ཀྲུང་གོའི་རྒྱ་མཚོ་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་རྒྱ་མཚོ་སློབ་ཆེན།
ཀྲུང་གོའི་རྒྱ་མཚོ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གནས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡི་ཐད་གཏོགས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི“འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་མཐོ་སློབ”(Aརིགས)དང་། “985ལས་གྲྭ” “211ལས་གཞིའི”གཙོ་གནད་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭ་ཞིག་ཡིན། “སྤྱི་ལོ2011འཆར་གཞི”དང་། “111འཆར་གཞི”ཕུལ་བྱུང་བཟོ་སྐྲུན་དགེ་རྒན་གྱི་སློབ་གསོ་གསོ་སྐྱོང་འཆར་གཞི། ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞི། རྒྱལ་ཁབ་འཛུགས་སྐྲུན་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མའི་བསྡུ་ལེན་སློབ་གླིང་བཅས་སུ་བདམས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཕུལ་བྱུང་སློབ་ཆེན་མནའ་འབྲེལ་དང་། བྱང་སྣེའི་སློབ་ཆེན། རྒྱལ་སྤྱིའི་ལྷོ་སྣེའི་སློབ་གླིང་། རྒྱལ་སྤྱིའི་རྒྱ་མཚོ་དང་འབྲེལ་བའི་སློབ་ཆེན་མནའ་འབྲེལ་བཅས་ཀྱི་ཁོངས་མི། རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚན་པ་ཁག་དང་པོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国海洋大学
ཕྱི་ཡིག་གི་མིང་།
Ocean University of China
བཙུགས་ལོ།
སྤྱི་ལོ1924ལོ།
རིགས་དབྱེ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
ལས་ཐོག་འགོ་ཁྲིད།
ཧྲུའུ་ཅི། ཐེན་ཧུའེ། སློབ་གཙོ། ཡུའུ་ཀྲི་ཀང་།
ཆེད་བསྐོས་ཡོན་ཧྲི།
ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི4དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི5ཡོད།
དངོས་གཞི་ཆེད་ལས།
73
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན36དང་། རིམ་པ་གཉིས་པའི་རིག་ཚན194 ཆེད་ལས་བསླབ་གནས་ཀྱི་དབང་ཆ་རིགས17ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན18དང་། རིམ་པ་གཉིས་པའི་རིག་ཚན98 ཆེད་ལས་བསླབ་གནས་ཀྱི་དབང་ཆ་རིགས1ཡོད།
འབུམ་རམས་ཕྱི་ཚར།
ཚན་རིག་ཞིབ་འཇུག་གི་འཁོར་སྐྱོད་ས་ཚིགས15ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་དང་པོའི་རིག་ཚན2དང་། རིམ་པ་གཉིས་པའི་རིག་ཚན10ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
སློབ་གླིང19ཡོད།
སློབ་བཙུགས་ཉིན་མོ།
ཟླ10བའི་ཚེས25ཉིན།
གནས་ཡུལ།
ལའོ་ཧྲན་སློབ་ཁུལ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་སུང་ལིང་ལམ་ཨང238པ། ཡུའུ་ཧྲན་སློབ་ཁུལ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཡུའུ་ཧྲན་ལམ་ཨང5བ། ཧྥུའུ་ཧྲན་སློབ་ཁུལ། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཞང་ཀང་ཤར་ལམ་ཨང23པ།
སློབ་གྲྭའི་ཚབ་ཨང་།
10423
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་དང་པོ1ཐོབ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་གཉིས་པ2ཐོབ། རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ 10ཐོབ། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ3ཐོབ།
གཞུང་ཕྱོགས་དྲ་གནས།
http://www.ouc.edu.cn
1 ངོ་སྤྲོད།

ཀྲུང་གོའི་རྒྱ་མཚོ་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གནས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡི་ཐད་གཏོགས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི“འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་པའི་མཐོ་སློབ”(Aརིགས)དང་། “985ལས་གྲྭ” “211ལས་གཞིའི”གཙོ་གནད་འཛུགས་སྐྲུན་མཐོ་རིམ་སློབ་གྲྭ་ཞིག་ཡིན། “སྤྱི་ལོ2011འཆར་གཞི”དང་། “111འཆར་གཞི”ཕུལ་བྱུང་བཟོ་སྐྲུན་དགེ་རྒན་གྱི་སློབ་གསོ་གསོ་སྐྱོང་འཆར་གཞི། ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞི། རྒྱལ་ཁབ་འཛུགས་སྐྲུན་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མའི་བསྡུ་ལེན་སློབ་གླིང་བཅས་སུ་བདམས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཕུལ་བྱུང་སློབ་ཆེན་མནའ་འབྲེལ་དང་། བྱང་སྣེའི་སློབ་ཆེན། རྒྱལ་སྤྱིའི་ལྷོ་སྣེའི་སློབ་གླིང་། རྒྱལ་སྤྱིའི་རྒྱ་མཚོ་དང་འབྲེལ་བའི་སློབ་ཆེན་མནའ་འབྲེལ་བཅས་ཀྱི་ཁོངས་མི། རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་ཚན་པ་ཁག་དང་པོ་བཅས་ཡིན།

སྤྱི་ལོ2019ལོའི་ཟླ12པའི་བར། སློབ་གྲྭའི་ཁོངས་སུ་ལའོ་ཧྲན་དང་། ཡུའུ་ཧྲན། ཧྥུའུ་ཧྲན་བཅས་སློབ་ཁུལ་གསུམ་ཡོད་པ་དང་། ཀྲུང་གོའི་རྒྱ་མཚོ་སློབ་ཆེན་ནུབ་མཚོའི་སློབ་ཁུལ་དང་། ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་ཧྲེན་ཀྲེན་ཞིབ་འཇུག་ཁང་། སན་ཡ་ཞིབ་འཇུག་སློབ་མའི་སློབ་གླིང་བཅས་ཡོད། སློབ་གླིང19དང་རྨང་གཞིའི་སློབ་ཁྲིད་ལྟེ་གནས1ཡོད་པ། དགེ་རྒན་དང་ལས་བཟོ་བ3678དང་། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི5 ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲེ9བཅས་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ27300ལྷག་ཡོད་པའི་ནང་དངོས་གཞིའི་ཚན་ཁག་གི་སློབ་མ15000ལྷག་དང་། རབ་འབྱམས་པ10400ཙམ། འབུམ་རམས་པ1900ལྷག་ཙམ་བཅས་ཡོད་པ་དང་། རིག་ཚན9ESIགོ་ལ་ཧྲིལ་བོའི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་མདུན་གྲལ་གྱི1%ནང་ཚུད་ཡོད། སྤྱི་ལོ2017ལོར་འཛམ་གླིང་སློབ་ཆེན་གྱི་རིག་གཞུང་ཨང་རིམ་ནང་སློབ་གྲྭ་གོ་ལ་ཧྲིལ་པོའི་ཨང301-400སླེབས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སློབ་གྲྭ་དེ་ནི་སྔོན་མར་སྤྱི་ལོ1924ལོར་བཙུགས་པའི་སྒེར་བཙུགས་ཆིང་ཏའོ་སློབ་ཆེན་ཡིན།

སྤྱི་ལོ1930ལོར། ཞིང་ཆེན་གྱིས་བཙུགས་པའི་ཧྲན་ཏུང་སློབ་ཆེན་དང་སྒེར་བཙུགས་ཆིང་ཏའོ་སློབ་ཆེན་གྱི་རྨང་གཞིའི་སྟེང་རྒྱལ་བཙུགས་ཆིང་ཏའོ་སློབ་ཆེན་བཙུགས། དེའི་རྗེས་སུ་རྒྱལ་བཙུགས་ཧྲན་ཏུང་སློབ་ཆེན་དང་ཧྲན་ཏུང་སློབ་ཆེན་གྱི་དུས་སྐབས་བརྒྱུད། 

སྤྱི་ལོ1958ལོར་ཧྲན་ཏུང་སློབ་ཆེན་ཅི་ནན་དུ་གནས་སྤར་བ་དང་། ཆིང་ཏའོ་རུ་ཡོད་པའི་རྒྱ་མཚོའི་སྡེ་ཁག་དང་། ཆུ་ཐོན་སྡེ་ཁག ས་གཤིས་སྡེ་ཁག སྐྱེ་དངོས་སྡེ་ཁག་སོགས་རྨང་གཞི་བྱས། 

སྤྱི་ལོ1959ལོའི་ཟླ3པར་ཧྲན་ཏུང་རྒྱ་མཚོའི་སློབ་གླིང་བཙུགས། 

སྤྱི་ལོ1960ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་གཙོ་གནད་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན13གྱི་གྲས་སུ་གཏན་འཁེལ་བྱས། 

སྤྱི་ལོ1988ལོར་ཆིང་ཏའོ་རྒྱ་མཚོའི་སློབ་ཆེན་ཞེས་མིང་བསྒྱུར། 

སྤྱི་ལོ2002ལོར་ཀྲུང་གོའི་རྒྱ་མཚོའི་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ2001ལོར་རྒྱལ་ཁབ་ཀྱི“985ལས་གཞིའི”གཙོ་གནད་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་གྱུར།

སྤྱི་ལོ2009ལོའི་ཟླ10བར་སློབ་གྲྭ་དེ“ཀྲུང་གོ་དང་ཡོ་རོབ་ཀྱི་ཕུལ་བྱུང་སློབ་ཆེན་མནའ་འབྲེལ”དུ་བདམས།    

སྤྱི་ལོ2018ལོའི་ཟླ3པར་སློབ་གྲྭ་སློབ་གསོ་པུའི་རྒྱལ་ཁབ་རིམ་པའི་བཟོ་ལས་ཚན་ཁག་གསར་པའི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས་ཁག་དང་པོར་བདམས།    

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭ་རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དཔེ་སྟོན་རྟེན་གཞིར་བདམས།    

སྤྱི་ལོ2020ལོའི་ཟླ1པོར་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི“རྒྱ་མཚོའི་གཏིང་རིམ་དང་སའི་གོ་ལའི་མ་ལག་གི་མདུན་གྲལ་ཚན་རིག་ལྟེ་གནས”ལ་ཆོག་མཆན་ཐོབ།

3 སློབ་སྒྲུབ་ཆ་རྐྱེན།
3_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4བའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ3500ལྷག་ཡོད་པ་དང་། དེའི་ནང་ཆེད་བསྐོས་དགེ་རྒན1750ལྷག་དང་འབུམ་རམས་པའི་སློབ་དཔོན474དང་། མཐོ་རིམ་རྒན་པའི་ཆེད་ལས་ལག་རྩལ་མི་སྣ566 མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་མི་སྣ721བཅས་ཡོད། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི5ཡོད་པ་དང་། ཀྲུང་གོའི་བཟོ་བཀོད་ཁང་གི་ཡོན་ཧྲི9ཡོད། “མི་ཁྲིའི་འཆར་གཞིའི”འདེམས་མི15དང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན19ཡོད། ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ་ཐོབ་མཁན14ཡོད། ཧྲན་ཏུང་ཞིང་ཆེན་དུ“ཐའེ་ཧྲན་གྱི་མཁས་དབང”64ཡོད་པ་དང་། “ཐའེ་ཧྲན་གྱི་མཁས་དབང་རི་འཛེག་འཆར་གཞི”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ3ཡོད། “རྩེར་སོན་ཤེས་ལྡན་མི་སྣའི་འདུ་འགོད”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ49དང་། “ཤེས་ལྡན་མི་སྣ་དར་རྒྱས་ཡོང་བའི་འདུ་འགོད”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ10ཡོད། “ན་གཞོན་ཤེས་ལྡན་མི་སྣའི་འདུ་འགོད”ཀྱི་དགེ་རྒན105ཡོད། རྒྱལ་ཁབ་ལ་བྱས་རྗེས་འབུར་ཐོན་བཞག་པའི་ན་གཞོན་ཆེད་མཁས་པ9ཡོད་པ་དང་། 973འཆར་གཞི་དང་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་འཆར་གཞི་གལ་ཆེན་གྱི་དབུ་བཞུགས་ཚན་རིག་པ10ཡོད། རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞིའི་རྣམ་གྲངས་ཀྱི་དབུ་བཞུགས་ཚན་རིག་པ8ཡོད། རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣ་ཁྲི་ཚོ་བརྒྱ་སྟོང་གི་ལས་གྲྭ”ཡི་རིམ་པ་དང་པོའི་ཤེས་ལྡན་མི་སྣ11ཡོད་པ་དང་། ཚན་རྩལ་པུའུ་ཡི་གསར་གཏོད་ཤེས་ལྡན་མི་སྣ་མི7ཡོད། སློབ་གསོ་པུའི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”མི107ཡོད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་རིགས་གཅིག་མཁས་ཅན་བཅས་ཡོད།

3_2 ཆེད་ལས།

སྤྱི་ལོ2018ལོའི་ཟླ12པའི་བར་སློབ་གྲྭར་སློབ་གླིང19བཙུགས་ཡོད། རྨང་གཞིའི་སློབ་ཁྲིད་ལྟེ་གནས1ལ་དངོས་གཞིའི་ཚན་ཁག་གི་ཆེད་ལས73ཡོད། སློབ་བསྡུའི་ཆེད་ལས66ཡོད་པ་དེའི་ནང་རྒྱ་མཚོའི་ཚན་རིག་རིགས(ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་བྱས་ནས་སློབ་གཉེར་བྱེད་པ)དང་ཁྲིམས་ལུགས་རིག་པའི་རིགས(ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་བྱས་ནས་སློབ་གཉེར་བྱེད་པ)ཚུད་ཡོད། རང་བྱུང་རིག་པ་དང་། བཟོ་རིག ཞིང(ཆུ་ཐོན)རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། རྩོམ་རིག ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན9ལ་ཁྱབ་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས12ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས3དང་ཞིང་ཆེན་རིམ་པའི་སྤུས་རྟགས་དང་ཁྱད་ལྡན་ཆེད་ལས27ཡོད་པ། རྒྱལ་ཁབ་ཀྱི་སྤུས་ལེགས་སློབ་ཚན11དང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4བཅས་ཡོད། རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ་2སློབ་གསོ་པུའི་ཕུལ་བྱུང་བཟོ་བཀོད་ཆེན་མོ་བའི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་ཚོད་ལྟའི་ཆེད་ལས7 རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས3དང་སློབ་གསོ་པུའི་ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་ཚོད་ལྟའི་ཆེད་ལས2ཡོད་པ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་རྨང་གཞིའི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི2ཡོད། རྒྱལ་ཁབ་ཀྱི་ཚེ་སྲོག་ཚན་རིག་དང་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི1དང་རྒྱལ་ཁབ་རིམ་པའི་སློབ་ཕྱིའི་ལག་ལེན་རྟེན་གཞི4བཅས་ཡོད།

3_4 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭ་ནི་རྒྱལ་ཁབ་ཀྱི་ཁག་དང་པོའི་བཟོ་སྐྲུན་འབུམ་རམས་པའི་ཆེད་ལས་བསླབ་གནས་སྤྲོད་དབང་ཡོད་ཁུལ་ཡིན་པ་དང་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་ལས་ཐོག་རབ་འབྱམས་པའི་བསླབ་གནས་ལེན་པའི་ཐོབ་ཐང་ཡོད། འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས13ཡོད། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2དང་། རིམ་པ་གཉིས་པའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན(གཙོ་གནད་སྐྱེད་སྲིང་རིག་ཚན1ཚུད་ཡོད)10བཅས་ཡོད། ཧྲན་ཏུང་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”གཙོ་གནད་རིག་ཚན21དང་། ཧྲན་ཏུང་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”གཙོ་གནད་རིག་ཚན1དང་། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན16ཡོད། འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིག་ཚན(ཆེད་ལས)85བཅས་ཡོད། འབུམ་རམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད་ཁུལ་རིགས(ལས་གྲྭའི་འབུམ་རམས་པ)1དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན35ཡོད། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིག་ཚན(ཆེད་ལས)194དང་རབ་འབྱམས་པའི་ཆེད་ལས་ཡོན་གནས་སྤྲོད་དབང་ཡོད་ཁུལ17བཅས་ཡོད།

4 རིག་གཞུང་ཐོན་ཁུངས།    
4_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ཉར་ཚགས་ཤོག་རིགས་དཔེ་དེབ་དང་། ཚགས་པར། དུས་དེབ། ཡིག་ཚགས་བཅས་དེབ་ཁྲི250ཙམ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་གློག་རྡུལ་དཔེ་དེབ་ཁྲ་500ལྷག  གྲངས་གཞིའི་མཛོད303བཅས་ཡོད་པ་དང་། དཔེ་མཛོད་ཁང་གིས་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་མངོན་གསལ་དོད་པའི་རྒྱ་མཚོ་དང་ཆུ་ཐོན་རིག་ཚན་གྱི་སྲོལ་རྒྱུན་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་རྨང་གཞིར་བྱས་ཡོད། དངོས་གཞིའི་རྒྱ་མཚོའི་ཡིག་མཛོད་འཛུགས་སྐྲུན་བྱས། ཤོག་དེབ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི6ལྷག་ཀློག་པ་པོར་བསྟན་ཡོད།

4_2 རིག་གཞུང་དུས་དེབ།    

སྤྱི་ལོ2018ལོའི་ཟླ11པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་དུས་དེབ་ཁང་བཙུགས་ཡོད་པ་དང་། 《ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་རིག་གཞུང་དུས་དེབ(རང་བྱུང་ཚན་རིག་པར་གཞི)》དང་། 《ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་རིག་གཞུང་དུས་དེབ(སྤྱི་ཚོགས་ཚན་རིག་པར་གཞི)》《ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱི་རིག་གཞུང་དུས་དེབ(དབྱིན་ཡིག་པར་གཞི)》《རྒྱ་མཚོའི་ཚེ་སྲོག་ཚན་རིག་དང་ལག་རྩལ(དབྱིན་ཡིག)》བཅས་ཡོད།


5 མཉམ་ལས་སྤེལ་རེས།    

ཀྲུང་གོའི་རྒྱ་མཚོ་སློབ་ཆེན་གྱིས་སྤྱི་ལོ1960ལོ་ནས་བཟུང་རྒྱལ་སྤྱིའི་སློབ་མ་བསྡུ་ལེན་བྱས། སྤྱི་ལོ2017ལོའི་བར་རྒྱལ་ཁབ82ནས་ཡོང་བའི་རྒྱལ་སྤྱིའི་སློབ་མ1221ཡོད་པ་དང་། སློབ་མ་གཙོ་བོ་ཁོ་རེ་ཡ་དང་། ཨ་རི། ཨུ་རུ་སུ། ཕ་ཁི་སི་ཐན། ཙམ་པབ་ཝེ། འཇར་མན། ཧྥ་རན་སེ། འཇར་པིན། ཧིན་རྡུ་ཉི་ཞི་ཡ། རྒྱ་གར་སོགས་རྒྱལ་ཁབ་ནས་ཡོང་བ་དང་། ཀྲུང་གོ་དང་ཨ་རིའི་བཅའ་ཁྲིམས་རིག་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རྒྱ་མཚོའི་ཚན་རིག་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་ཆེད་ལས་གཉིས་ལ་སློབ་མ174དང164ཡོད། HNDརྣམ་གྲངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྱོན200ཡོད།

6 གཟི་བརྗིད་མཚན་སྙན།  

རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་དང་པོ1ཐོབ།    

རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་རིམ་པ་གཉིས་པ2ཐོབ།

རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ10ཐོབ།

རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ3ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།