ཆིང་ཏའོ་ཚན་རྩལ་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་ཏའོ་ཚན་རྩལ་སློབ་ཆེན།
ཆིང་ཏའོ་ཚན་རྩལ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གནས་ཡོད་པ་དང་། དེ་སྔའི་རྫས་འགྱུར་བཟོ་ལས་པུའུ་ཡི་ཐད་གཏོགས་གཙོ་གནད་མཐོ་སློབ་ཡིན་ཞིང་། རྒྱལ་ཁབ་ཀྱི“111འཆར་གཞིའི”ནང་དུ་བདམས་པ་དང་། སློབ་གསོ་པུའུ་དང་ཀྲུང་གོའི་ཚན་རིག་ཁང་གིས“ཚན་སློབ་ཟུང་འབྲེལ་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་བྱ་སྤྱོད་འཆར་གཞི” རྒྱལ་ཁབ་ཀྱི་ཁག་དང་པོའི“ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞི”དང་“བཟོ་ལས་ཚན་ཁག་གསར་པའི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས”མཐོ་སློབ་ཏུ་བདམས། སྔ་རྗེས་སུ་རྒྱལ་ཁབ་ཡང་བའི་བཟོ་ལས་པུའུ་དང་རྒྱལ་ཁབ་རྫས་འགྱུར་བཟོ་ལས་པུའུ་ཡི་ཁོངས་སུ་གཏོགས། ད་ལྟ་ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་འཛུགས་སྐྲུན་གྱི་སློབ་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྨང་གཞིའི་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་གྲགས་ཅན་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青岛科技大学
ཕྱི་ཡིག་གི་མིང་།
Qingdao University of Science and Technology
བཙུགས་ལོ།
སྤྱི་ལོ1950ལོ།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
གཙོ་གཉེར་སྡེ་ཁག
ཧྲན་ཏུང་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། མ་ལེན་ཞང་། སློབ་གཙོ། ཁྲེན་ཁུ་ཀྲེང་།
ཆེད་བསྐོས་ཡོན་ཧྲི།
ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི2
དངོས་གཞིའི་ཆེད་ལས།
72
རབ་འབྱམས་ཐོབ་ཐང་སྤྲོད་གནས།
རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན22དང་། རབ་འབྱམས་པའི་ཆེད་ལས་བསླབ་གནས་རིགས15ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན5ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཁོར་སྐྱོད་ས་ཚིགས5ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
31
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར།
སློབ་གྲྭའི་ཚབ་ཨང་།
10426
གཞུང་ཕྱོགས་དྲ་གནས།
http://www.qust.edu.cn
1 ​ངོ་སྤྲོད།

ཆིང་ཏའོ་ཚན་རྩལ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གནས་ཡོད་པ་དང་། དེ་སྔའི་རྫས་འགྱུར་བཟོ་ལས་པུའུ་ཡི་ཐད་གཏོགས་གཙོ་གནད་མཐོ་སློབ་ཡིན་ཞིང་། རྒྱལ་ཁབ་ཀྱི“111འཆར་གཞིའི”ནང་དུ་བདམས་པ་དང་། སློབ་གསོ་པུའུ་དང་ཀྲུང་གོའི་ཚན་རིག་ཁང་གིས“ཚན་སློབ་ཟུང་འབྲེལ་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་བྱ་སྤྱོད་འཆར་གཞི” རྒྱལ་ཁབ་ཀྱི་ཁག་དང་པོའི“ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞི”དང“བཟོ་ལས་ཚན་ཁག་གསར་པའི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས”མཐོ་སློབ་ཏུ་བདམས། སྔ་རྗེས་སུ་རྒྱལ་ཁབ་ཡང་བའི་བཟོ་ལས་པུའུ་དང་རྒྱལ་ཁབ་རྫས་འགྱུར་བཟོ་ལས་པུའུ་ཡི་ཁོངས་སུ་གཏོགས། ད་ལྟ་ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་འཛུགས་སྐྲུན་གྱི་སློབ་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྨང་གཞིའི་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་གྲགས་ཅན་སློབ་གྲྭ་ཡིན་པ་དང་། སློབ་གསོ་པུས“དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་དཔྱད་དཔོག་གི་ཕུལ་བྱུང་མཐོ་སློབ”དང“རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ”ལ་དཔྱད་དཔོག་བྱས་པ་ཡིན།

སྤྱི་ལོ2020ལོའི་ཟླ་དང་པོའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ཆིང་ཏའོ་དང་ཀའོ་སྨི། ཅི་ནན་བཅས“ས་ཁུལ་གསུམ་དང་སློབ་ཁུལ་ལྔ”ཡི་སློབ་གཉེར་རྣམ་པ་ཆགས་ཤིང་། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི92ཡོད་པ་དང་། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་དཔྱད་གཞི་སྣ་ཚོགས་ཁྲི300ལྷག་ཙམ་ཡོད་པ་དང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར29ཟིན་ཡོད། དགེ་རྒན་དང་ལས་བཟོ་བ2600ལྷག་ཡོད། དེའི་ནང་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲེ2ཡོད་པ་དང་། རྫས་འགྱུར་དང་། རྒྱུ་ཆའི་ཚན་རིག བཟོ་སྐྲུན་རིག་པ་སོགས་རིག་ཚན3གོ་ལ་ཧྲིལ་པོའིESIརིག་ཚན་མདུན་གྲལ་གྱིས1%ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

སློབ་གྲྭ་དེ་ནི་སྔོན་མར་སྤྱི་ལོ1950ལོར་བཙུགས་པའི་ཧྲིན་དབྱང་ཡང་བའི་བཟོ་ལས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཡིན།

སྤྱི་ལོ1956ལོར་ཆིང་ཏའོ་ལ་གནས་སྤར།

སྤྱི་ལོ1958ལོར་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྲན་ཏུང་རྫས་འགྱུར་བཟོ་ལས་སློབ་གླིང་བཙུགས་པ་དང་། མཐོ་རིམ་སློབ་གསོ་དངོས་སུ་གཉེར་འགོ་བརྩམས།

སྤྱི་ལོ1984ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཆིང་ཏའོ་རྫས་འགྱུར་བཟོ་ལས་སློབ་གླིང་ཞེས་མིང་བསྒྱུར།

སྤྱི་ལོ1998ལོར་རྫས་འགྱུར་བཟོ་ལས་པུའུ་ནས་ཧྲན་ཏུང་ཞིང་ཆེན་དུ་བསྒྱུར།

སྤྱི་ལོ2001ལོར་ཆིང་ཏའོ་བཟོ་རྩལ་མཛེས་རྩལ་སློབ་གྲྭར་ཟླ་སྒྲིལ་བྱས།

སྤྱི་ལོ2002ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཆིང་ཏའོ་ཚན་རྩལ་སློབ་ཆེན་ཞེས་མིང་བསྒྱུར།

སྤྱི་ལོ2009ལོར་ཆིང་ཏའོ་ཚན་རྩལ་སློབ་ཆེན་ཀའོ་སྨི་སློབ་ཁུལ་སྤྱོད་འགོ་ཚུགས།

སྤྱི་ལོ2016ལོར་ཧྲན་ཏུང་ཞིང་ཆེན་རྫས་འགྱུར་བཟོ་ལས་ཞིབ་འཇུག་ཁང་གི་སྒྲིག་གཞི་ཧྲིལ་པོ་ཟླ་སྒྲིལ་བཏང་།

སྤྱི་ལོ2019ལོའི་ཟླ8པར་སློབ་གསོ་པུས་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སྤྱི་ལོ2017ལོའི་ཟླ3པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཆིང་ཏའོ་ཚན་རྩལ་སློབ་ཆེན་ཏུ་སློབ་ཁུལ4དང་སྡེ་ཁག31 དངོས་གཞིའི་ཚན་ཁག72བཅས་བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ་དང་པོའི་བར། དགེ་རྒན་དང་ལས་བཟོ་པ2600ལྷག་ཡོད་པ་དང་། དེའི་ནང་ཡོན་ཧྲི2དང་། གཉིས་ཀར་གདན་ཞུ་བྱས་པའི་ཡོན་ཧྲི11 ཀྲུང་གོ་ཚན་རིག་ཁང་གི“མི་བརྒྱའི་འཆར་གཞིའི”འོས་མི3བཅས་ཡོད། རྒྱལ་ཁབ་ཀྱི་མཐོ་རིམ་ཤེས་ལྡན་མི་སྣས་དམིགས་བསལ་རྒྱབ་སྐྱོར་འཆར་གཞི(མི་ཁྲིའི་འཆར་གཞི)དང་སྣེ་ཁྲིད་ཤེས་ལྡན་མི་སྣ(སློབ་ཁྲིད་དགེ་རྒན་གྲགས་ཅན)2དང་། འབྲི་ཆུ་མཁས་པ1 རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུ3 རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན2ཡོད་པ་དང་། རྒྱལ་ཁབ་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ4ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྱི་བྱ་དགའ་ཐོབ་མཁན1ཡོད། རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣ་ཁྲི་ཚོ་བརྒྱ་སྟོང་གི་ལས་གྲྭའི”འོས་མི3དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན10ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན49ཡོད། “ཐའེ་ཧྲན་མཁས་དབང་གི་རིག་ཚན་ཚོགས་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ”2དང་། “ཐའེ་ཧྲན་མཁས་དབང”གི་དམིགས་བསལ་གདན་ཞུས་རིགས་གཅིག་མཁས་པ(དགེ་རྒན་ཆེན་མོ)དང་། ཕྱི་རྒྱལ་གྱི་དམིགས་བསལ་གདན་ཞུས་རིགས་གཅིག་མཁས་ཅན། ན་གཞོན་རིགས་གཅིག་མཁས་པ30བཅས་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན12དང་ཧྲན་ཏུང་ཞིང་ཆེན་རིག་ཚན་གྱི་སྣེ་ཁྲིད་པ5ཡོད། ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་རིག་ཚན(ཚོད་ལྟ་ཁང)“དབུ་བཞུགས་རིགས་གཅིག་མཁས་ཅན4ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་མཐོ་སློབ་ཀྱི་ཕུལ་བྱུང་དགེ་རྒན་ཆེ་གྲས་བཅུའི་དགེ་རྒན3ཡོད། ཧྲན་ཏུང་ཞིང་ཆེན་གྱི་ཕུལ་བྱུང་མི་སྣ8ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་ལ་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་མཁས་པ34བཅས་ཡོད།

3_3 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2020ལོའི་ཟླ་དང་པོའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན5དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས5བཅས་ཡོད། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན22དང་། རབ་འབྱམས་པའི་ཆེད་ལས་སློབ་གནས་རིགས15 དངོས་གཞིའི་ཚན་ཁག་གི་ཆེད་ལས76བཅས་ཡོད་པ་དང་། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རྫས་འགྱུར་ལས་གྲྭ། སྒུལ་ཤུགས་ལས་གྲྭ། ལས་གྲྭའི་ཚ་བའི་དངོས་ལུགས་སོགས་ཀྱིས་མཚོན་པའི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་རིག་ཚན་ཁྱུ་ཚོགས་མང་པོ་གྲུབ་ཡོད། དེའི་ནང་རྫས་འགྱུར་དང་། རྒྱུ་ཆའི་ཚན་རིག བཟོ་སྐྲུན་རིག་པ་སོགས་རིག་ཚན3གོ་ལ་ཧྲིལ་པོའིESIརིག་ཚན་མདུན་གྲལ་གྱི1%ཟིན་ཡོད། རིག་ཚན4ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་གྱི“རིག་ཚན་རྩེ་གྲའི”གྲས་སུ་ཚུད་ཡོད།

3_4 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཆིང་ཏའོ་ཚན་རྩལ་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ2ཐོབ་པ་དང་། རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1བཙུགས་པ། རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས5དང་། རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་རྣམ་གྲངས1བཅས་ཡོད། སློབ་གསོ་པུའི་ལས་གྲྭའི་སློབ་གསོའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཆེད་ལས1དང་། རྒྱལ་ཁབ་རིམ་པའི“ཕུལ་བྱུང་བཟོ་བཀོད་པ་སློབ་གསོ་གསོ་སྐྱོང་འཆར་གཞིའི”ཚོད་ལྟའི་ཆེད་ལས4 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1དང་། རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1བཅས་ཡོད།    

སློབ་གྲྭར་རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན2ཡོད། རྒྱལ་ཁབ་རིམ་པའི་བརྙན་ལམ་སྤུས་ལེགས་ཀྱི་ཡོངས་བསྒྲགས་སློབ་ཚན1དང་། རྒྱལ་ཁབ་རིམ་པའི་སྐད་གཉིས་སློབ་ཁྲིད་དཔེ་སྟོན་སློབ་ཚན1 རྒྱལ་ཁབ་རིམ་པའི་ལས་གྲྭ་ལག་ལེན་སློབ་གསོའི་ལྟེ་གནས1དང་། སློབ་གསོ་པུའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས1 རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས152 ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ26ཐོབ་པ། ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1བཙུགས་པ། ཞིང་ཆེན་རིམ་པའི་སྤུས་རྟགས་དང་ཁྱད་ལྡན་ཆེད་ལས་16དང་། ཞིང་ཆེན་རིམ་པའི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆེད་དོན་རྒྱབ་སྐྱོར་ཆེད་ལས2 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3 རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2ཡོད། རྒྱལ་ཁབ་རིམ་པའི་སྐད་གཉིས་སློབ་ཁྲིད་དཔེ་སྟོན་སློབ་ཚན1དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན27བཅས་ཡོད།

4 ཕྱི་ཕྱོགས་སྤེལ་རེས།    

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེས་སྒོ་དབྱེ་འཐབ་ཇུས་དང་རྒྱལ་སྤྱི་ཅན་གྱི་འཐབ་ཇུས་ཁྱབ་གདལ་ཧུར་ཐག་བཏང་ནས་འཇར་མན་དང་། ཨ་རི། ཁ་ན་ཏ། ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ19ཡི་མཐོ་སློབ100ལྷག་ཙམ་གྱིས་མཉམ་ལས་བྱས།

5 སྤྱི་ཚོགས་གདེང་འཇོག    

སྤྱི་ལོ2020ལོའི་ཟླ7པར། སྤྱི་ལོ2020ལོར་སླེབས་སྐབས་ཀྲུང་གོའི་སློབ་ཆེན་རྩེ་གྲ་བརྒྱའི་ཡར་ཐོན་མིང་གྲལ་གྱི་ཨང་རིམ62ཡིན།

6 རིག་གཞུང་ཞིབ་འཇུག    
6_1 ཞིབ་འཇུག་ལས་ཁུངས།    

སྤྱི་ལོ2016ལོའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭ་དེར་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས3དང་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས4ཡོད། རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་རྟེན་གཞི3 ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང(ཚན་རྩལ་ཐིང)4དང་། ཧྲན་ཏུང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་ཚོད་ལྟ་ཁང7 ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང(འཕེལ་སྒྱུར་ཨུ་ལྷན)2 ཧྲན་ཏུང་ཞིང་ཆེན་གྱི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས5དང་ཧྲན་ཏུང་ཞིང་ཆེན་གྱི་མཉམ་སྒྲུབ་གསར་གཏོད་ལྟེ་གནས1 ཆིང་ཏའོ་གྲོང་ཁྱེར་གྱི་གཙོ་གནད་ཚོད་ལྟ་ཁང10དང་ལས་གྲྭའི་ཞིབ་འཇུག་ལྟེ་གནས་བཅས་ཡོད།

7 རིག་གཞུང་ཐོན་ཁུངས།    
7_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ8པར་ཆིང་ཏའོ་ཚན་རྩལ་སློབ་ཆེན་གྱི་དཔེ་མཛོད་ཁང་ནས་མངོན་པར་གཞིགས་ན། སློབ་གྲྭ་དེར་ལུའོ་ཧྲན་སློབ་ཁུལ་དང་། སི་ཧྥང་སློབ་ཁུལ། ཀའོ་སྨི་སློབ་ཁུལ་དཔེ་མཛོད་ཁང་བཅས་དང་དེ་བཞིན་སློབ་གླིང་དང་སྡེ་ཁག་གི་དཔྱད་ཡིག་ཁང5ཡོད་པ་དང་། མཐོ་རིམ་སློབ་གྲྭའི་དཔེ་མཛོད་ཁང་གི་སྤྱི་ལོ2013ལོའི་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་པ་དང་། སློབ་ཁུལ་གསུམ་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི295.62ཡོད་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གཞི་གྲངས་མཛོད39ཡོད། དཔེ་མཛོད་ཁང་དུ་དཔེ་མཛོད6དང་དཔེ་གཟིགས་ཁང12ཡོད། ལྟ་སྐོར་བྱ་ཡུལ4247ཡོད་པ་དང་གཟའ་འཁོར་རེར་ཆུ་ཚོད98སྒོ་ཕྱེ་ནས་ལོ་ལྟར་ཆ་སྙོམས་དཔེ་དེབ་ཁྲི21.1གཡར་བ་དང་། དཔེ་གཟིགས་ཁང་གིས་ལོ་རེར་ཆ་སྙོམས་ཀློག་པ་པོ་མི་ཐེངས་ཁྲི148ལ་སྣེ་ལེན་ཞུས་པ་ཡིན།

7_2 རིག་གཞུང་དུས་དེབ།

《ཆིང་ཏའོ་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་དུས་དེབ(རང་བྱུང་ཚན་རིག་པར་གཞི)》དེ་སྤྱི་ལོ1980ལོར་གསར་འདོན་བྱས། སློབ་གྲྭའི་མིང་བསྒྱུར་བར་བརྟེན《ཧྲན་ཏུང་རྫས་འགྱུར་བཟོ་ལས་སློབ་གྲྭ་ཆེན་མོའི་རིག་གཞུང་ཚགས་པར》དང《ཆིང་ཏའོ་རྫས་འགྱུར་བཟོ་ལས་སློབ་གྲྭ་ཆེན་མོའི་རིག་གཞུང་ཚགས་པར》གྱི་མིང་སྤྱད་མྱོང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་ཆོག་མཆན་གནང་བའི་དངོས་གཞིའི་དཔེ་སྐྲུན་དངོས་པོ་ཡིན།

《ཆིང་ཏའོ་ཚན་རྩལ་སློབ་ཆེན་གྱི་རིག་གཞུང་ཚགས་པར(སྤྱི་ཚོགས་ཚན་རིག་པར་གཞི)》དེ་སྤྱི་ལོ1983ལོར་གསར་འདོན་བྱས། སྤྱི་ལོ1999ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་ཕྱི་ནང་དུ་ཡོངས་གྲགས་སུ་འགྲེམས་སྤེལ་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།