ཀོང་ཏུང་བཟོ་ལས་སློབ་ཆེན།

སྤྱི་ལོ1956ལོར་ཀོང་ཏུང་ཞིང་ཆེན་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས།
སྤྱི་ལོ1957ལོར་ཀོང་ཏུང་ཞིང་ཆེན་ཨར་ལས་སློབ་གྲྭར་མིང་བསྒྱུར།
སྤྱི་ལོ1958ལོར་ཀོང་ཏུང་ཞིང་ཆེན་བཟོ་སྐྲུན་ཆེད་ལས་སློབ་གྲྭར་རིམ་སྤོར་བྱས།
སྤྱི་ལོ1963ལོར་སློབ་གྲྭ་གཉེར་མཚམས་བཞག
སྤྱི་ལོ1965ལོར་ཀོང་ཏུང་ཞིང་ཆེན་གྱི་ཨར་ལས་ཆེད་སྦྱོང་སློབ་གྲྭ་སླར་གསོ་བྱས།
སྤྱི་ལོ1968ལོར་སློབ་གྲྭ་སླར་ཡང་གཉེར་མཚམས་བཞག
སྤྱི་ལོ1973ལོར་ཀོང་ཏུང་ཞིང་ཆེན་བཟོ་སྐྲུན་ཨར་ལས་སློབ་གྲྭར་མིང་བསྒྱུར།
སྤྱི་ལོ1985ལོར་ཀོང་ཏུང་ཞིང་ཆེན་བཟོ་སྐྲུན་ཆེད་ཚན་སློབ་གྲྭར་མིང་བསྒྱུར།
སྤྱི་ལོ1995ལོར་ཀོང་ཏུང་བཟོ་ལས་སློབ་གླིང་དང་། ཀོང་ཏུང་འཕྲུལ་ཆས་སློབ་གླིང་། ཧྭ་ནན་འཛུགས་སྐྲུན་སློབ་གླིང་བཅས་ཟླ་སྒྲིལ་བཏང་ནས་ཀོང་ཏུང་བཟོ་ལས་སློབ་ཆེན་བཙུགས།
སྤྱི་ལོ1999ལོར་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་ཁག་དང་པོར་བདམས།
སྤྱི་ལོ2006ལོར་ཏུང་ཀོན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་དུ་ཀོང་ཏུང་ཧྭ་ནན་བཟོ་ལས་ཇུས་འགོད་ཁང་བཙུགས།
སྤྱི་ལོ2008ལོར་ཀོང་ཏུང་ཞིང་ཆེན་གྱི“211ལས་གྲྭའི”གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་ཏུ་གྱུར་ཡོད།
སྤྱི་ལོ2012ལོར་བཟོ་སྐྲུན་རིག་པའི་རིག་ཚན་རྒྱལ་སྤྱིའིESIནང་ཚུད་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས། རྒྱལ་ཁབ་ཚན་རྩལ་པུའུ་ཡིས་རྒྱལ་ཁབ་ཀྱིICརྟེན་གཞི་འཛུགས་རྒྱུའི་ཆོག་མཆན་གནང་།
སྤྱི་ལོ2013ལོར་ཏུང་ཀོན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་དུ་ཏུང་ཀོན་ཧྭ་ནན་ཇུས་འགོད་གསར་གཏོད་ཁང་བཙུགས། དམངས་སྲིད་པུའུ་ཡི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི་ཁག་དང་པོར་བདམས། དབྱིན་ཇིའི་བཟོ་སྐྲུན་ལག་རྩལ་སློབ་ཚོགས(IET)སློབ་ཆེན་གྱི་རོགས་ཟླར་དངོས་སུ་གྱུར། ཀོང་ཏུང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་དང་། ཧྥོ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ནན་ཧའེ་ཆུས་མི་དམངས་སྲིད་གཞུང་བཅས་ཕྱོགས་བཞི་དང་མཉམ་དུ་ཧྥུའུ་ཧྲན་ཀོང་བཟོ་ལས་སློབ་ཆེན་ཞིབ་འཇུག་ཁང་བཙུགས།
སྤྱི་ལོ2014ལོར་སྒྱུ་རྩལ་ཇུས་འགོད་སློབ་གླིང་གིས་ཧྥིན་ལན་གྱི་གྲགས་ཅན་ཀུང་སིAvarteདང་མཉམ་འབྲེལ་བྱས་ནས་ཁུའུ་ཁ་པོ་ལུའོ་སྒྱུ་རྩལ་ཁང་བཙུགས། སློབ་གྲྭས་ཧྭ་ནན་ས་ཁུལ་གྱི་གྲངས་གཞི་ཆེ་མོའི་དོ་དམ་ཁྱབ་ཁོངས་ཀྱི་ཆེད་ལས་ཞིབ་འཇུག་སྒྲིག་གཞི་ཐོག་མ་སྟེ་ཀོང་ཏུང་བཟོ་ལས་སློབ་ཆེན་གྱི་གྲངས་གཞི་ཆེ་མོའི་འཐབ་ཇུས་ཞིབ་འཇུག་ཁང་བཙུགས། ཧོ་ཡོན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་དུ་ཆུའི་འབྱུང་ཁུངས་དང་བཟོ་ལས་ཞིབ་འཇུག་གླིང་འཛུགས་སྐྲུན་བྱས། འཛམ་གླིང་གི་སྒྱུ་རྩལ་དང་། ཇུས་འགོད། སྨྱན་སྦྱོར་སློབ་གླིང་དང་སློབ་གླིང་མནའ་འབྲེལ་གྱི་ཁོངས་མི་ཞིག་ཏུ་གྱུར་ཡོད།
སྤྱི་ལོ2015ལོར་ཀྲུང་གོ་ཚན་རིག་ཁང་ཀོང་ཀྲོའུ་ནུས་རྒྱུ་ཞིབ་འཇུག་སུའོ་དང་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་པའི་མཛད་སྒོར་མིང་རྟགས་བཀོད་པ་རེད། ཞང་ཀང་ཚན་རྩལ་སློབ་ཆེན་དང་མཉམ་འབྲེལ་གྱིས་སྐབས་བཅུ་བཞི་པའི་འགྲན་སློང་བུམ་པ་སྒྲུབ་འགན་འཁུར། གྲོང་ཁྱེར་དང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་མཉམ་དུ་ཁུལ་གྱི་བཟོ་ལས་ཞིབ་འཇུག་གླིང་འཛུགས་སྐྲུན་བྱས།
སྤྱི་ལོ2018ལོར་རྩིས་འཁོར་ཚན་རིག་རྒྱལ་སྤྱིའིESIནང་ཚུད་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ལ་ཆོག་མཆན་ཐོབ། རྫས་འགྱུར་དང་ཁོར་ཡུག་ཚན་རིག་རིག་ཚན་རྒྱལ་སྤྱིའིESIནང་ཚུད་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་ཚན་རྩལ་མཉམ་འབྲེལ་གསར་གཏོད་མནའ་འབྲེལ་གྱི་ལས་འཛིན་དཔོན་གཞོན་པའི་ཚན་པར་བདམས།
སློབ་གྲྭར་སློབ་ཁྲིད་སློབ་གླིང20བཙུགས་ཡོད། སྤྱི་པའི་སློབ་ཚན་སློབ་ཁྲིད་པུའུ(ལྟེ་གནས)4དང་། དངོས་གཞི་ཚན་ཁག་གི་ཆེད་ལས81 དེའི་ནང་བཟོ་རིག་དང་། དོ་དམ་རིག་པ། སྒྱུ་རྩལ་རིག་པ། དཔལ་འབྱོར་རིག་པ། རང་བྱུང་ཚན་རིག རྩོམ་རིག ཁྲིམས་ལུགས་རིག་པ་བཅས་རིག་ཚན་ཆེ་གྲས་བདུན་ཚུད་ཡོད།
སློབ་གྲྭར་སློབ་གླིང20ཡོད་ཅིང་སྤྱི་པའི་སློབ་ཚན་སློབ་ཁྲིད་པུའུ(ལྟེ་གནས)4དང་དངོས་གཞི་ཚན་ཁག་གི་ཆེད་ལས81 དེར་བཟོ་རིག་དང་། དོ་དམ་རིག་པ། སྒྱུ་རྩལ་རིག་པ། དཔལ་འབྱོར་རིག་པ། རང་བྱུང་ཚན་རིག རྩོམ་རིག ཁྲིམས་ལུགས་རིག་པ་བཅས་རིག་ཚན་ཆེ་གྲས་བདུན་ཡོད།
སྤྱི་ལོ2020ལོའི་ཟླ4པའི་བར་ཀོང་ཏུང་བཟོ་ལས་སློབ་ཆེན་གྱི་ད་ཡོད་ཆེད་བསྐོས་དགེ་རྒན2000ལྷག་ཙམ་ལ་གོ་མིང་རང་བདག་ཞིབ་དཔྱད་བྱེད་དབང་ཡོད། དེའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན400ལྷག་ཙམ་དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན700ཙམ་ཡོད། སྔ་རྗེས་སུ“མི་བརྒྱའི་འཆར་གཞི”དང“དགེ་རྒན་ཕྱི་རྒྱལ་དུ་ཞིབ་འཇུག་ཟབ་སྦྱོང་འཆར་གཞི”སོགས་བཏོན་ཡོད། མིག་སྔར་ལས་རིགས་ཡོངས་སུ་ཡོན་ཧྲི1ཡོད། རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཡོན་ཧྲི4དང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི2 ཀྲུང་གོའི་ལས་གྲྭ་ཁང་གི་ཡོན་ཧྲི4བཅས་གདན་འདྲེན་ཞུས་ཡོད་ཅིང་། “སློབ་གསོ་པུའུ་ཡི་མཐོ་རིམ་ཤེས་ལྡན་མི་སྣ”དང་། རྒྱལ་ཁབ་ཀྱི“ཕུལ་བྱུང་ན་གཞོན”དང་དུས་རབས་གསར་པའི“ཤེས་ལྡན་མི་སྣ་ས་ཡ་མང་པོའི་འདུ་འགོད”ཤེས་ལྡན་མི་སྣ། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ”སོགས་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་མི་ཐེངས100ལྷག་ཟིན་ཡོད། ཀྲུའུ་ཅང་གི་མཁས་དབང་དང་། ན་གཞོན་ཀྲུའུ་ཅང་གི་མཁས་དབང་། ཞིང་ཆེན་དང་པུའུ་རིམ་པའི“གསར་གཏོད་ཚོགས་པ”13བཅས་ཡོད།
སྤྱི་ལོ2020ལོའི་ཟླ4པའི་བར་ཞིང་ཆེན་གྱི་རི་རྩེའི་གཙོ་གནད་རིག་ཚན་གྱི་རིམ་པ་དང་པོའི་རིག་ཚན4དང་། ཞིང་ཆེན་གྱི་ལེགས་ཆ་ལྡན་པའི་གཙོ་གནད་རིག་ཚན་གྱི་རིམ་པ་དང་པོའི་རིག་ཚན6 ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་ཚན་གྱི་རིམ་པ་གཉིས་པའི་རིག་ཚན5བཅས་ཡོད་པ་རེད། འཕྲུལ་ཆས་དང་། ཆ་འཕྲིན། རྒྱུ་ཆ། རྫས་འགྱུར་བཟོ་ལས་བཅས་རིག་ཚན་བཞི་ནི་ཀོང་ཏུང་ཞིང་ཆེན་གྱི“211འདུ་འགོད”ཀྱི་དུས་ཐེངས་གསུམ་པའི་གཙོ་གནད་འཛུགས་སྐྲུན་རིག་ཚན་ཡིན། བཟོ་སྐྲུན་རིག་པ་དང་། རྒྱུ་ཆའི་ཚན་རིག རྩིས་འཁོར་ཚན་རིག རྫས་འགྱུར། ཁོར་ཡུག་ཚན་རིག སྐྱེ་ཁམས་རིག་པ་སོགས་རིག་ཚན5ESIགོ་ལ་ཧྲིལ་པོའི་རིག་ཚན་མདུན་གྲལ་གྱི1%ཟིན་ཡོད། དེའི་ནང་བཟོ་སྐྲུན་རིག་པ1.9%ལ་སླེབས་ཡོད།
ཞིབ་ཚགས་ལྡན་པའི་གློག་རྡུལ་བཟོ་སྐྲུན་ལག་རྩལ་དང་སྒྲིག་ཆས་ཡོད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང(རྒྱལ་ནང་གི་གློག་རྡུལ་བཟོ་སྐྲུན་ཁྱབ་ཁོངས་ཉག་ཅིག་ཡིན)དང་། རྒྱལ་ཁབ་དང་ས་གནས་ཀྱི་མཉམ་འབྲེལ་བཟོ་སྐྲུན་ཚོད་ལྟ་ཁང1 རྒྱལ་ཁབ་དང་ས་གནས་ཀྱི་མཉམ་འབྲེལ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས1 རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་གཅིག་བསྡུས་རྟེན་གཞི1 སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང2 སློབ་གསོ་པུའུ་ཡི་རྒྱལ་སྤྱིའི་མཉམ་ལས་མཉམ་འབྲེལ་ཚོད་ལྟ་ཁང1 སློབ་གསོ་པུའུ་ཡི་མཉམ་སྒྲུབ་གསར་གཏོད་ལྟེ་གནས1 ཀོང་ཏུང་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང1 ཞིང་ཆེན་རིམ་པའི་ཚན་ཞིབ་ལས་སྟེགས་གཞན་དག70ལྷག་བཅས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་རིགས་ཁག་གི་འགྲེམས་ཁང་བསྡོམས་འབོར་དེབ་ཁྲི1396ཟིན་ཡོད་པ་རེད། དེའི་ནང་ཤོག་བུའི་ཚད་ལྡན་ཡིག་ཆ་ཁྲི385དང་། གློག་རྡུལ་དཔེ་དེབ་ཁྲི236 གློག་རྡུལ་འབུམ་རམས་པའི་རབ་འབྱམས་པའི་དཔྱད་རྩོམ་ཁྲི775 གློག་རྡུལ་ཚགས་པར་དང་དུས་དེབ4བཅས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་ཚགས་པར་དང་དུས་དེབ་ཁྲི44ལྷག་ཙམ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དྲ་རྒྱའི་གཞི་གྲངས་ཀྱི་ མཛོད94བཅས་ཡོད། ཀོང་ཏུང་ཞིང་ཆེན་མཐོ་སློབ་དཔེ་མཛོད་ཁང་གི་གྲངས་འཛིན་ཅན་གྱི་སློབ་གསོ་སློབ་ཁྲིད་ཐོན་ཁུངས་འགན་སྲུང་མ་ལག་དང་། ཀོང་ཏུང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་མཉམ་འབྲེལ་དྲ་བ། ཀོང་ཀྲོའུ་ཚན་རྩལ་ཐོན་ཁུངས་སྤྱི་པའི་ཞབས་ཞུའི་ལས་སྟེགས། ཀོང་ཀྲོའུ་ས་ཁུལ་གྱི་མཐོ་སློབ་དཔེ་མཛོད་ཁང་མནའ་འབྲེལ། ཀོང་ཀྲོའུ་སློབ་ཆེན་གྲོང་གི་མཐོ་སློབ་དཔེ་མཛོད་ཁང་བཅུ་སོགས་མཉམ་སྤྱོད་ཞབས་ཞུའི་མ་ལག་སོགས་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་མཉམ་འབྲེལ་བྱེད་སྟངས་ཡོད།
ཀོང་ཀྲོའུ་བཟོ་ལས་སློབ་ཆེན་གྱིས་སྒོ་འབྱེད་སློབ་གཉེར་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་དང་མཉམ་འབྲེལ་དང་བརྗེ་རེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་། སྔ་རྗེས་སུ་རྒྱལ(མཚམས)ཕྱིའི་སློབ་ཆེན་གྲགས་ཅན་དང་སྒྲིག་གཞི150ལྷག་དང་མཉམ་འབྲེལ་ཀྱི་འབྲེལ་བ་བཙུགས་ཏེ། སློབ་མ་གསོ་སྐྱོང་དང་། སློབ་ཁྲིད་བསྒྱུར་བཅོས། དགེ་རྒན་གསོ་སྐྱོང་། ཤེས་ལྡན་མི་སྣ་ནང་འདྲེན། ཚན་ཞིབ་གསར་གཏོད། ལས་སྟེགས་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་མཉམ་འབྲེལ་བྱས་ཡོད། སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྒྱལ་སྤྱི་ཅན་དང་། དགེ་རྒན་དཔུང་ཁག་རྒྱལ་སྤྱི་ཅན་དུ་འགྱུར་བ། ཚན་རིག་ཞིབ་འཇུག་ལས་དོན་རྒྱལ་སྤྱི་ཅན་དུ་འགྱུར་བ་བཅས་ལ་ཆ་རྐྱེན་བསྐྲུན་པ་དང་ལས་སྟེགས་བཟང་པོ་མཁོ་འདོན་བྱས།
སློབ་གྲྭའི་སློབ་གཉེར་རྒྱལ་སྤྱི་ཅན་དུ་འགྱུར་ཚད་མཐོ་རུ་ཕྱིན་ནས་འབྲེལ་ཡོད་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་སྟེ། ཨ་རིའི་པོ་ཧྲི་ཏུན་དང་། དབྱིན་ཇིའི་ལོན་ཏོན་གྱི་མཉམ་འབྲེལ་ལས་སྟེགས། སློབ་གསོ་པུའུ་ཡི་རྒྱལ་སྤྱིའི་མཉམ་ལས་མཉམ་འབྲེལ་ཚོད་ལྟ་ཁང་བཅས་ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་དགེ་རྒན150ལྷག་ཙམ་གདན་ཞུ་བྱས་པ་དང་ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་པ40ཡོད་ལ། རྒྱལ་སྤྱིའི་མཉམ་འབྲེལ་ལས་རོགས150ལྷག་ཙམ་བཙུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་སློབ་གཉེར་རྣམ་གྲངས་དང་རྒྱལ་སྤྱིའི་འཛིན་གྲྭ་སོགས་འཛུགས་གཉེར་བྱས། ཉེ་བའི་ལོ་ལྔའི་རིང་སློབ་མ་ཕྱི་རྒྱལ(མཚམས)དུ་སློབ་སྦྱོང་བྱེད་པར་སྐྱོད་པར་རྒྱབ་སྐྱོར་དང་གསོ་སྐྱོང་བྱས་པའི་སློབ་མ6500ཟིན། སློབ་གྲྭ་ཡོངས་ཀྱི་སློབ་མའི་བསྡུར་ཚད་ཀྱི15%བཟུང་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-10-15
གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡