གྲོང་གཤེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་གཤེད།
“གྲོང་གཤེད”ཅེས་པ་ནི་སྤྱིར་བཏང་དུ་ཀྲུང་གོའི་གྲོང་གསེབ་ལ་གནོད་པའི་སྟོབས་ཤུགས་ངན་པ་ལ་ཟེར་ཞིང་། སྟོབས་ཤུགས་ངན་པ་དེ་ཚོའི་ནང་དུ་གྲོང་གསེབ་ཀྱི་གཤེད་མ་དང་། ཁྲམ་པ། རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པ་བཅས་ཚུད་ཡོད་པ་རེད། ཁོ་ཚོས་ཀྲུང་གོའི་གྲོང་གསེབ་དང་མི་སེར་ལ་བརྙས་བཅོས་དང་གཉའ་གནོན་བྱས་ནས་ཀྲུང་གོའི་གཞི་རིམ་སྲིད་དབང་ལ་བསླད་སྐྱོན་གཏོང་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
村霸
མཚོན་ཚུལ་གྱི་ཁྱད་ཆོས།
གྲོང་གསེབ་ཏུ་བཙན་ཤེད་བྱེད་པ།  ཡུལ་གཅིག་ཧམ་འཛིན་བྱེད་པ།
བྱུང་བའི་རྒྱུ་རྐྱེན།
ཁྲིམས་ལྟར་ཉེས་ཆད་གཅོད་པ་གནད་ལ་མི་ཁེལ་བ།
མཚོན་ཚུལ་གྱི་ཁྱད་ཆོས།
གྲོང་མིའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ།
བྱུང་བའི་རྒྱུ་རྐྱེན།
གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་ལས་དོན་མི་སྒྲུབ་པ།
མཚོན་ཚུལ་གྱི་ཁྱད་ཆོས།
དོན་མེད་རྩོད་སློང་། འཛིང་རེས་བྱེད་པ། མི་མང་དཔུང་བསྡེབས་ནས་ཟིང་ཆ་སློང་བ།
བྱུང་བའི་རྒྱུ་རྐྱེན།
གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པས་སྲུང་གདུགས་བྱེད་པ།
མཚོན་ཚུལ་གྱི་ཁྱད་ཆོས།
གཞི་རིམ་འདེམས་བསྐོ་ལ་བཀོད་འདོམས་བྱེད་པ་དང་གཞི་རིམ་དམངས་གཙོའི་ཆབ་སྲིད་ལ་གཏོར་བརླག་བཏང་བ།
1 འབྲེལ་ཡོད་ངོ་སྤྲོད།  

སྤྱི་ལོ2017ལོའི་ཟླ་དང་པོར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ནན་བཤད་བྱས་དོན། “གྲོང་གཤེད”དང་རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཏུ་ཧམ་ཤེད་དང་མི་སེར་ལ་བརྙས་བཅོས་གཉའ་གནོན་དང་གཞི་རིམ་གྱི་སྲིད་དབང་ལ་བསླད་སྐྱོན་གཏན་ནས་བཏང་མི་ཆོག་ཅེས་ནན་བཤད་བྱས།  སྤྱི་ལོ2017ལོའི་ཟླ1པའི་ཚེས19ཉིན། ཀྲུང་གོའི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལྟར“གྲོང་གཤེད”དང་རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པའི་ཉེས་གསོག་ལ་ཉེས་ཆད་གཅོད་པ་དང་གྲོང་གསེབ་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར“གྲོང་གཤེད”དང་རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པའི་ཉེས་དོན་ལ་མཐའ་གཅིག་ཏུ་ཉེས་ཆད་གཅོད་དགོས་པ་དང་། “གྲོང་གཤེད”དང་རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པའི“སྲུང་གདུགས”བྱེད་པའི་ལས་ཐོག་ཉེས་གསོག་ལ་རྡུང་རྡེག་ནན་མོ་གཏོང་དགོས་པ་ནན་བཤད་བྱས་ཡོད།

2 བྱུང་བའི་རྒྱབ་ལྗོངས།    

1.ཀྲུང་གོའི་གྲོང་གསེབ་ཁ་ཤས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་། སློབ་གསོའི་ཆུ་ཚད་ཀྱིས་རྗེས་མི་ཆོད་པ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མི་འདང་བ། སློབ་ལོ་རན་པའི་གཞོན་ནུ་མང་པོ་ཞིག་ལ་སློབ་སྦྱོང་བྱེད་ས་མེད་པ་དང་ལས་ཀ་ལས་ས་མེད་པས།  “གྲོང་གཤེད”ཀྱི་གཡོ་སྒྱུའི་འོག་ཏུ་འཛུལ་སླ་བ་ཡིན། མི་འདིའི་རིགས་གྲངས་འབོར་ཅུང་མང་བ་མ་ཟད། ལས་མེད་འཁྱམ་པོ་དང“གྲོང་གཤེད”དུ་གྱུར་ཉེན་ཡོད་པ་རེད།

2.གཞི་རིམ་རྩ་འཛུགས་ཀྱི་མི་སྣ་རེ་འགས“གྲོང་གཤེད”ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ཡོད་པ་དང་། “གྲོང་གཤེད”ཀྱིས་འཛེམ་བག་གཏན་ནས་མེད་པར་གྲོང་གསེབ་ཏུ་ཁྲིམས་མེད་ལུགས་མེད་བྱེད་པའི་རྒྱུ་མཚན་ནི“གོང་རིམ་ན་མི”ཡོད་པས་ཡིན་པ་རེད།

3.ཀྲུང་གོའི་ས་གནས་ཁ་ཤས་ཀྱི་གཞི་རིམ“ཨུ་ལྷན་གཉིས”ཀྱི་ཚན་པའི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་མི་ཚང་བ་དང་ཕྱི་གསལ་ནང་གསལ་མིན་པ། “གྲོང་གཤེད”ཀྱིས་འདེམས་ཤོག་འཕེན་པར་སྐུལ་བ་དང་རྔན་བསླུས་འདེམས་བསྐོ་བྱས་ནས“ཨུ་ལྷན་གཉིས”ལ་བདམས་ཐོན་བྱུང་བའི་རྐྱེན་གྱིས་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས། དེ་ཉིད་ཚོང་ར་ཧམ་འཛིན་བྱེད་པའི་སྡེར་མོ་ལྟ་བུར་གྱུར་ཡོད་པ་རེད།

4.ཀྲུང་གོའི་གཞི་རིམ་རྩ་འཛུགས་ཁ་ཤས་ཉམས་ཞན་དུ་སོང་བ་དང་། དམངས་ཁྲོད་ཀྱི་རྩོད་གཞིའི་འགོག་སྲུང་དང་པོ་ཡིན་པའི་གྲོང་ཚོའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་བདེ་སྲུང་ལྷན་ཚོགས་སོགས་ཀྱིས་འགལ་ཟླ་དང་རྩོད་གཞིར་དོ་དམ་བྱེད་མི་འདོད་པ་དང་བྱེད་མི་ཕོད་པ། གྲོང་མི་ཁ་ཤས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཞན་པས། ཁྲིམས་འགལ་གྱི་བཙན་གནོད་ལ་གདོང་གཏད་དེ་བཟོད་བསྲན་བྱེད་པ་དེས། “གྲོང་ཚོའི་བཙན་བདག”དང་རུས་རྒྱུད་ཀྱི་སྟོབས་ཤུགས་ངན་པ་རྒྱས་སུ་བཅུག་པ་དང་། དུས་མཚུངས་སུ་ཀྲུང་གོའི་ཁྲིམས་འཛིན་སྡེ་ཁག་གིས་འབྲེལ་ཡོད་ཉེས་གསོག་སྤྱོད་ངན་ལ་ཤེས་རྟོགས་བྱེད་ཐབས་བྲལ་བ་དང་། ཞིབ་གཅོད་དང་བཅོས་སྐྱོང་བྱེད་ཐབས་བྲལ་བ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-23

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།