ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་།
ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་དང་རྒྱལ་ཡོངས་སྲིད་ཁྲིམས་སློབ་ཆེན་གྱི“འཛུགས་པའི་མནའ་འབྲེལ”དང“རྒྱུད་གཅིག་ལམ་གཅིག”གི་མཐོ་སློབ་མནའ་འབྲེལ་གྱི་དངོས་གཞིའི་ཁོངས་མི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山东政法学院
ཕྱི་ཡིག་གི་མིང་།
Shandong University of Political Science and Law
བཙུགས་ལོ།
སྤྱི་ལོ1955ལོ།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས།
གཙོ་གཉེར་སྡེ་ཁག
ཧྲན་ཏུང་ཞིང་ཆེན།
ད་ལྟའི་འགོ་ཁྲིད།
ལི་ཡུས་ཧྥུ།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཁྲིམས་རིག་པའི་སློབ་གླིང་། ཉེས་དོན་ཁྲིམས་འཛིན་སློབ་གླིང་། དམངས་གཙོ་ཚོང་དོན་བཅའ་ཁྲིམས་སློབ་གླིང་། དཔལ་འབྱོར་ཚོང་དོན་ཁྲིམས་ལུགས་སློབ་གླིང་། ཉེན་རྟོག་དཔོན་སློབ་གླིང་། ཚོང་ལས་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་སོགས་སློབ་ཁྲིད་སློབ་གླིང13ཡོད།
ས་གནས།
ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་བཅིངས་འགྲོལ་ཤར་ལམ་ཨང63པ།
སློབ་གྲྭའི་ཚབ་ཨང་།
14100
1 ​ངོ་སྤྲོད།

ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་དང་རྒྱལ་ཡོངས་སྲིད་ཁྲིམས་སློབ་ཆེན་གྱི“འཛུགས་པའི་མནའ་འབྲེལ”དང“རྒྱུད་གཅིག་ལམ་གཅིག”གི་མཐོ་སློབ་མནའ་འབྲེལ་གྱི་དངོས་གཞིའི་ཁོངས་མི་ཞིག་ཡིན། 

སློབ་གྲྭ་དེ་སྔོན་སྤྱི་ལོ1955ལོའི་ཟླ7པར་བཙུགས་པའི་ཧྲན་ཏུང་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་ཡིན་པ་དང་། སྤྱི་ལོ1959ལོའི་ཟླ2པར་ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ1961ལོའི་ཟླ8པར་ལས་མཚམས་བཞག སྤྱི་ལོ1979ལོའི་ཟླ12པར་སླར་གསོ་བསྐྱར་སྐྲུན་གྱི་མིང་ལ་ཧྲན་ཏུང་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་ཞེས་བཏགས་པ་དང་། སྤྱི་ལོ1983ལོའི་ཟླ10པར་ཧྲན་ཏུང་ཞིང་ཆེན་ཁྲིམས་འཛིན་དོ་དམ་ལས་བྱེད་པའི་སློབ་གླིང་ཞེས་པར་བསྒྱུར། སྤྱི་ལོ1987ལོའི་ཟླ10པར་ཧྲན་ཏུང་ཞིང་ཆེན་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2007ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཧྲན་ཏུང་ཞིང་ཆེན་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་གི་རྨང་གཞིའི་ཐོག་ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་འཛུགས་རྒྱུའི་མོས་མཐུན་བྱས་པ་རེད། སྤྱི་ལོ2017ལོར་སློབ་གྲྭ་དེ་ཞིང་ཆེན་རིམ་པའི་རབ་འབྱམས་པའི་ལས་གཞི་འཛུགས་པའི་འཛུགས་སྐྲུན་ལས་ཁུངས་སུ་གྱུར་ཡོད། 

《ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་གི་སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོ་བར་གྱི་དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་སྤུས་ཚད་སྙན་ཞུའི》ནང་མངོན་པར་གཞིགས་ན། སློབ་གྲྭའི་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ569118ཡོད་པ་དང་། སྔོ་ལྗང་ཅན་གྱི་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི231741ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ271890ཡོད། སློབ་ཁྲིད་དང་ཚན་ཞིབ་ཡོ་བྱད་སྒྲིག་ཆས་ཀྱི་རྒྱུ་ནོར་རིན་ཐང་བསྡོམས་འབོར་སྒོར་ཁྲི6616.84ཡོད། སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་སློབ་གླིང13དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས21དང་ཆེད་སྦྱོང་གི་ཆེད་ལས10གཉེར་ཡོད། ཆེད་བསྐོས་དགེ་རྒན600ལྷག་ཙམ་ཡོད་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་མ12000ཙམ་ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2007ལོའི་ཟླ3པར། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཧྲན་ཏུང་ཞིང་ཆེན་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་གི་རྨང་གཞིའི་སྟེང་ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་བཙུགས། 

སྤྱི་ལོ2011ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས་བཅའ་ཁྲིམས་ཀྱི་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཐོབ་ཐང་ཐོབ་པ་རེད། 

སྤྱི་ལོ2015ལོར་སློབ་གསོ་པུའུ་ཡི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་ཚད་ལོན་བརྟག་དཔྱད་བྱས་པ་རེད། 

སྤྱི་ལོ2016ལོའི་ཟླ9པར“རྒྱུད་གཅིག་ལམ་གཅིག”གི་མཐོ་སློབ་མནའ་འབྲེལ་གྱི་ཁོངས་མི་ངོ་མར་གྱུར་ཡོད། 

སྤྱི་ལོ2017ལོའི་ཟླ7པར་རྒྱལ་ཡོངས་སྲིད་ཁྲིམས་སློབ་ཆེན་གྱི“ཀེ་ནེ་མནའ་འབྲེལ་འཛུགས་པའི”དངོས་གཞིའི་ཁོངས་མིར་གྱུར་ཡོད། 

སྤྱི་ལོ2020ལོའི་ཟླ8པའི་ཚེས3ཉིན་ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་དྲ་མིག་སློབ་གླིང་བཙུགས་པ་རེད།

3 སློབ་གཉེར་ཆ་རྐྱེན།
3_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཆེད་བསྐོས་དགེ་རྒན600ལྷག་ཙམ་ཡོད་པ་རེད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི33%བཟུང་ཡོད། འབུམ་རམས་པའི་བསླབ་གནས་དང་རབ་འབྱམས་པ། དེ་ཡན་གྱི་བསླབ་གནས་ཡོད་མཁན་གྱིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི92%བཟུང་ཡོད། དགེ་རྒན་དཔུང་ཁག་ནང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1དང་། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན2ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན4 ཞིང་ཆེན་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན3 ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན2བཅས་ཡོད། ཧྲན་ཏུང་ཞིང་ཆེན་ཁོངས་ཀྱི་ཁྲིམས་རིག་པ་དར་མ་དང་ན་གཞོན་ཆེ་གྲས་མི3དང་། ཧྲན་ཏུང་ཞིང་ཆེན་དུ་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ1 ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ལས་རིགས་ཀྱི“མི་བརྒྱའི་ལས་བཞི”ཡི་མཐོ་རིམ་ཤེས་ལྡན་མི་སྣ་མི་ཐེངས4 ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཀུན་སྤྱོད་དཔེ་དམག2བཅས་ཡོད། ཧྲན་ཏུང་ཞིང་ཆེན་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གདམ་གསེས་དང་ཆད་གཅོད་བསླབ་འདོམས་ཨུ་ལྷན་གྱི་ཨུ་ཡོན2(དེའི་ནང་ཀྲུའུ་རེན་ཨུ་ཡོན1ཡོད)དང་། ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་རིག་པའི་ཤེས་ལྡན་མི་སྣའི་མཛོད་ཀྱི་ཁོངས་མི40ལྷག་ཙམ་ཡོད། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཅའ་ཁྲིམས་རིགས་གཅིག་མཁས་ཅན་མཛོད་ཀྱི་ཁོངས་མི6ཧྲན་ཏུང་སྲིད་ཁྲིམས་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན1ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་མངགས་གདན་ཞུ་བྱས་པའི་ཁྲིམས་འཛུགས་རིགས་གཅིག་མཁས་ཅན2 རྒྱལ་སྤྱི་རྒྱལ་ནང་གི་འདུམ་གཅོད་སྒྲིག་གཞིའི་འདུམ་གཅོད་པ18བཅས་ཡོད། 

3_2 སློབ་གླིང་དང་སྡེ་ཁག་ཆེད་ལས། 

སྤྱི་ལོ2019ལོའི་ཟླ་7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་སློབ་གླིང13ཡོད་པ་དང་། དངོས་གཞིའི་སྡེ་ཁག་གི་ཆེད་ལས21དང་ཆེད་སྦྱོང་ཆེད་ལས10བཙུགས་ཡོད། ཁྲིམས་ལུགས་རིག་པ་དང་། དཔལ་འབྱོར་རིག་པ། དོ་དམ་རིག་པ། རྩོམ་རིག བཟོ་རིག་སོགས་རིག་ཚན་ཚུད་ཡོད། 

3_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་རིམ་པའི་ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་རྣམ་གྲངས་བཙུགས་པའི་ཆེད་ལས་ཚོགས་པ1དང་། རྒྱལ་ཁབ་ཀྱི“དངོས་གཞིའི་སྡེ་ཁག་གི་སློབ་ཁྲིད་འདུ་འགོད”ཀྱི་ས་གནས་མཐོ་སློབ་ཀྱི་ཁག་དང་པོའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1 ཧྲན་ཏུང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཆེད་ལས1 ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་གསར་གཏོད་ཚོད་ལྟ་ཁུལ1 ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་སྡེ་ཁག་དཀྱུས་མའི་མཐོ་སློབ་དཀྱུས་མའི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་འཆར་གཞིའི་རོགས་སྐྱོར་རྣམ་གྲངས1 ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས4 ཞིང་ཆེན་དང་པུའུ་རིམ་པའི་སྤུས་ལེགས་སློབ་ཚན34 ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ5བཅས་ཐོབ་པ་དང་། བྱང་ཚད་སློབ་གསོའི་ཁྱད་ལྡན་རྣམ་གྲངས“གཞོན་ནུའི་ལས་གཞི”དེ་སྡེ་ཚོགས་ཀྲུང་དབྱང་གིས་རྒྱལ་ཡོངས་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྱི་གཙོ་གནད་ལས་དོན་གྱི“མཐོ་སློབ་སློབ་མའི་གྲུབ་འབྲས་རེའུ་མིག་གཉིས་པ་གཏོད་པའི”གསར་གཏོད་ཚོད་ལྟའི་ལས་གཞི་ལ་བདམས་པ་དང་། སློབ་གྲྭའི་ནང་སློབ་ཁྲིད་དངོས་སྦྱོང་ལྟེ་གནས7བཙུགས་པའི་ནང་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1ཡོད་པ་དང་། སློབ་གྲྭའི་ཕྱིའི་ལག་ལེན་དངོས་སྦྱོང་རྟེན་གཞི200ལྷག་ཙམ་བཙུགས་ཡོད། ཁྲིམས་དཔོན་ཆེན་པོའི་བཤད་སྟེགས་དང་། ཞིབ་དཔྱོད་དཔོན་ཆེན་པོའི་བཤད་སྟེགས། ཁྲིམས་རྩོད་པ་ཆེན་པོའི་བཤད་སྟེགས། ཁེ་ལས་པའི་འཆད་སྟེགས་སོགས་ལས་དོན་འཆད་སྟེགས15གསར་འཛུགས་བྱས་ཡོད། 

3_4 རིག་ཚན་འཛུགས་སྐྲུན།

《ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་གི་སྤྱི་ལོ2019ལོའི་བཅའ་ཁྲིམས་རབ་འབྱམས་པའི་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས》ལས་མངོན་པར། སློབ་གྲྭར་ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིགས1དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན2ཡོད། 

ཆེད་ལས་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས། བཅའ་ཁྲིམས། 

ཆེད་ལས་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས་ཀྱི་ཁྱབ་ཁོངས། བཅའ་ཁྲིམས་ཀྱི་རབ་འབྱམས་པ(ཁྲིམས་ལུགས་རིག་པ)དང་བཅའ་ཁྲིམས་ཀྱི་རབ་འབྱམས་པ། (ཁྲིམས་འགལ་རིག་པ)

ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན། ཉེས་དོན་ཁྲིམས་ལུགས་རིག་པ་དང་དཔལ་འབྱོར་ཁྲིམས་ལུགས་རིག་པ། 

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཧྲན་ཏུང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛུགས་ཞིབ་འཇུག་ཞབས་ཞུའི་རྟེན་གཞི་དང་། ཧྲན་ཏུང་ཞིང་ཆེན་སྤྱི་ཚོགས་བརྟན་ལྷིང་ཞིབ་འཇུག་ལྟེ་གནས། ཀྲུང་རི་ཧན་གསུམ་གྱི་རང་མོས་ཚོང་དོན་ཁུལ་འཕེལ་རྒྱས་འཐབ་ཇུས་དང་བཅའ་ཁྲིམས་འགན་ལེན་མཐུན་སྦྱོར་གསར་གཏོད་ལྟེ་གནས། ཁྲིམས་འཛིན་གསལ་འབྱེད་ལྟེ་གནས། ཁྲིམས་འཛུགས་ཞིབ་འཇུག་ཁང་། ཁྲིམས་འཛིན་ཞིབ་འཇུག་ཁང་། ཁྲིམས་འཛིན་རྩིས་གཉེར་ཞིབ་འཇུག་ཁང་། གྱོད་དཔེ་ཞིབ་འཇུག་ཁང་། རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཞིབ་འཇུག་ལྟེ་གནས་སོགས་ཞིབ་འཇུག་ཞབས་ཞུའི་སྒྲིག་གཞི20ལྷག་ཙམ་བཙུགས་ཡོད་པ་རེད། 

སྤྱི་ལོ2017ལོར། སློབ་གྲྭ་དེར“ལོ་ལྔའི་འཆར་འགོད་ཨང་བཅུ་གསུམ་པའི”ཧྲན་ཏུང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཚན་ཞིབ་གསར་གཏོད་ལས་སྟེགས2ལ་ཆོག་མཆན་ཐོབ་པ་དང་དཔང་རྟགས་དབྱེ་འབྱེད་ཚོད་ལྟ་ཁང་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཧྲན་ཏུང་ཞིང་ཆེན་མཐོ་རིམ་སློབ་གྲྭའི་གཙོ་གནད་ཚོད་ལྟ་ཁང་དང་། དམངས་དོན་ཚོང་དོན་བཅའ་ཁྲིམས། དམངས་འཚོ་ཞིབ་འཇུག་ལྟེ་གནས་བཅས་ལ་ཆོག་མཆན་ཐོབ་པ་རེད། 

4_2 ཞིབ་འཇུག་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ནས་བཟུང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ་ཁག30ལྷག་ཙམ་ཐོབ་པ་དང་ཐིང་དང་ཅུས་རིམ་པའི་ཚན་ཞིབ་གྲུབ་འབྲས་ཁག100ལྷག་ཙམ་ལ་བྱ་དགའ་སྤྲད་པ་རེད། 

5 རིག་གཞུང་ཐོན་ཁུངས།
5_1 བཤམས་སྟོན་ཁང་གི་ཐོན་ཁུངས། 

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི256ཡོད་པའི་ནང་ཤོག་བུའི་དཔེ་དེབ་ཁྲི111ཡོད་པ་དང་། གློག་རྡུལ་དཔེ་དེབ་ཁྲི144ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་དུས་དེབ་སྣ་ཁ8200ལྷག་ཙམ་མངགས་ཉོ་བྱས་པའི་ནང་རྒྱ་ཡིག་གི་ཤོག་བུའི་དུས་དེབ་སྣ་ཁ1100ལྷག་ཙམ་ཚུད་ཡོད། རྒྱ་ཡིག་གློག་རྡུལ་དུས་དེབ་སྣ་ཁ4850ལྷག་ཙམ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་དུས་དེབ་སྣ་ཁ2200ལྷག་ཙམ་ཟིན་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་གློག་རྡུལ་ཚད་ལྡན་ཡིག་ཆའི་གྲངས་གཞིའི་མཛོད22ཡོད་པའི་ནང་རང་འཛུགས་གྲངས་གཞིའི་མཛོད3ཡོད། ཀྲུང་གོའི་རྒྱལ་ནང་གི“པེ་ཅིང་སློབ་ཆེན་གྱི་ཐབས་མཆོག”དང་། “པེ་ཅིང་སློབ་ཆེན་གྱི་ཁྲིམས་ཀྱི་དགོངས་དོན”“ཧྥང་ཀྲེང་ཨ་ཕ་པི—བཅའ་ཁྲིམས་ཀྱི་རྩེར་སོན་དཔེ་མཛོད”“ཧྥ་ཡོན—ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་སྦྱོང་ལས་སྟེགས”ཀྲུང་གོའི་ཕྱི་རྒྱལ་གྱི《Heinonlineབཅའ་ཁྲིམས་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གྲངས་གཞིའི་མཛོད》《Lexis འཛམ་གླིང་ཡོངས་ཀྱི་བཅའ་ཁྲིམས་གཞི་གྲངས་ཀྱི་མཛོད》སོགས་ཡོད། 

5_2 རིག་གཞུང་དུས་དེབ།

《སྲིད་ཁྲིམས་དཔྱད་རྩོམ་ཚོང》ནི་ཧྲན་ཏུང་སྲིད་ཁྲིམས་སློབ་གླིང་གིས་གཙོ་གཉེར་བྱས་པའི་ཁྲིམས་རིག་རིགས་ཀྱི་ཆེད་ལས་རིག་གཞུང་དུས་དེབ་ཅིག་ཡིན། འགྲེམས་སྤེལ་བྱས་པའི་དཔྱད་རྩོམ《ཞིན་ཧྭ་ཡི་རྩོམ་ཡིག་གནད་བསྡུས》དང་། 《ཀྲུང་གོའི་སྤྱི་ཚོགས་ཚན་རིག་གི་རྩོམ་ཡིག་གནད་བསྡུས》《མཐོ་རིམ་སློབ་གྲྭའི་རིག་གནས་སྡེ་ཁག་གི་རིག་གཞུང་གནད་བསྡུས》《ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཚགས་པར་དང་དུས་དེབ་པར་སློག་དཔྱད་གཞི》སོགས་ཚད་ལྡན་ཡིག་ཆའི་དཔྱད་གཞི་ཆེ་གྲས་ཐོག་བརྒྱུད་འདྲེན་དང་། བསྐྱར་དཔར། ཟུར་འདྲེན་བཅས་བྱས་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་གྱི“ཚགས་པར་དང་དུས་དེབ་ཀྱི་དཔྱད་གཞི”པར་སློག་བྱས་ནས་ཡོང་ཁུངས་ཀྱི་དུས་དེབ་གལ་ཆེན་ནང་བཅུག་ཡོད། RCCSEཀྲུང་གོའི་ལྟེ་བའི་རིག་གཞུང་དུས་དེབ(སྤྱི་ལོ2011—སྤྱི་ལོ2012—སྤྱི་ལོ2013—སྤྱི་ལོ2014)དངCSSCIརྒྱ་ཡིག་དང་སྤྱི་ཚོགས་ཚན་རིག་གི་འདྲེན་ཡིག་གི་འདྲེན་བྱང་འབྱུང་ཁུངས་དུས་དེབ(སྤྱི་ལོ2012—སྤྱི་ལོ2013—སྤྱི་ལོ2015)དུ་བདམས་པ་རེད། དུས་དེབ་དེའི་ལེ་ཚན་གཙོ་བོའི་ནང་ཁྲིམས་ལུགས་རིག་པའི་རིགས་པའི་གཞུང་ལུགས་དང་། ཆེད་དོན་ཞིབ་འཇུག ཁྲིམས་ལུགས་ལོ་རྒྱུས་ཞིབ་འཇུག ས་ཁོངས་ཕྱིའི་ཁྲིམས་ལུགས་རིག་པ། ཁྲིམས་ལུགས་དངོས་དོན། ཁྲིམས་ལུགས་རིག་པའི་བརྟག་ཐབས་སྨྲ་བ་དང་བཅའ་ཁྲིམས་ཀྱི་གཏན་ཚིགས་སོགས་ཡོད།

6 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ལི་ཡུས་ཧྥུ། 

སློབ་གཙོ། ལུའི་ཐའོ། 

ཏང་ཨུའི་ཨུ་ཡོན་དང་སློབ་གྲྭའི་གླིང་གཙོ་གཞོན་པ། ཝེ་དང་། ཀྲང་ཀྲེན་ཀྲི། ཡོན་ཙུང་པའོ། ལིའུ་པིན་ཅུན། ཞུས་ཧའེ་པོ། ཀུའོ་ཅན་གོ། 

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། ཧུའུ་ཤིན་ཅེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།