མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་།
མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་ལུང་ཡན་གྲོང་ཁྱེར་དུ་གནས་ཡོད། སློབ་གྲྭ་ནི་ལུང་ཡན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་བའི་ཆེད་སྦྱོང་ཚན་ཁག་རིམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་རྒྱལ་ཁབ་རིམ་པའི་དཔེ་སྟོན་རང་བཞིན་གྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་དང་ཧྥུའུ་ཅན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
    མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1983ལོར་བཙུགས་པའི་མིན་ཞི་ལས་རིགས་སློབ་ཆེན་ཞིག་ཡིན། སྤྱི་ལོ2004ལོའི་ཟླ2པར་ལུང་ཡན་བཟོ་ལས་སློབ་གྲྭ་ནི་ཧྥུའུ་ཅན་མིན་ཞི་ལས་རིགས་སློབ་ཆེན་དུ་ཞུགས། སྤྱི་ལོ2008ལོར་སློབ་གླིང་འདི་ཧྥུའུ་ཅན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས། སྤྱི་ལོ2010ལོར་རྒྱལ་ཁབ་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི”རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས།
    སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭའི་རྒྱ་ཁྱོན་མུའུ550ཟིན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི22.8ཟིན།
གཞི་རྩའི་གནས་ཚུལ།

སློབ་གཙོ།
ཀྲེན་ཀྲི་ཆང་།
གསར་འཛུགས་དུས་ཚོད།
སྤྱི་ལོ1983ལོ།
ངོ་བོ།
གཞུང་གཉེར་མཐོ་སློབ།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
ཆ་འཕྲིན་དང་བཟོ་སྐྲུན་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང་དང་ཚན་ཁག12ཡོད།
གནས་ཡུལ།
ཧྥུའུ་ཅན་ལུང་ཡན་གྲོང་ཁྱེར་ཞིན་ལུའོ་ཆུས་ཚའོ་ཞི་མིན་ལམ་ཆེན་གྱི་ཨང8པ།གནས་ཡུལ།
སློབ་གྲྭའི་ཚབ་ཨང་།
11315
རྒྱ་ཡིག་གི་མིང་།
闽西职业技术学院
ཕྱི་ཡིག་གི་མིང་།
Minxi Vocational & Technical College
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1980ལོར་སློབ་གྲྭ་བཙུགས།    

སྤྱི་ལོ2004ལོར་མིན་ཞི་ལས་རིགས་སློབ་ཆེན་དང་ལུང་ཡན་བཟོ་ལས་སློབ་གྲྭ་ཟླ་སྒྲིལ་བཏང་ནས་མིང་དེར་མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་ཞེས་བཏགས།    

སྤྱི་ལོ2008ལོར་སློབ་གྲྭ་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།    སྤྱི་ལོ2010ལོར་སློབ་གྲྭ་འདི“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི”རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པར་གཏན་འཁེལ་བྱས།    

སྤྱི་ལོ2016ལོའི་ཟླ་དང་པོར་སློབ་གྲྭ་འདི“ཧྥུའུ་ཅན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་དེང་རབས་ལས་རིགས་སློབ་གླིང་འཛུགས་སྐྲུན་འདུ་འགོད”གསོ་སྐྱོང་རྣམ་གྲངས་ཀྱི་སློབ་གླིང་དང་སློབ་གླིང་དུ་གཏན་འཁེལ་བྱས་པ་དང་། ལོ་དེའི་ཟླ2པར་སློབ་གྲྭའི་རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས།    

སྤྱི་ལོ2019ལོའི་ཟླ5པར་ལུང་ཡན་འཕྲོད་བསྟེན་སློབ་གྲྭ་དང་ལུང་ཡན་ནོར་དཔལ་སློབ་གྲྭ་ཧྲིལ་པོ་མིན་ཞི་ལས་རིགས་ལག་རྩལ་སློབ་གླིང་དུ་ཟླ་སྒྲིལ་བཏང་།   

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག    

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང་དང་ཚན་ཁག12དང་མཐོ་རིམ་ལས་རིགས་ཆེད་ལས39བཙུགས།

3 དགེ་རྒན་གྱི་དཔུང་སྡེ།    

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བར་གཞིགས་ན། སློབ་གྲྭར་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ534ཡོད་པའི་ནང་མཐོ་རིམ་གོ་མིང་མི164ཡོད་པ་དང་། འབྲིང་རིམ་གོ་མིང་མི209ཡོད། རབ་འབྱམས་པའི་སློབ་གནས་ཐོབ་པའི་དགེ་རྒན239ཡོད་པ་དང་ཉིས་འཇོན་དགེ་རྒན་བྱང་ཚད་ཀྱི་དགེ་རྒན་གྱིས92.71%བཟུང་། ཞིང་ཆེན་རིམ་པའི་ལས་རིགས་སློབ་གླིང་གི་སློབ་གཙོ1ཡོད་པ་དང་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ13ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན3དང་། ཞིང་ཆེན་གྱི“ཁྲི་བརྒྱ་སྟོང་གི་ཤེས་ལྡན་མི་སྣ1  ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3  གྲོང་ཁྱེར་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན10བཅས་ཡོད།    

4 སློབ་ཁྲིད་སྦྱངས་འབྲས།    

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་ཉེ་བའི་ལོ་གསུམ་རིང་སློབ་གྲྭའི་སློབ་མ་རྩལ་ནུས་འགྲན་བསྡུར་ནང་ཞུགས་པར་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ4དང་། ཨང་གཉིས་པའི་བྱ་དགའ10  ཨང་གསུམ་པའི་བྱ་དགའ6བཅས་ཐོབ་པ་དང་། ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་ཁག12དང་། ཨང་གཉིས་པའི་བྱ་དགའ་ཁག28  ཨང་གསུམ་པའི་བྱ་དགའ་ཁག67བཅས་ཐོབ།    

5 མཉམ་འབྲེལ་དང་བརྗེ་རེས།    

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བར་གཞིགས་ན། སློབ་གྲྭ་དང་ཁེ་ལས300ལྷག་ཙམ་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རྟེན་གཞི་མཉམ་སྐྲུན། ལག་རྩལ་ཞབས་ཞུ་སོགས་ཀྱི་ཐད་མཉམ་འབྲེལ་བྱས་ནས་ཞིན་ལུང་མ་རླངས་འཁོར་སློབ་གླིང་སོགས་ཆེད་ལས་སློབ་གླིང་མཉམ་སྐྲུན་བྱས། “སློབ་གྲྭའི་བཟོ་གྲྭ”17དང་། “བཟོ་གྲྭའི་ཀྲུང་ཞའོ”17མཉམ་སྐྲུན་བྱས་ཡོད།

6 རིག་གཞུང་ཞིབ་འཇུག  

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭར་ཚན་ཞིབ་གསར་གཏོད་ལས་སྟེགས7དང་གསར་གཏོད་ཚོགས་པ9ཡོད།    

7 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།    

སྤྱི་ལོ2018ལོ་ནས་སྤྱི་ལོ2019ལོའི་བར་སློབ་གྲྭས་རྣམ་གྲངས་བཙུགས་པའི་ཞིབ་འཇུག་བྱ་གཞི་ཁྱོན11ཡོད། དེའི་ནང་ཞིང་ཆེན་རིམ་པའི་ཞིབ་འཇུག་བྱ་གཞི1དང་། གྲོང་ཁྱེར་དང་ཐིང་རིམ་པའི་ཞིབ་འཇུག་བྱ་གཞི10 མཇུག་བསྒྲིལ་བའི་ཞིབ་འཇུག་བྱ་གཞི12བཅས་ཡོད་པ་དང་། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ11ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་བདག་སྤྲོད་བྱས་པ་དང་ཁེ་བེད་བདག་ཐོབ10ལ་དབང་ཆ་སྤྲད་པ་དང་། རིག་གཞུང་དུས་དེབ་སྣ་ཚོགས་ཐོག་རིག་གཞུང་དཔྱད་རྩོམ118ཡོངས་བསྒྲགས་སུ་སྤེལ།



དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-24

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།