སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག
སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་ནི། ལྟ་སྐུལ་དོ་དམ་བྱེད་རིམ་ཁྲོད་ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་འཐེན་ལེན་དང་། ཁྲིམས་བསྟར་ཞིབ་བཤེར་མི་སྣ་སྐབས་བསྟུན་བདམས་མངག་བྱས་ཏེ། འཐེན་བཤེར་གནས་ཚུལ་དང་ཞིབ་བཤེར་བྱས་འབྲས་དུས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤྱི་ལོ2015ལོའི་ཟླ8པར་ཡོངས་བསྒྲགས་བྱས་པའི《སྐབས་བསྟུན་འཐེན་བཤེར་ཁྱབ་གདལ་དང་ལས་དོན་སྤེལ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཡི་ནང་། རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུའི་ལྟ་སྐུལ་དོ་དམ་བྱ་ཐབས་ཤིག་ཡིན་པ་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
双随机一公开
ཁྱབ་བསྒྲགས་དུས་ཚོད།
2015ལོའི་ཟླ་8ཚེས་5ཉིན།
ཁྱབ་བསྒྲགས་ལས་ཁུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་།
ངོ་བོ།
ལྟ་སྐུལ་དོ་དམ་ལམ་སྲོལ།
1 ​ངོ་སྤྲོད། 

སྤྱི་ལོ2015ལོའི་ཟླ8པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྐབས་བསྟུན་འཐེན་ཞིབ་ལས་དོན་སྤེལ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་ལྟར་ན།   སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱེད་རིམ་ཁྲོད་ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་འཐེན་ལེན་དང་།  ཁྲིམས་བསྟར་ཞིབ་བཤེར་མི་སྣ་སྐབས་བསྟུན་བདམས་མངག་བྱས་ཏེ།   འཐེན་བཤེར་གནས་ཚུལ་དང་ཞིབ་བཤེར་བྱས་འབྲས་དུས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། 

2 ནང་དོན།
2_1 “སྐབས་བསྟུན་གཉིས”

ཞིབ་བཤེར་བྱ་ཡུལ་སྐབས་བསྟུན་འཐེན་ལེན་དང་།  ཁྲིམས་བསྟར་ཞིབ་བཤེར་མི་སྣ་སྐབས་བསྟུན་བདམས་མངག་བྱེད་པའི“སྐབས་བསྟུན་གཉིས”ཀྱི་ཟུར་བཤེར་ལམ་སྲོལ་བཙུགས།    ལྟ་སྐུལ་དོ་དམ་སྡེ་ཁག་གི་རང་མོས་གཅོད་འཇལ་གྱི་དབང་ཆ་ཚོད་འཛིན་ནན་པོ་བྱ་དགོས། 

2_2 “ཡོངས་བསྒྲགས་གཅིག”

སྲིད་གཞུང་ཕན་ཚུན་བར་གྱི་ལྟ་སྐུལ་དང་དོ་དམ་གྱི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་ངང་རྒྱལ་ཡོངས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ལ་བརྟེན་ནས།    གཅིག་གྱུར་གྱི་ཚོང་རའི་ལྟ་སྐུལ་དང་དོ་དམ་གྱི་ཆ་འཕྲིན་ལས་སྟེགས་དང་།   ལྟ་སྐུལ་དོ་དམ་གྱི་ཆ་འཕྲིན་དུས་ལྟར་ཡོངས་བསྒྲགས་བྱས་ནས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱ་དགོས།

3 ཁྱད་ཆོས།

1.     ཁྱོན་ཡོངས་རང་བཞིན།

2.    སྐབས་བསྟུན་རང་བཞིན། 

3.    དམིགས་གཏད་རང་བཞིན།

4.     མངོན་གསལ་རང་བཞིན།

4 དོན་སྙིང་།

1.   “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ལྟ་སྐུལ་དོ་དམ་སྐོར་གྱི་ནོར་འཕྱུགས་ཡོ་བསྲང་བྱེད་པ།

2.     སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལམ་སྲོལ་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བའི་ནང་དོན་སྔར་བས་འཐུས་ཚང་དུ་གཏོང་བ།               3.     སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱས་པ་དེས་ལྟ་སྐུལ་དོ་དམ་ལ་བསམ་ཕྱོགས་གསར་པ་མཁོ་འདོན་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བསྒྱུར་བཅོས་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ཡོད།      


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-21

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།