ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་།
ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་ནི(GuangdongPoliceCollege)ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་ཡོད། གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱི་བདེའི་དངོས་གཞི་ཚན་ཁག་གི་སློབ་གླིང་ཞིག་དང་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་དང་། ཞིང་ཆེན་རིམ་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་རྟེན་གཞི། སྤྱི་བདེ་པུའུ་ཡི་ཉེན་རྟོག་ལས་དོན་དངོས་འཐབ་སྦྱོང་བརྡར་རྟེན་གཞི། ཕྱི་ཕྱོགས་ཉེན་རྟོག་གསོ་སྦྱོང་རྟེན་གཞི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广东警官学院
ཕྱི་ཡིག་གི་མིང་།
Guangdong Police College
བཙུགས་ལོ།
སྤྱི་ལོ1949ལོ།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
རྣམ་པ།
སྲིད་ཁྲིམས།
ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཀོང་ཏུང་ཞིང་ཆེན།
གནས་ཡུལ།
ཀོང་ཀྲོའུ་གྲོང་ཁྱེར་གྱི་པའེ་ཡོན་ཆུས་ཝུན་ཀྲོང་ཀྲོང་ལམ་གྱི་ཨང118པ།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲང་ཝུན་པིའོ།
སློབ་གྲྭའི་ཚབ་ཨང་།
11110
1 ལོ་རྒྱུས་འཕེལ་རིམ།

སློབ་གླིང་འདི་སྔོན་ཆད་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ་ཡིན་པ་དང་སྤྱི་ལོ1949ལོའི་ཟླ11པར་གསར་དུ་བཙུགས།

སྤྱི་ལོ1958ལོའི་ཟླ3པར་ཀོང་ཏུང་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་དང་ཟླ་སྒྲིལ་བཏང་།

སྤྱི་ལོ1983ལོའི་ཟླ3པར་ཀོང་ཏུང་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་སློབ་གླིང་བཙུགས།

སྤྱི་ལོ1988ལོའི་ཟླ8པར་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཁྲིམས་འཛིན་དོ་དམ་ལས་བྱེད་པའི་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ1992ལོའི་ཟླ12པར་ཀོང་ཏུང་སྤྱི་བདེ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གསར་འཛུགས་བྱས་ཏེ། ཆེད་སྦྱོང་དཀྱུས་མའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་སྤེལ།

སྤྱི་ལོ2004ལོའི་ཟླ5པར་ཀོང་ཏུང་ཉེན་རྟོག་དཔོན་པོའི་སློབ་གླིང་བཙུགས་ནས་དངོས་གཞི་ཚན་ཁག་དཀྱུས་མའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་སྤེལ།

2 རིག་གཞུང་ཞིབ་འཇུག   

སྤྱི་ལོ2020ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་བར་གཞིགས་ན། ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་དུ་ཀྲུའུ་ཅང་ཟུར་གསུམ་གླིང་གི་སྤྱི་པའི་བདེ་འཇགས་ཞིབ་འཇུག་སུའོ་དང་། ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཁང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་ཉེན་རྟོག་ལས་དོན་འཕེལ་རྒྱས་དང་མཉམ་ལས་ཞིབ་འཇུག་ཁང་། འཕྲལ་སྡོམ་བཀོད་འདོམས་དང་གྲོས་མོལ་ཞིབ་འཇུག་ཁང་། ཉེན་རྟོག་ལས་དོན་སེམས་ཁམས་ཞིབ་འཇུག་ཁང་། དངོས་དཔང་ཚན་རིག་ཞིབ་འཇུག་ཁང་། ཆ་འཕྲིན་མྱུལ་ཞིབ་ཞིབ་འཇུག་ཁང་། ཉེན་རྟོག་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་སོགས་ཞིབ་འཇུག་སྒྲིག་གཞི8བཙུགས་ཡོད་པ་དང་། ཞིང་ཆེན་རིམ་པའི་ཚན་ཞིབ་ལས་སྟེགས4བཅས་བཙུགས་ཡོད།

3 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།   

སྤྱི་ལོ2018ལོའི་ཟླ12པར་སློབ་གྲྭའི་དྲ་བར་གཞིགས་ན། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གི《སྤྱི་ལོ2018ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཙོ་གནད་བརྟག་ཞིབ་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་གི་ཞིབ་འཇུག་བྱ་གཞི3ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཙོ་གནད་བརྟག་ཞིབ་རྣམ་གྲངས་འཛུགས་རྒྱུར་བདམས།   

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར། ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གི《སྤྱི་ལོ2019ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཙོ་གནད་བརྟག་ཞིབ་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་གི《ནག་གཤེད་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས》ཞེས་པའི་ཞིབ་འཇུག་བྱ་གཞིར་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གཙོ་གནད་བརྟག་ཞིབ་བྱ་གཞིའི་རྣམ་གྲངས་ཀྱི་རྣམ་གྲངས་ལ་རྡུང་རྡེག་གཏིང་ཟབ་བཏང་།

4 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག  

སྤྱི་ལོ2014ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་བར་གཞིགས་ན། ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་གི་སློབ་ཁྲིད་ཚན་ཁག་ནང་བདེ་འཇགས་ཚན་ཁག་དང་། ཉེས་དོན་ལག་རྩལ་ཚན་ཁག མྱུལ་ཞིབ་ཚན་ཁག བཅའ་ཁྲིམས་ཚན་ཁག དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཚན་ཁག སྤྱི་པའི་དོ་དམ་ཚན་ཁག མར་ཁེ་སི་རིང་ལུགས་སློབ་གླིང་། རྨང་གཞིའི་སློབ་ཚན་གྱི་སློབ་དཔྱོད་ཁང་། ཉེན་རྟོག་བཀོད་འདོམས་འཐབ་རྩལ་ཚན་ཁག ཉེན་རྟོག་ཞིབ་འཇུག་ཟབ་སྦྱོང་སྦྱོང་བརྡར་པུའུ། རྒྱུན་མཐུད་སློབ་གསོ་པུའུ་བཅས་ཚུད་ཡོད།   

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བར། ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་དུ་མྱུལ་ཞིབ་རིག་པ་དང་། བདེ་འཇགས་རིག་པ། ཉེས་དོན་ཚན་རྩལ། དཔལ་འབྱོར་ཉེས་གསོག་མྱུལ་ཞིབ། དུག་འགོག་རིག་པ། ཉེན་རྟོག་བཀོད་འདོམས་དང་འཐབ་རྩལ། འགྲིམ་འགྲུལ་དོ་དམ་ལས་གྲྭདྲ་རྒྱའི་བདེ་འཇགས་དང་ཁྲིམས་འཛིན། རྩིས་འཁོར་ཚན་རིག་དང་ལག་རྩལ། ཁྲིམས་ལུགས་རིག་པ། སྲིད་འཛིན་དོ་དམ། སྤྱི་ཚོགས་ལས་དོན་སོགས་དངོས་གཞི་ཚན་ཁག་གི་ཆེད་ལས12བཙུགས་པའི་ནང་སྤྱི་བདེའི་ཆེད་ལས8ཡོད། སྤྱི་བདེ་མིན་པའི་ཆེད་ལས4བཅས་ཡོད།   

5 རིག་ཚན་འཛུགས་སྐྲུན།     

སྤྱི་ལོ2020ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ལས། ཀོང་ཏུང་ཉེན་རྟོག་དཔོན་སློབ་གླིང་དུ་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན3བཙུགས་ཡོད།

6 དགེ་རྒན་གྱི་དཔུང་སྡེ།  

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བར། ཀོང་ཏུང་ཉེན་རྟོག་སློབ་གླིང་དུ་ཆེད་བསྐོས་དགེ་རྒན327ཡོད་པ་དེའི་ནང་རབ་འབྱམས་པ་དང་དེ་བཞིན་ཡན་གྱི་སློབ་གནས་ཡོད་པའི་དགེ་རྒན239ཡོད། མཐོ་རིམ་གོ་མིང་ལྡན་པའི་ཆེད་བསྐོས་དགེ་རྒན147ཡོད། ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་ཚོགས་པ7བཅས་ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་། རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན། ནན་ཀོང་ཕུལ་བྱུང་དགེ་རྒན། ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན16དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་གསེར་གྱི་རྟགས་མ་བཅུའི་སློབ་ཁྲིད་དམག་དཔོན2བཅས་ཡོད།

7 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བར། ཀོང་ཏུང་ཉེན་རྟོག་དཔོན་པོའི་སློབ་གླིང་དུ་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན1དང་ཞིང་ཆེན་དང་པུའུ་རིམ་པའི་སྤུས་ལེགས་སློབ་ཚན3བཙུགས་ཡོད། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན2དང་། ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན3  ཞིང་ཆེན་རིམ་པའི་སྤུས་ལེགས་བརྙན་འཕྲིན་ཡོངས་བསྒྲགས་སློབ་ཚན2དང་། སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན། སྤུས་ལེགས་བརྙན་འཕྲིན་ཡོངས་བསྒྲགས་སློབ་ཚན35བཅས་ཡོད།

8 འགོ་ཁྲིད།    

ཏང་ཨུའི་ཧྲུའུ་ཅི།     ཀྲང་ཝུན་པིའོ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ།  སློབ་གཙོ་གཞོན་པ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལིའུ་ཆིང་ཧྲེང་།     ཏང་ཨུའི་ཨུ་ཡོན། སྒྲིག་ཨུའི་ཧྲུའུ་ཅི།     ཁྲེན་ཁྲུའུ་གྲོང་ཁྲེན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-16

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།