ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་།
ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་ནི་སྤྱི་ལོ2006ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་ཚན་ཁག་རིམ་པའི་རང་ཚུགས་སློབ་གླིང་ཞིག་ཡིན། སློབ་གྲྭ་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད། ཡུལ་ལྗོངས་ལྟ་ན་སྡུག་པའི་མིང་ཅང་གཙང་པོ་དང་ཝུའུ་ལུང་གཙང་པོའི་བར་ཆགས་པའི་ས་ཁྱོན་མུའུ720ཟིན་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི24ཙམ་ཟིན་ཡོད། དངོས་གཞི་ཚན་ཁག་གི་ཆེད་ལས27དང་ཆེད་ལས་དངོས་གཞི་ཚན་ཁག་ལ་འཕར་བའི་ཆེད་ལས11བཀོད་སྒྲིག་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建农林大学金山学院
ཕྱི་ཡིག་གི་མིང་།
Jinshan college of fujian agriculture and forestry university
བཙུགས་ལོ།
སྤྱི་ལོ2006ལོ།
རིགས་དབྱེ།
རང་ཚུགས་སློབ་གླིང་།
རྣམ་པ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་།
འགོ་ཁྲིད།
སློབ་གཙོ། ཧོ་ཏུང་ཅིན།
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཧྲན་ཆུས་མའོ་ཧྥུང་ལམ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
འཕྲུལ་གློག་བཟོ་སྐྲུན་སྡེ་ཁག་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྱུ་རྩལ་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག བཟོ་སྐྲུན་ལག་རྩལ་སྡེ་ཁག  ཟས་རིགས་ཚན་རིག་སྡེ་ཁག་སོགས་ཡོད།
གཟི་བརྗིད་མཚན་སྙན།
སློབ་ཚན4ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན་ནང་བདམས།    ཆེད་ལས3ཞིང་ཆེན་གྱི“ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི”རྣམ་གྲངས་ནང་བདམས།
1 ལོ་རྒྱུས་འཕེལ་རིམ།   

སྤྱི་ལོ2006ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས།    

སྤྱི་ལོ2011ལོ་ནས་བཟུང་སློབ་གླིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་གཉིས་པའི་སློབ་བསྡུ་བྱས།   

སྤྱི་ལོ2012ལོར་ཤེས་རམས་པའི་ཡོན་གནས་སྤྲོད་པའི་ཚན་པར་བཅུག    

སྤྱི་ལོ2013ལོར་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སྦྱོང་བརྡར་འཆར་གཞིའི་རྒྱལ་ཁབ་རིམ་པའི་སློབ་གྲྭར་བདམས།   

སྤྱི་ལོ2016ལོར་སློབ་གླིང་ཧྥུའུ་ཅན་ཞིང་ཆེན་གྱི་དངོས་གཞི་ཚན་ཁག་གི་མཐོ་སློབ་དཀྱུས་མ་བཀོལ་སྤྱོད་རྣམ་པའི་ཕྱོགས་སུ་བསྒྱུར་བའི་ཚོད་ལྟའི་རྣམ་གྲངས་ནང་ཚུད།  

2 སློབ་གླིང་གི་གཞི་ཁྱོན།    

ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་ནི་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་དངོས་གཞི་ཚན་ཁག་རིམ་པའི་རང་ཚུགས་སློབ་གླིང་ཞིག་ཡིན། སློབ་གླིང་གིས་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་གི་གླིང་གཙོ་ཡིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས།    

སྤྱི་ལོ2006ལོར་སྐབས་དང་པོའི་སློབ་མ་བསྡུས་པ་དང་། ད་ལྟ་སློབ་གྲྭར་ཡོད་པའི་དངོས་གཞི་ཚན་ཁག་གི་སློབ་མ་ཁྲི་ལ་ཉེ་བ་ཡོད།  སློབ་གླིང་དུ་ད་ལྟ་ཆེད་གཉེར་ལས་འགན་གཅིག་ལྕོགས་འཁུར་བའི་དགེ་རྒན543ཡོད། དེའི་ནང་དགེ་རྒན་ཆེན་མོ་གཞོན་པ་ཡན202ཀྱིས37%བཟུང་། འབུམ་རམས་པ119དང་རབ་འབྱམས་པ305ཡོད་པ་དེས78%བཟུང་། ཞིང་ཆེན་རིམ་པའི་དངོས་གཞི་ཚན་ཁག་གི་སློབ་ཁྲིད་ཚོགས་པ2ཡོད། མི8ཞིང་ཆེན་མཐོ་སློབ་ཀྱི་ཤེས་ལྡན་མི་སྣའི་རོགས་སྐྱོར་འཆར་གཞིར་བདམས་ཐོན་བྱུང་། སློབ་གྲྭ་ཐོན་རྗེས་སློབ་གསོ་པུའུ་ཡིས་སློབ་གཉེར་བརྒྱུད་རིམ་ཁས་བླངས་པར་མ་ཟད། གློག་རྡུལ་ཐོ་འགོད་བྱས་པའི་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་གི་སློབ་ཐོན་ལག་ཁྱེར་སྤྲོད་རྒྱུ་དང་། ཆ་རྐྱེན་དང་མཐུན་པའི་ཧྥུའུ་ཅན་ཞིང་ནགས་སློབ་ཆེན་ཅིན་ཧྲན་སློབ་གླིང་ལ་དེ་མཚུངས་ཀྱི་ཤེས་རམས་པའི་སློབ་གནས་སྤྲོད་རྒྱུའི་ཐག་བཅད། 

3 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག 

ཚན་རིག་དང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གྲྭ། ས་ཤིང་ལས་གྲྭ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ནོར་དོན་དོ་དམ། བཟོ་ཚོང་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། ཡུལ་སྐོར་དོ་དམ། བརྡ་ཁྱབ་རིག་པ། དབྱིན་ཡིག ཁོར་ཡུག་ཇུས་འགོད་བཅས་ཡོད།  

4 བྱ་དགའ།   

སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱིས་མི་གསོ་སྐྱོང་དང་ལག་ལེན་གྱིས་མི་གསོ་སྐྱོང་བྱ་རྒྱུའི་སློབ་གསོའི་འདུ་ཤེས་རྒྱུན་འཁྱོངས་བྱས། སློབ་ཁང་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་དམ་ཟབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་རགས་ཙམ་ཆགས་ཡོད། ཉེ་བའི་ལོ3རིང་། སློབ་གླིང་གི་དངོས་གཞི་ཚན་ཁག་དཀྱུས་མའི་སློབ་མ་གསར་པར་མིང་ཐོ་འགོད་ཚད96%ལས་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་རང་ཚུགས་སློབ་གླིང་གི་མདུན་གྲལ་དུ་སླེབས། སྤྱི་ལོ2017ལོའི་ཟླ7པའི་བར། སློབ་གླིང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཁྱོན་སློབ་ཐོན་སློབ་མ15000ལྷག་ཙམ་བཏང་བ་དང་། ཉེ་བའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད95%ཡན་ཟིན་ཡོད།

5 མཉམ་འབྲེལ་དང་བརྗེ་རེས།  

སློབ་གླིང་གིས་སྒོ་འབྱེད་སློབ་གཉེར་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་མཉམ་འབྲེལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། མཚོ་འགག་ནུབ་ངོགས་དཔལ་འབྱོར་ཁུལ་དུ་གནས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་སྤྱི་ཅན་གྱི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ། སློབ་གླིང་གིས་ཐའེ་ཝན་ཀྲུང་ཡོན་སློབ་ཆེན་དང་། ཐའེ་ཝན་ཀྲུང་གོའི་རིག་གནས་སློབ་ཆེན། ཐའེ་པེ་གྲོང་ཁྱེར་བཙུགས་སློབ་ཆེན་སོགས་སློབ་ཆེན་དང་སློབ་གྲྭ་དབར་གྱི་མཉམ་འབྲེལ་འབྲེལ་བ་བཟང་པོ་བཙུགས་ཡོད། དགེ་རྒན་ཕན་ཚུན་འཚམས་འདྲི་དང་། སློབ་མ་བརྗེ་རེས་བཅས་བྱས་ནས། སྤྱི་ལོ2019ལོར་སློབ་གླིང་གི་ཀྲུང་ཕྱིའི་མཉམ་འབྲེལ་སློབ་གཉེར་རྣམ་གྲངས་ཁག་དང་པོའི་སློབ་མ15ཁ་ན་ཏའི་ཧྲེང་ཝུན་སེན་ཧྲན་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་བསྐྱོད།

6 གཟི་བརྗིད་མཚན་སྙན།    

ཅིང་ལིན་རྒྱལ་སྤྱི་གསར་པས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་བཙུགས་སློབ་ཆེན་གྱི་རྒྱལ་སྤྱི་ཅན་གྱི་འགྲན་རྩོད་ནུས་པ་ཆེན་པོ300”ཡི་ཁྲོད་ཨང59པར་སླེབས།

7 འགོ་ཁྲིད། 

ཏུང་ཧྲི་ཀྲང་། ལན་སི་རེན།      ཏང་ཨུའི་ཧྲུའུ་ཅི།   ཀྲོང་ཞང་ཧྲེང་།    ཡོན་ཀྲང་།   ཧོ་ཏུང་ཅིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-20

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།