་ནག་པོ་ལ་ཚན་རིག་གི་གཞི་འཛིན་ས་མེད་ཀྱང་ཚན་རྩལ་གྱི་མིང་ཡང་བཏགས་ཡོད་པ་རེད། བཀོལ་ན་རྫུ་འཕྲུལ་དང་འདྲ་བའི་དངོས་པོ་ཞིག་ལ་ཟེར། དཔེར་ན་ཚད་མཐོ་བའིGNརིལ་རྡུལ་དང་སྐར་མཚམས་ཀྱི་དབེན་ནུས་ལྟ་བུ་ཞིག་ཡིན། སྤྱིར་བཏང་གི་གནས་ཚུལ་འོག དེང་སྐབས་མིའི་རིགས་མངོན་འགྱུར་བྱེད་ཐབས་བྲལ་བའམ་གཏན་ནས་འབྱུང་མི་སྲིད་པའི་ལག་རྩལ་ལམ་ཐོན་རྫས་ལ“ཚན་རྩལ་ནག་པོ”ཞེས་འབོད་ཀྱི་ཡོད་ཅིང་། དེའི་ཚད་གཞི་ནི་དངོས་ཡོད་ཀྱི་རྒྱུན་ཤེས་དང་ད་ཡོད་ཀྱི་ཚན་རྩལ་ཆུ་ཚད་དང་མི་མཐུན་པ་ཞིག་ལ་ཟེར་བཞིན་ཡོད་པ་རེད། ཡང་དངོས་ཡོད་འཚོ་བའི་ཁྲོད་རྒྱུན་ལྡན་ལས་འདས་པའི་དོན་དག་གམ་དངོས་པོ་ཁ་ཤས་ལ་གོ་བ་ལེན་པའང་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑科技
ཁོངས་གཏོགས།
ཕོ་གློག་སྒྱོགས་མདེལ་དངGNརིལ་རྡུལ་སོགས།
ཕྱི་ཡིག་གི་མིང་།
Loogoos
ཁྱབ་ཆེ་བའི་གོ་དོན།
མཁྲེགས་ཆས་གསར་པའི་མཉེན་ཆས། ལག་རྩལ་གསར་པ། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ།
མིང་གི་ཡོང་ཁུངས།
《ལྕགས་རིགས་ཀྱི་རྦ་རླབས》
ཚན་རྩལ་ནག་པོ་གསལ་འགྲེལ།
ཚན་རྩལ་གྱིས་འཚོ་བར་འགྱུར་ལྡོག་གཏོང་ཐུབ།
1 མིང་གི་ཡོང་ཁུངས།

མིང་འདི་ནི་ཆེས་ཐོག་མར་འཇར་པན་གྱི་འགུལ་རིས་བརྙན་འཕྲིན《ལྕགས་རིགས་ཀྱི་རྦ་རླབས》ཞེས་པ་ལས་བྱུང་བ་ཞིག་ཡིན།  ཚན་རྩལ་ནག་པོ་ཞེས་པ་ནི་དེང་གི་མིའི་རིགས་ཀྱི་ཚན་རྩལ་དང་ཤེས་ཡོན་གྱི་ཁྱབ་ཁོངས་ལས་བརྒལ་བ་དང་།  ཚན་རིག་གི་གཞི་འཛིན་ས་མེད་པ་མ་ཟད་རང་བྱུང་གི་རྩ་བའི་རིགས་པ་དང་འགལ་བའི་ཚན་རིག་ལག་རྩལ་ནམ་ཐོན་རྫས་ལ་ཟེར་བ་ཡིན། དཔེར་ན་ཚད་མཐོ་བའིGNརིལ་རྡུལ་དང་སྐར་མཚམས་ཀྱི་དབེན་ནུས་ལྟ་བུ་ཡིན།

2 དོན་འགྲེལ།

དུས་རྒྱུན་གྱི་འཚོ་བའི་ནང་དུ། ང་ཚོས་རྒྱུན་དུ་བཤད་བཞིན་པའི་ཚན་རྩལ་ནག་པོ་ཞེས་པ་ནི་མང་ཆེ་བ་དྲ་རྒྱའི་ཐ་སྙད་གསར་པ་ཞིག་སྟེ། ཚན་རྩལ་མཐོན་པོ་ཁྱབ་རྗེས་བྱུང་བའི་སྔོན་ཐོན་གྱི་ལག་རྩལ་དང་གསར་གཏོད་གསར་པ། མཉེན་ཆས་དང་མཁྲེགས་ཆས་ཟུང་འབྲེལ་སོགས་ལ་གོ་བ་རེད། ད་ཡོད་ལག་རྩལ་འཕེལ་རྒྱས་བྱུང་རྗེས་ཀྱི་ཐོན་རྫས་བཀོལ་སྤྱོད་མྱོང་ཚོར་སོགས་ཚུད་ཡོད། དེ་དང་ཆབས་ཅིག་ཚན་རྩལ་ནག་པོ་ནི་འཚོ་བའི་ཁྲོད་ཀྱི་མི་ཚང་མས“གསལ་བོར་མི་རྟོགས་ཀྱང་བཟང་བར་འདོད་པའི”མཁྲེགས་ཆས་གསར་པ་དང་། མཉེན་ཆས་གསར་པ། ལག་རྩལ་གསར་པ། བཟོ་རྩལ་གསར་པ། རྒྱུ་ཆ་གསར་པ་སོགས་ལ་བརྗོད་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-23

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།