ཧོ་ནན་ཞིང་ལས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ནན་ཞིང་ལས་སློབ་ཆེན།
ཧོ་ནན་ཞིང་ལས་སློབ་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་དང་། རྒྱལ་ཁབ་ནགས་ལས་ཅུས། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུས། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་་དུ་བསྐྲུན་པ་ཡིན་ལ། དེའང་ཧོ་ནན་ཞིང་ཆེན་གྱི་གཙོ་གནད་སློབ་ཆེན། ཧོ་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་རྐང་འཛིན་སློབ་ཆེན། རྒྱལ་ཁབ་ཀྱི“2011འཆར་གཞི”དང་། རྒྱལ་ཁབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་གཙོ་གནད་རིག་ཚན་རྣམ་གྲངས། ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོའི་གསོ་སྦྱོང་འཆར་གཞི། རྒྱལ་ཡོངས་ཀྱི་གསར་བསྐྲུན་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་བཅས་སུ་བདམས་ཡོད། སྤྱི་ལོ2019ལོའི་ཟླ5པའི་ཚེས1ཉིན། སློབ་གྲྭར་ཀྲེང་ཀྲོའུ་གྲོང་ཁྱེར་རིག་གནས་ལམ་དང་། ལུང་ཙེ་ཧུའུ། ཞུས་ཁྲང་ཞིན་ཆུས་བཅས་སློབ་ཁུལ་གསུམ་བཙུགས་ཡོད་པ་དང་། ས་ཁྱོན་ལ་མུའུ་ཁྲི281.35ཡོད། སློབ་གླིང20བཙུགས་པའི་ནང་ཞིང་ལས་དང་། བཟོ་ལས། རང་བྱུང་ཚན་རིག དཔལ་འབྱོར། དོ་དམ། ཁྲིམས་ལུགས། སྤྱི་ཚོགས་ཚན་རིག གསོ་རིག སློབ་གསོ། སྒྱུ་རྩལ་བཅས་རིག་ཚན་ཆེ་གྲས10ཡོད། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཞིབ་འཇུག་ལས་སྟེགས7དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་ལས་སྟེགས70བཙུགས་ཡོད། རིམ་པ་དང་པོའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན1ཧོ་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་རིག་ཚན4ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་རིག་ཚན19འབུམ་རམས་པའི་ཚན་ཞིབ་འཁོར་སྐྱོད་ས་ཚིགས7རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན9རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན18རབ་འབྱམས་པའི་ཆེད་ལས་ཀྱི་བསླབ་གནས་རིགས9དངོས་གཞིའི་ཆེད་ལས79ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི3ལྷག་ཙམ་ཡོད། ལས་ཐོག་དགེ་རྒན་དང་ལས་བཟོ་པ2162དང་། དེའི་ནང་འབུམ་རམས་པའི་བསླབ་གནས་ཡོད་པའི་མི865བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南农业大学
ཕྱི་ཡིག་གི་མིང་།
Henan Agricultural University
བཙུགས་ལོ།
སྤྱི་ལོ1902ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཞིང་ལས།
གཙོ་གཉེར་སྡེ་ཁག
ཧོ་ནན་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཀྲང་ཀའེ་ཕིང་། ཏང་ཨུའི་ཧྲུའུ་ཅི། ཝའེ་མེང་ཀོན།
ཆེད་བསྐོས་ཡོན་ཧྲི།
1ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན18ཡོད། རིམ་པ་གཉིས་པའི་རིག་ཚན85ཡོད།
འབམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན9ཡོད།
འབུམ་རམས་ཕྱི་ཚར།
འཁོར་སྐྱོད་ས་ཚིགས7ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན1ཡོད། རིམ་པ་གཉིས་པའི་རིག་ཚན2ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ནགས་ལས་སློབ་གླིང་དང་། ཞིང་ལས་སློབ་གླིང་སོགས།
སློབ་གྲྭའི་ཚབ་ཨང་།
10466
གཞུང་ཕྱོགས་དྲ་གནས།
http://www.henau.edu.cn
མི་སྣ་གྲགས་ཅན།
ཀྲང་ཀའེ་ཕིང་དང་། ཅང་ཅིན་ཕིང་སོགས།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2011ལོའི་ཟླ5པར་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས།

སྤྱི་ལོ2013ལོའི་ཟླ4པར། སློབ་གསོ་པུའུ་ཡིས་རིམ་པ་དང་པོའི“2011འཆར་གཞིའི”མཐོ་སློབ་ལ་བདམས།

སྤྱི་ལོ2017ལོའི་ཟླ7པར་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་ཀྱི་རིམ་པ་གཉིས་པའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ”ལ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ8པར་སློབ་གསོ་པུའུ་ཡིས“རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ”ལ་བདམས།

སྤྱི་ལོ2020ལོའི་ཟླ6པར་ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་གིས་ཧོ་ནན་ཞིང་ཆེན་ཁྱད་ལྡན་རྐང་འཛིན་སློབ་ཆེན་གྱི་འཛུགས་སྐྲུན་མཐོ་སློབ་ལ་གཏན་འཁེལ་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཀྱི་ཆ་འཕྲིན་ལས་མངོན་པར་ལྟར་ན། སློབ་གྲྭར་ལས་ཐོག་དགེ་རྒན་དང་ལས་བཟོ་པ2162ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ་སོགས་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས757དང་། འབུམ་རམས་པའི་བསླབ་གནས་ཡོད་པའི་མི865ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི1རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན2རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དར་གཞོན་རིགས་གཅིག་མཁས་པ3རྒྱལ་ཁབ་ཀྱི་ཀྲུང་ཧྭའི་ཞིང་ལས་ཤེས་ལྡན་པ་ཕུལ་བྱུང་བྱ་དགའ་ཐོབ་པའི་རིགས་གཅིག་མཁས་ཅན3རྒྱལ་ཁབ་ཀྱི་རྐང་འཛིན་དགེ་རྒན2རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ40ཞིང་ལས་པུའུ་ཡི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་གྱི་ཚན་རིག་པ12ཞིང་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ18བཅས་ཡོད།

3 སློབ་གླིང་གི་གནས་ཚུལ།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་ལྟར་ན། སློབ་གྲྭར་སློབ་གླིང20བཙུགས་ཡོད་པ་དང་། ཞིང་ལས་དང་། བཟོ་ལས། རང་བྱུང་ཚན་རིག དཔལ་འབྱོར། དོ་དམ། ཁྲིམས་ལུགས། སྤྱི་ཚོགས་ཚན་རིག གསོ་རིག སློབ་གསོ། སྒྱུ་རྩལ་བཅས་རིག་ཚན་ཆེན་པོ10ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས79བཙུགས་ཡོད།

3_1 ཞིང་ལས་སློབ་གླིང་།

ཞིང་ལས་རིག་པ་དང་། ཀྲུང་སྨན་རིག་པ། ས་བོན་ཐོན་སྐྱེད་དང་གཉེར་སྐྱོང་སྐོར་གྱི་ཆེད་ལས་ཡོད།

3_2 ནགས་ལས་སློབ་གླིང་།

ཁོར་ཡུག་ཇུས་འགོད་དང་། ཁོར་ཡུག་ཚན་རིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། ཁོར་ཡུག་ལས་གྲྭ། ནགས་ལས་རིག་པ། ཡུལ་སྐོར་དོ་དམ། ཨར་ལས་རིག་པ། སྐྱེད་ཚལ་བཅས་ཀྱི་ཆེད་ལས་ཡོད།

3_3 ཕྱུགས་སྨན་ལས་གྲྭ་སློབ་གླིང་།

སྐྱེ་དངོས་ལས་གྲྭ་དང་། སྲོག་ཆགས་དང་རྩི་ཤིང་གི་འགོས་ནད་ཞིབ་བཤེར། སྨན་སྦྱོར། སྲོག་ཆགས་ཚན་རིག སྲོག་ཆགས་གསོ་རིག་བཅས་ཀྱི་ཆེད་ལས་ཡོད།

3_4 འཕྲུལ་གློག་ལས་གྲྭ་སློབ་གླིང་།

ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ་དང་། ནུས་ཁུངས་དང་སྒུལ་ཤུགས་ལས་གྲྭ། འཕྲུལ་ཆས་ཅན་དང་དེའི་རང་འགུལ་ཅན། རླངས་འཁོར་ཞབས་ཞུའི་ལས་གྲྭ། གློག་རྡུལ་ཆ་འཕྲིན་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་འཛུགས་སྐྲུན་ཁོར་ཡུག་དང་ནུས་ཁུངས་ལས་གྲྭ། ནུས་ཁུངས་གསར་པའི་ཚན་རིག་དང་ལས་གྲྭ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་ཆེད་ལས་ཡོད།

3_5 དཔལ་འབྱོར་དང་དོ་དམ་སློབ་གླིང་།

དཔལ་འབྱོར་རིག་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། བཟོ་ཚོང་དོ་དམ། ཁྲོམ་རའི་ཚོང་གཉེར། ནོར་དོན་དོ་དམ། ཞིང་ནགས་དཔལ་འབྱོར་དོ་དམ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། དངུལ་རྩའི་ཉེན་འགོག་བཅས་ཀྱི་ཆེད་ལས་ཡོད།

3_6 ཆ་འཕྲིན་དང་དོ་དམ་ཚན་རིག་སློབ་གླིང་།

ཆ་འཕྲིན་དང་རྩིས་རྒྱག་ཚན་རིག་དང་། རྩིས་འཁོར་ཚན་རིག་དང་ལག་རྩལ། དོ་དམ་ཚན་རིག རྩིས་འཁོར་ཚན་རིག་དང་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྩིས་འཁོར་སྨྱན་མང་གཟུགས་ལག་རྩལ་བཅས་ཀྱི་ཆེད་ལས་ཡོད།

3_7 ཚེ་སྲོག་ཚན་རིག་སློབ་གླིང་། 

སྐྱེ་དངོས་ལས་གྲྭ་དང་། སྐྱེ་དངོས་བཟོ་བཀོད། སྐྱེ་དངོས་ཚན་རིག སྐྱེ་དངོས་ལག་རྩལ། སྐྱེ་དངོས་ལག་རྩལ་དང་བེད་སྤྱོད་བཅས་ཀྱི་ཆེད་ལས་ཡོད།

3_8 ཕྱི་རྒྱལ་སྐད་ཡིག་སློབ་གླིང་། 

དབྱིན་ཡིག་དང་། འཇར་པན་སྐད་གཉིས་ཀྱི་ཆེད་ལས་ཡོད།

3_9 རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་།

ཁོར་ཡུག་ཚན་རིག་དང་། སྲོག་ཆགས་ཚན་རིག དངུལ་རྩའི་དོ་དམ་དང་ལས་དོན། རྩིས་གཉེར། མགྲོན་ཁང་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པར་ལྟར་ན། སློབ་གྲྭར་སློབ་གླིང20བཙུགས་ཡོད་པ་དང་། ཞིང་ལས་དང་། བཟོ་ལས། རང་བྱུང་ཚན་རིག དཔལ་འབྱོར། དོ་དམ། ཁྲིམས་ལུགས། སྤྱི་ཚོགས་ཚན་རིག གསོ་རིག སློབ་གསོ། སྒྱུ་རྩལ་བཅས་རིག་ཚན་ཆེ་གྲས10ཡོད། རིམ་པ་དང་པོའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན1ཧོ་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་རིག་ཚན4ཞིང་ཆེན་དང་པུའུ་རིམ་པའི་གཙོ་གནད་རིག་ཚན19 འབུམ་རམས་པའི་ཚན་ཞིབ་འཁོར་སྐྱོད་ས་ཚིགས6རིམ་པ་དང་པོའི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་རིག་ཚན9རིམ་པ་དང་པོའི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་ རིག་ཚན18རབ་འབྱམས་པའི་ཆེད་ལས་ཀྱི་བསླབ་གནས་རིགས9དངོས་གཞིའི་ཚན་ཁག་གི་ཆེད་ལས76བཅས་བཙུགས་ཡོད།

རིམ་པ་དང་པོའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན། ལོ་ཏོག་འདེབས་འཛུགས་རིག་པ།

རིམ་པ་གཉིས་པའི་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན། ལོ་ཏོག་འདེབས་སྙོར་དང་རྨོ་ལས་རིག་པ། 

རིམ་པ་དང་པོའི་ཞིང་ཆེན་གྱི་གཙོ་གནད་རིག་ཚན། ལོ་ཏོག་འདེབས་འཛུགས་རིག་པ་དང་། ནགས་ལས་རིག་པ། སྐྱེ་ཁམས་རིག་པ། མཛེས་ལྗོངས་སྐྱེད་ཚལ་རིག་པ། ཕྱུགས་རིགས་རིག་པ། ཕྱུགས་རིགས་གསོ་རིག ཞིང་ལས་ལས་གྲྭ། ཞིང་ནགས་དཔལ་འབྱོར་དོ་དམ། རྩི་ཤིང་སྲུང་སྐྱོང་། ལྡུམ་རའི་ལག་རྩལ་རིག་པ། དོ་དམ་ཚན་རིག་དང་ལས་གྲྭ། སྐྱེ་དངོས་རིག་པ། ཡང་བའི་བཟོ་ལས་ལག་རྩལ་དང་ལས་གྲྭ། ཟས་རིགས་ཚན་རིག་དང་ལས་གྲྭ། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཆེད་ལས་ཡོད།

འབུམ་རམས་ཕྱི་ཚར་གྱི་འཁོར་སྐྱོད་ས་ཚིགས། ལོ་ཏོག་འདེབས་འཛུགས་རིག་པ་དང་། ནགས་ལས་རིག་པ། ཕྱུགས་རིགས་གསོ་རིག ཞིང་ལས་ལས་གྲྭ། ཞིང་ནགས་དཔལ་འབྱོར་དོ་དམ་བཅས་ཀྱི་ཆེད་ལས་ཡོད།

རིམ་པ་དང་པོའི་འབུམ་རམས་པའི་རིག་ཚན། ལོ་ཏོག་འདེབས་འཛུགས་རིག་པ་དང་། ནགས་ལས་རིག་པ། མཛེས་ལྗོངས་སྐྱེད་ཚལ་རིག་པ། ཕྱུགས་ནད་གསོ་རིག ཞིང་ལས་ལས་གྲྭ་བཅས་ཀྱི་ཆེད་ལས་ཡོད།

རིམ་པ་དང་པོའི་རབ་འབྱམས་པའི་རིག་ཚན། ལོ་ཏོག་འདེབས་འཛུགས་རིག་པ་དང་། ནགས་ལས་རིག་པ། སྐྱེ་ཁམས་རིག་པ། ཨར་ལས་རིག་པ། མཛེས་ལྗོངས་སྐྱེད་ཚལ་རིག་པ། ཕྱུགས་རིགས་རིག་པ། ཕྱུགས་རིགས་གསོ་རིག རྩྭ་རིག་པ། ཞིང་ལས་ལས་གྲྭ། ཞིང་ནགས་དཔལ་འབྱོར་དོ་དམ། རྩི་ཤིང་སྲུང་སྐྱོང་། ལྡུམ་རའི་ལག་རྩལ་རིག་པ། དོ་དམ་ཚན་རིག་དང་ལས་གྲྭ། སྐྱེ་དངོས་རིག་པ། ཡང་བའི་བཟོ་ལས་ལག་རྩལ་དང་ལས་གྲྭ། ཟས་རིགས་ཚན་རིག་དང་ལས་གྲྭ། ཞིང་ལས་ཐོན་ཁུངས་དང་ཁོར་ཡུག མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཆེད་ལས་ཡོད།

རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།  ཕྱུགས་རིགས་སྨན་པ་དང་། ལས་གྲྭ། མཛེས་ལྗོངས་སྐྱེད་ཚལ། ནགས་ལས། བཟོ་ཚོང་དོ་དམ། སྤྱི་པའི་དོ་དམ། ཡིག་སྒྱུར་བཅས་ཀྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཡོད།

རིམ་པ་གཉིས་པའི་ཞིང་ཆེན་གྱི་གཙོ་གནད་རིག་ཚན། ལོ་ཏོག་འདེབས་འཛུགས་རིག་པ་དང་། རྨོ་ལས་རིག་པ། འབྲས་ཤིང་རིག་པ། སྔོ་ཚལ་རིག་པ། ཇ་རིག་པ། དོ་དམ་ཚན་རིག་དང་ལས་གྲྭ། རྩི་ཤིང་རིག་པ། སྐྱེ་དངོས་རིག་པ། སྐྱེ་ཁམས་རིག་པ། དབང་རྩའི་སྐྱེ་དངོས་རིག་པ། རྒྱུད་འཛིན་རིག་པ། སྐྱེ་དངོས་རྫས་འགྱུར་དང་འདུས་རྡུལ་སྐྱེ་དངོས་རིག་པ། མངར་ཆ་བཟོ་བའི་ལས་གྲྭ།  ཟས་རིགས་ཚན་རིག ཞིང་ལས་ཐོན་རྫས་ལས་སྣོན། ཆུ་ཐོན་དངོས་རྫས་ལས་སྣོན། ཉར་ཚགས་ལས་གྲྭ། སྐྱེ་དངོས་འཚོ་བཅུད་རིག་པ། མར་ཁེ་སིའི་རིང་ལུགས་ཀྱི་རིག་པ་བཅས་ཀྱི་ཆེད་ལས་ཡོད།

5 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ12པར་སློབ་གྲྭའི་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ6ཐོབ་པ་དང་རྒྱལ་ཁབ་ཀྱི་སྤུས་ལེགས་བསླབ་ཚན7རྒྱལ་ཁབ་ཀྱི་མཉམ་སྤྱོད་བསླབ་ཚན6རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས7རྒྱལ་ཁབ་རིམ་པའི་སྐད་གཉིས་སློབ་ཁྲིད་དཔེ་སྟོན་བསླབ་ཚན1དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4 རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཚོད་ལྟ་ཁུལ1རྒྱལ་ཁབ་ཀྱི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་བསྒྱུར་བཅོས་ཚོད་ལྟའི་རྣམ་གྲངས8རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་གནས3རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི4ཧོ་ནན་ཞིང་ཆེན་གྱི་ཁྱད་ལྡན་ཆེད་ལས11ཧོ་ནན་ཞིང་ཆེན་གྱི་སློབ་ཚན་སྤུས་ལེགས18ཧོ་ནན་ཞིང་ཆེན་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6བཅས་ཡོད།

6 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ12པར་སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་བསྡོམས་འབོར་དེབ་ཁྲི250ཙམ་ཡོད་པ་དང་གློག་རྡུལ་དཔེ་དེབ་ཁྲི100ཙམ་ཡོད།

7 ལས་ཐོག་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཝའེ་མེང་ཀོན།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲའོ་ལིའུ་མིང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་བཟོ་ཚོགས་ཀྱི་ཀྲུའུ་ཞི། ལི་ཁྲེང་ཝུའུ།

སྒྲིག་ཨུའི་ཧྲུའུ་ཅི། ཡོའུ་ཀུ།

སློབ་གྲྭའི་སློབ་གཙོ། ཀྲང་ཀེ་ཕིང་།

སློབ་གྲྭའི་སློབ་གཙོ་གཞོན་པ། ཀྲའོ་ལིའུ་མིང་། དབྱིན་ཞིན་མིང་། ཁང་ཞང་ཐའོ། ཧྲང་ཧྥུ་ཏེ། དབྱང་ཞི་ཐེན། ལིན་ཐུང་པའོ།

8 གནས་ཡུལ།

ཀྲུང་གོའི་ཧོ་ནན་ཀྲེང་ཀྲོའུ་ཞིང་ལས་ལམ་ཨང63པ། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།