སྔ་ཡོམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔ་ཡོམ།
སྔ་ཡོམ་ནི་ས་འགུལ་བའི་གོ་རིམ་ཁྲོད་དུས་སྔ་མར་འགུལ་བའི་རིམ་པར་ཟེར་ཞིང་། དེར་མཐུད་དེ་ཡོམ་གཙོ་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
前震
ཕྱི་ཡིག་གི་མིང་།
Foreshock
འགྲེལ་བ།
ཡོམ་གཙོའི་སྔོན་ལ་ས་ཁོངས་གཅིག་ལས་བྱུང་བའི་ཚད་རིམ་དམའ་བའི་ས་ཡོམ།
ཁོང་གཏོགས།
ས་གཤིས་ཞིབ་འཇུག
བྱུང་བའི་དུས་ཚོད།
ཡོམ་གཙོའི་སྔོན་གྱི་སྐར་མ་འགའ་འམ་ཡང་ན་ལོ་འགའ་ཡི་སྔོན།
ཁྱད་ཆོས།
ཡོམ་དྲག་གི་སྔ་ལྟས་ཡིན།
1   འགྲེལ་བ།

སྔ་ཡོམ་ནི་ས་འགུལ་བའི་གོ་རིམ་ཁྲོད་དུས་སྔ་མར་འགུལ་བའི་རིམ་པར་ཟེར་ཞིང་། དེར་མཐུད་དེ་ཡོམ་གཙོ་བྱུང་བ་ཡིན། སྟོབས་ཤུགས་དེས་སྒྲོག་ཙེའི་སྟེང་གི་དངོས་པོ་སར་ལྷུང་བར་བྱེད་ཐུབ་ལ། བཟོ་བསྐྲུན་ལ་གཏོར་བརླག་གཏོང་ཐུབ།  ས་རྡུལ་ཐང་ལ་ལྷུང་དུས་ས་ཡོམ་ད་དུང་མཚམས་བཞག་མེད། སྔ་ཡོམ་རྗེས་ཀྱི་ཉིན་འགའ་དང་ཡང་ན་གཟའ་འཁོར་འགའི་ནང་དུ་ས་ངོས་ཡང་བསྐྱར་འདར་སྲིད་ལ། དེ་ལ་འཕྲོ་ཡོམ་ཟེར། སྔ་ཡོམ་དང་འཕྲོ་ཡོམ་ཚང་མ་ས་ཡོམ་རང་ངོས་ཀྱི་སྟོབས་ཤུགས་ལས་བསྐྱེད་པ་ཡིན། སྔ་ཡོམ་ནི་ཡོམ་གཙོ་ལས་སྐར་མ་འགའི་སྔོན་དུ་བྱུང་ཆོག་ལ། ལོ་མང་བོའི་སྔོན་དུ་བྱུང་བ་ཡང་ངེས། སྤྱི་ལོ2002ལོའི་སུའུ་མན་ཏ་ལ་ས་ཡོམ་ནི་སྤྱི་ལོ2004ལོའི་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ས་ཡོམ་གྱི་སྔ་ཡོམ་ཡིན་པར་འདོད་ཅིང་། དེ་གཉིས་བར་ལོ་གཉིས་ཀྱི་བར་ཐག་གིས་བཅདཡོད།

2 སྔ་ཡོམ་གྱི་ཤུགས་རྐྱེན།

སྔ་ཡོམ་ལ་མི་རྣམས་ཀྱིས་དོ་ཁུར་མང་དུ་བྱེད་དོན་ནི་དེའི་མཚོན་ཚུལ་རྙོག་འཛིང་ཡིན་པ་མ་ཟད།  སྔོན་ཆད་དེ་འབྱུང་བ་ཡང་ཤིན་ཏུ་ཉུང་བར་འདོད་ཅིང་།  གཅིག་ལས་གཞན་མེད་ཀྱི་སྔོན་བརྡ་གཏོང་བའི་ནུས་པ་ལྡན་པས་ཡིན།    ཡོམ་གཙོ་དང་འཕྲོ་ཡོམ་གྱི་འབྲེལ་བ་ལ་ཞིབ་འཇུག་བྱེད་པ་ལས་སྔ་ཡོམ་དང་ཡོམ་གཙོའི་འབྲེལ་བར་བརྟག་པར་དཀའ་ཁག་ཆེ་སྟེ། ཡོམ་གཙོ་དང་འཕྲོ་ཡོམ་བར་གྱི་འབྲེལ་བ་གཞན་དེ་ལས་ཟབ་པའི་ཕྱིར།  སྔ་ཡོམ་ནི་དུས་རྒྱུན་ས་ཡོམ་ཆུང་ངུ་དང་སོ་སོར་འབྱེད་དཀའ་བས་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད། སྔ་ཡོམ་དང་འབྲེལ་བའི་གལ་འཛུགས་གཞུང་ལུགས་སྐོར་ཞིག་གི་བདེན་རྫུན་གྱི་དབྱེ་བ་འབྱེད་དུ་མེད་པས་ཡིན། དུས་རབས20པའི་ཀྲུང་གོའི་ས་ཡོམ་ཁང་གིས་དུས་རབས་ཕྱེད་ཀའི་རིང་གི་འབྲེལ་མཐུད་ལྟ་འཇལ་དང་། ལོ་རབས་དྲུག་ཅུ་དང་བདུན་ཅུ་བའི་ཀྲུང་གོའི་ཤར་ཁུལ་གྱི་ལོ་བཅུའི་རིང་གི་ས་ཡོམ་ཆེན་མོ་སོགས་ལ་བརྟག་པའི་ཉམས་མྱོང་ལས། སྔ་ཡོམ་དང་སྔ་ལྟས་ཡོམ་ཚོགས། དེ་མིན་རྒྱང་ཡོམ་དང་ཉེ་ཡོམ་སོགས་ཀྱི་ཐད་བཞེད་པ་མི་མཐུན་པ་མང་དུ་གནས་པ་ཤེས་ཐུབ། ས་ཡོམ་ལ་སྔོན་དཔག་དང་སྔོན་བརྡ་གཏོང་བར་སྔ་ཡོམ་ནི་རིན་ཐང་མཐོ་ཤོས་དང་གཙོ་ཆེ་བ་དེ་ཡིན་ཞིང་། སྔ་ཡོམ་སྐོར་ལ་ཞིབ་འཇུག་བྱེད་པ་དེ་དཀའ་ཁག་དང་ལྡན་པའི་བརྒྱུད་རིམ་ཞིག་ཡིན་ངེས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཡོམ། ཡོམ་རིམ། ཡོམ་གཙོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-19

གསར་སྤེལ་མཁན། :མིང་གསང་tNNy81462

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།