དབུལ་ཐར་འགག་སྒྲོལ་འཐབ་ཇུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུལ་ཐར་འགག་སྒྲོལ་འཐབ་ཇུས།
སྤྱི་ལོ2015ལོའི་ཟླ11པའི་ཚེས27ཉིན་ནས་ཚེས28ཉིན་བར། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་བཅོས། རིམ་བཞིན་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་བསྟན། ཟླ11པའི་ཚེས29ཉིན《དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་རེད། སྤྱི་ལོ2019ལོའི་ཟླ3པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་ལོ2019ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གནད་འཁེལ་དབུལ་ཐར་གྱི་འགག་སྒྲོལ་འཐབ་ཇུས་ཡག་པོ་རྒྱག་དགོས་ཞེས་གསུངས་པ་རེད། ཟླ10པར་རྒྱལ་ཁབ་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
脱贫攻坚战
འགག་སྒྲོལ་འཐབ་ཇུས་ཀྱི་དམིགས་འབེན།
དབུལ་ཕོངས་ས་ཁུལ་དང་མི་འབོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པ།
འགག་སྒྲོལ་མགོ་རྩོམ་མཁན།
ཀྲུང་གོ
འགག་སྒྲོལ་ལེགས་འགྲུབ་དུས་ཚོད།
སྤྱི་ལོ2020ལོ།
1 དབུལ་ཐར་གྱི་རྒྱབ་ལྗོངས།     

ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཕོངས་ལ་མུ་མཐུད་འཐབ་བརྡ་བཏང་ཞིང་། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ37རིང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་བགྲོད་ལམ་ཞིག་ཏུ་བདེ་བླག་ངང་བསྐྱོད་པ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར7ལྷག་ཙམ་དབུལ་སྒྲོལ་ལེགས་གྲུབ་བྱུང་བ་རེད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོ་འདི་ཉིད་འཛམ་གླིང་ཐོག་དབུལ་པོ་ཉུང་གཏོང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ལ། འཛམ་གླིང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་སྔོན་ལ་ལེགས་གྲུབ་བྱུང་བའི་རྒྱལ་ཁབ་ཅིག་ཀྱང་རེད།

སྤྱི་ལོ2014ལོའི་ལོ་མཇུག་བར་ཀྲུང་གོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི7000ལྷག་ཙམ་ཡོད།

2 དབུལ་ཐར་གྱི་དམིགས་འབེན།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ནི། སྤྱི་ལོ2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ་བྱེད་དགོས། དུས་མཚུངས་སུ་དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ་མངོན་འགྱུར་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་དཀའ་གནད་སེལ་བ་དང་དབུལ་ཐར་འགག་སྒྲོལ་གྱི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། ངེས་པར་དུ་ཆོད་སེམས་སྔར་ལས་ཆེ་བ་དང་། བསམ་ཕྱོགས་སྔར་ལས་གསལ་བ། བྱེད་ཐབས་སྔར་ལས་གནད་དུ་འཕིགས་པ། རྒྱུན་སྲོལ་ལས་བརྒལ་བའི་ཤུགས་ཚད་བཅས་ཀྱི་ཐོག ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་ལུས་མི་རུང་།

3 ལས་འགན་གལ་ཆེན།     

སྤྱི་ལོ2015ལོའི་ཟླ11པའི་ཚེས27ཉིན་ནས་ཚེས28ཉིན་བར་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའུ་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་བཅོས། རིམ་བཞིན་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཞིག་ཡིན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བརྗིད་ཉམས་ལྡན་པའི་ཁས་ལེན་བྱས་པ་ཞིག་རེད། དབུལ་ཐར་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་གྲགས་ཟིན་པ་རེད། དམིགས་ཚད་གཏན་འཁེལ་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ཏེ་སྤྱི་ལོ2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས།    

4  དམ་བཅའ་བཞག་པ།     

འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བརྗིད་ཉམས་ལྡན་པའི་ཁས་ལེན་བྱས་པ་ཞིག་རེད། དབུལ་ཐར་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་གྲགས་ཟིན་པ་རེད། དམིགས་ཚད་གཏན་འཁེལ་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ཏེ། སྤྱི་ལོ2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

5 ཕྱོགས་ཁག་གི་ཚུར་སྣང་།     

ཀྲུང་གོའི་འགོ་ཁྲིད་པས་ནན་བཤད་གནང་དོན།     གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་མཐའ་འཁྱོངས་བྱེད་པར་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས། གནད་འགག་ནི་ལམ་བུ་ཡང་དག་འཚོལ་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་ཡག་པོ་འཛུགས་པ། གནད་འཁེལ་ཇུས་འདོན་ཐད་བྱ་ཐབས་དངོས་སྤྱོད་པ། གནད་འཁེལ་སྐུལ་འདེད་ཐད་བྱས་རྗེས་དངོས་འཇོག་པ། གནད་འཁེལ་དོན་འཁྱོལ་ཐད་ཕན་འབྲས་ཐོན་པ་བཅས་བྱེད་དགོས།

5_1 ཀྲུང་གོའི་སྨྱན་སྦྱོར་གྱི་དཔྱད་གཏམ།     

དབུལ་ཕོངས་ལ་ངོ་རྒོལ་བྱ་རྒྱུ་ནི་གནའ་དེང་ཀྲུང་ཕྱིའི་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་ཆེན་ཞིག་ཡིན། དབུལ་ཕོངས་སེལ་བ། དམངས་འཚོ་ལེགས་བཅོས། རིམ་བཞིན་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་བྱ་དགོས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཡང་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཕོངས་ལ་མུ་མཐུད་འཐབ་བརྡ་བཏང་། ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་ང་ཚོས་གཞི་ཁྱོན་ཆེ་བའི་དབུལ་ཐར་གསར་སྤེལ་གྱི་བྱེད་སྒོ་སྤེལ་བ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར7ལྷག་ཙམ་བདེ་བླག་ངང་དབུལ་ཐར་ཐུབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དབུལ་ཐར་གསར་སྤེལ་ལས་དོན་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གཙོ་གནད་ལས་དོན་དུ་བརྩིས། དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གནད་འཁེལ་དབུལ་ཐར་ལག་བསྟར་ཤུགས་ཆེན་བྱས་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཐར་གསར་སྤེལ་གྱི་བགྲོད་ལམ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་བཏང་བས། དབུལ་སྒྲོལ་གསར་སྤེལ་གྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་མངོན་གསལ་བྱུང་ཡོད།     དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད།     

5_2 རྒྱལ་སྤྱིའི་གདེང་འཇོག

སྤྱི་ལོ2019ལོར་ཀྲུང་གོས་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ཡག་པོ་རྒྱག་རྒྱུར་ཤུགས་རྒྱག་རྒྱུ་ཡིན། ཀྲུང་གོའི་དབུལ་ཐར་གྱི་གྲུབ་འབྲས་ཆེན་པོར་འཛམ་གླིང་གི་དོན་སྙིང་མང་པོ་འདུས་ཡོད། དེའི་འཚོལ་ཞིབ་དང་ལག་ལེན་གྱིས་དབུལ་ཕོངས་ཞེས་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་ཐག་གཅོད་བྱེད་པར་ཀྲུང་གོའི་བསམ་ཕྱོགས་མཁོ་འདོན་བྱས་པ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།      ——ཕྱི་རྒྱལ་གྱི་ལྟ་ཞིབ་པ།

6 ཡོངས་བཤེར་བརྡ་ཐོ།     
6_1 རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ།    

རྒྱལ་དོན་སྤེལ〔སྤྱི་ལོ2020〕ཡིག་ཨང7པ།     ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུའུ་ཁག   ཐད་གཏོགས་ལས་ཁུངས་ཁག་བཅས་ལ།     《དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་བསམ་འཆར》གྱི་བཀོད་སྒྲིག་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། སྤྱི་ལོ2020ལོ་ནས་སྤྱི་ལོ2021ལོའི་ལོ་འགོར་རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།    

6_1_1  གཅིག  ཡོངས་བཤེར་གྱི་དམིགས་ཡུལ་དང་དོན་སྙིང་།    

དབུལ་ཐར་འགག་སྒྲོལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང་མཐའ་ཚད་ལས་འགན་ཞིག་རེད།     

6_1_2 གཉིས།  ཡོངས་ཁྱབ་ཞིབ་བཤེར་གྱི་ཁྱབ་ཁོངས་དང་བྱ་ཡུལ།     

ཡོངས་ཁྱབ་ཞིབ་བཤེར་བྱེད་ཁོངས་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་ཡུག་གཅིག་ཏུ་འབྲེལ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང832ཡིན། ཡུག་ཁུལ་གྱི་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཞི་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཨ་ཁེ་སུའུ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང7དང་དེ་བཞིན་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ནས་འཐེན་པའི་རྫོང་གཞན་དག་ཁག་གཅིག་ཡིན་པ་རེད།     ཡོངས་བཤེར་བྱ་ཡུལ་ནི་ཡོངས་བཤེར་ཁྱབ་ཁོངས་ནང་གི་སྲིད་འཛིན་གྲོང་ཚོ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མ་ཡིན།     

6_1_3 གསུམ། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་དང་ཚད་གཞིའི་དུས་ཚོད།     

ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་གཞི་རྩའི་གནས་ཚུལ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་འགྱུར་གནས་ཚུལ། ཡོང་འབབ་ཡོང་ཁུངས་གཙོ་བོ། རོགས་སྐྱོར་ཐོབ་པ། དབུལ་ཐར་འགག་སྒྲོལ་རྣམ་གྲངས་ནང་ཞུགས་པ་བཅས་ཀྱི་གནས་ཚུལ་ཚུད་ཡོད། དེ་བཞིན་རྫོང་དང་སྲིད་འཛིན་གྲོང་ཚོའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་གནས་ཚུལ་སོགས་ཚུད་ཡོད།     ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞིའི་དུས་ཚོད་ནི། སྤྱི་ལོ2020ལོའི་ཟླ12པའི་ཚེས31ཉིན་ཡིན།     

6_1_4 བཞི། ཡོངས་བཤེར་སྒྲིག་འཛུགས་དང་ལག་བསྟར།     

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད། རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་འཁུར་ནས་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་ཐག་གཅོད་བྱེད་དགོས། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དེ་རྒྱལ་ཁབ་བསྡོམས་རྩིས་ཅུའུ་རུ་བཙུགས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་སྒྲིག་འཛུགས་དང་ལག་བསྟར་བྱེད་འགན་ཞིབ་ཕྲ་འཁུར་དགོས། ཁོངས་མིའི་ཚན་པ་ཁག་གིས་འགན་ནུས་ལས་བགོས་གཞིར་བཟུང་རང་འགན་རང་འཁུར་དང་། ནུས་ཤུགས་མཉམ་འདོན། གཞོགས་འདེགས་དམ་ཟབ་བཅས་བྱེད་དགོས།    

6_1_5  ལྔ། ཡོངས་བཤེར་གྲོན་དངུལ་འགན་སྲུང་།    

རྒྱལ་ཁབ་ཀྱི་དབུལ་ཐར་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་ལ་མཁོ་བའི་གྲོན་དངུལ། ཀྲུང་དབྱང་དང་ས་གནས་རིམ་པ་ཁག་གི་ནོར་སྲིད་ཀྱིས་གཏན་འབེབས་ལྟར་འགན་སྲུང་བྱས་ཏེ་བབ་མཚུངས་ཀྱི་ལོ་འཁོར་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་དགོས། དུས་ཐོག་ཏུ་གཏོང་སྤྲོད་དང་དམིགས་སར་འབྱོར་བར་འགན་ལེན་ཏན་ཏིག་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-11

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།