ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་།
ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་ནི་ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་དུ་གནས་ཤིང་། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་བྱས་པའི་སྤྱི་བདེ་རིགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་ཚན་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ6པར་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་བཙུགས། སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། རྒྱ་ཁྱོན་མུའུ165ཟིན་པ་དང་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི7.53ཟིན། དགེ་རྒན229དང་སློབ་གྲྭར་ཡོད་པའི་སློབ་མ3000ལྷག སློབ་ཁྲིད་སྡེ་ཁག6དང་མཐོ་རིམ་ལས་རིགས་ཆེད་ལས12བཅས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽公安职业学院
ཕྱི་ཡིག་གི་མིང་།
Anhui Public Security College
བསྡུས་མིང་།
ཨན་ཧུའེ་སྤྱི་བདེ་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་སྡེ་ཁག་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
12ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བདེ་འཇགས་སྡེ་ཁག་དང་། མྱུལ་ཞིབ་སྡེ་ཁག  འགྲིམ་འགྲུལ་སྡེ་ཁག ཚན་རྩལ་སྡེ་ཁག་སོགས་ཡོད།
གནས་ཡུལ།
ཧུ་ཧྥེ་གྲོང་ཁྱེར་མཐོ་གསར་ཁུལ་གྱི་ཅང་ཞིས་ལམ་ཨང559རུ་གནས།
སློབ་གྲྭའི་ཚབ་ཨང་།
13847
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ་བཙུགས།

སྤྱི་ལོ1959ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ་དང་ཨན་ཧུའེ་ཞིང་ཆེན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཐད་གཏོགས་ཀྱི་སློབ་སྟོན་རུ་ཁག་ཟླ་སྒྲིལ་བཏང་ནས་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་མི་དམངས་ཉེན་རྟོག་པའི་སློབ་གྲྭ་བཙུགས།

སྤྱི་ལོ1960ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་མི་དམངས་ཉེན་རྟོག་པའི་སློབ་གྲྭར་ཨན་ཧུའེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1966ལོར་ཨན་ཧུའེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་ཕྱིར་འཐེན་བྱས།

སྤྱི་ལོ1971ལོར་ཨན་ཧུའེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་སླར་གསོ་བྱས།

སྤྱི་ལོ1980ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་སློབ་གྲྭ(མཉམ་འབྲེལ་ཧྲུའུ)བཙུགས།

སྤྱི་ལོ1981ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་སློབ་གྲྭས་ཨན་ཧུའེ་ཞིང་ཆེན་མི་དམངས་ཉེན་རྟོག་པའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1984ལོར་ཨན་ཧུའེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭར་རང་ཚུགས་ཀྱིས་སློབ་གྲྭ་བཙུགས།

སྤྱི་ལོ1985ལོར་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ(མཉམ་འབྲེལ་ཧྲུའུ)བཙུགས།

སྤྱི་ལོ2001ལོར་ཨན་ཧུའེ་སློབ་ཆེན་སྤྱི་བདེ་སློབ་གླིང་གསར་འཛུགས་བྱས།

སྤྱི་ལོ2004ལོའི་ཟླ6པར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་བཙུགས།

སྤྱི་ལོ2017ལོའི་ཟླ5པར། ཞིང་ཆེན་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཀྲུང་དབྱང་སྒྲིག་ཁོངས་གཞུང་དོན་ཁང་ལ་ཆོག་མཆན་ཕུལ་ནས་ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་གི་སྒྲིག་གཞི་སླར་གསོ་བྱས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྡེ་ཁག6དང་མཐོ་རིམ་ལས་རིགས་ཆེད་ལས12བཙུགས་ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་གཉེར་དགེ་རྒན་དང་དགེ་རྒན་གཅིག་ལྕོགས229ཡོད་པའི་ནང་མཐོ་རིམ་གཞོན་པ་ཡན་གྱི་དགེ་རྒན55དང་། ཞིང་ཆེན་རིམ་པའི་ཆུ་ཚད་མཐོ་བའི་སློབ་ཁྲིད་ཚོགས་པ9 ཞིང་ཆེན་དང་། ཐིང་། སློབ་གླིང་རིམ་པའི་ཆེད་ལས་སྣེ་ཁྲིད་པ12 ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན13བཅས་ཡོད།

3 སློབ་ཁྲིད་འཛུགས་སྐྲུན།
3_1 སྤུས་ཚད་ལས་གྲྭ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས5དང་ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས3 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན10 ཞིང་ཆེན་རིམ་པའི་དངོས་སྦྱོང་དཔེ་སྟོན་རྟེན་གཞིའི་ལས་གཞི3བཅས་སློབ་གྲྭའི་ནང་ཚོད་ལྟ་དང་དངོས་སྦྱོང་བྱེད་ས29མཉམ་སྐྲུན་དང་། སློབ་ཕྱིའི་དངོས་སྦྱོང་དང་དངོས་སྦྱོང་རྟེན་གཞི7བཅས་ཡོད།

3_2 སློབ་ཁྲིད་ཀྱི་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གླིང་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་རྣམ་གྲངས8ཐོབ་ཡོད། 

སློབ་ཁྲིད་གྲུབ་འབྲས་བྱ་དགའི་རྣམ་གྲངས་དག་ནི། ཉེན་རྟོག་པའི་སྤྱི་པའི་འབྲེལ་བའི་སློབ་ཚན་གྱི་སློབ་ཁྲིད་དམག་སྦྱོང་གཞི་གཅིག་ཅན་གྱི་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད(བྱ་དགའ་དམིགས་བསལ) “རྩལ་སྦྱོང་ལ་བརྟེན་ནས་སྦྱོང་བརྡར་ལ་བརྟེན་ནས་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི”སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས(བྱ་དགའ་དང་པོ) སྤྱི་བདེའི་དངོས་འཐབ་ཕྱོགས་སྟོན་དུ་བྱེད་པའི་སྤྱི་བདེ་སློབ་གླིང་གི་ཁྲིམས་རིག་ལག་ལེན་སློབ་ཁྲིད་བྱེད་སྟངས(བྱ་དགའ་དང་པོ) དུག་རྫས་ཉེས་གསོག་གྱོད་གཞིའི་མྱུལ་ཞིབ་དངོས་སྦྱོང་མ་ལག(བྱ་དགའ་དང་པོ)སོགས་གསར་གཏོད་བྱས།

3_3 སློབ་མའི་གྲུབ་འབྲས།

སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་ནང་སློབ་གླིང་གི་སློབ་མ6ལ་དམིགས་བསལ་བྱ་དགའ་ཐོབ་པ་དང་། སློབ་མ30ལ་བྱ་དགའ་རིམ་པ་གཉིས་པ།  སློབ་མ50ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཡོད།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་ཁྲོད། སློབ་གླིང་གི་སློབ་གྲོགས20ལ་རྒྱལ་ཡོངས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། སློབ་མ32ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། 

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོར་སློབ་གླིང་གིས་སྤྱི་བདེ་པུའུ་ཡི་ཚན་ཞིབ་འཆར་གཞིའི་རྣམ་གྲངས་དང་ལེན་བྱས་པའི《རང་འགུལ་ངང་ཧའོ་སྨི་རླབས་ཀྱི་བཀག་སྡོམ་དངོས་རྫས(དུག་རྫས)གནོད་མེད་འཚོལ་ཞིབ་ལག་རྩལ་ཞིབ་འཇུག》དང་། སྤྱི་ལོ2018ལོར་ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་རྩ་འཛུགས་རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས། ཞིང་ཆེན་རིམ་པའི་རྣམ་གྲངས6ལ་ཆོག་མཆན་སྤྲད་པ་དང་། གྲོང་ཁྱེར་དང་ཐིང་རིམ་པའི་རྣམ་གྲངས9 སློབ་གྲྭ་རིམ་པའི་རྣམ་གྲངས46རྩིས་གཞིའི་ཞིང་ཆེན་རིམ་པའི་རྣམ་གྲངས11བཅས་ཡོད།

སློབ་གསོ་ཐིང་གི་ཚན་ཞིབ་རྣམ་གྲངས་དག་ནི། 《མྱུལ་ཞིབ་དང་འདྲི་རྩད་ཀྱི་གཞོགས་འདེགས་བྱ་ཐབས་ཞིབ་འཇུག》དང་། 《ཉེས་གསོག་དོགས་ཅན་གྱི་ངོས་ལེན་ཞུ་བྱ་དང་ངོས་ལེན་ཞུ་བྱ་འགལ་རྐྱེན་ཞིབ་འཇུག》《གྲངས་གཞི་སྔོག་འདོན་དེ་ཉེས་གསོག་བྱེད་སྤྱོད་དབྱེ་ཞིབ་ཁྲོད་ཀྱི་ཉེར་སྤྱོད་ཞིབ་འཇུག》《གྲངས་གཞི་སྔོག་འདོན་དེ་སྤྱི་བདེའི་གསང་འཕྲིན་གྱི་ཆ་འཕྲིན་ཞིབ་འཇུག་བརྡར་གཅོད་མ་ལག་ཁྲོད་ཀྱི་ཉེར་སྤྱོད་ཞིབ་འཇུག》སོགས་ཡོད།

5 སློབ་ཁྲིད་འཛུགས་སྐྲུན།
5_1 སྤུས་ཚད་ལས་གྲྭ།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས5དང་ཞིང་ཆེན་རིམ་པའི་རྐང་འཛིན་ཆེད་ལས3 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན10 ཞིང་ཆེན་རིམ་པའི་དངོས་སྦྱོང་དཔེ་སྟོན་རྟེན་གཞིའི་ལས་གཞི3བཅས་སློབ་གྲྭའི་ནང་ཚོད་ལྟ་དང་དངོས་སྦྱོང་བྱེད་ས29མཉམ་སྐྲུན་དང་། སློབ་ཕྱིའི་དངོས་སྦྱོང་དང་དངོས་སྦྱོང་རྟེན་གཞི7བཅས་ཡོད།

5_2 སློབ་ཁྲིད་ཀྱི་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གླིང་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའི་རྣམ་གྲངས8ཐོབ་ཡོད། 

སློབ་ཁྲིད་གྲུབ་འབྲས་བྱ་དགའི་རྣམ་གྲངས་དག་ནི། ཉེན་རྟོག་པའི་སྤྱི་པའི་འབྲེལ་བའི་སློབ་ཚན་གྱི་སློབ་ཁྲིད་དམག་སྦྱོང་གཞི་གཅིག་ཅན་གྱི་བྱེད་སྟངས་སྒྱུར་བཅོས་དང་གསར་གཏོད(བྱ་དགའ་དམིགས་བསལ) “རྩལ་སྦྱོང་ལ་བརྟེན་ནས་སྦྱོང་བརྡར་ལ་བརྟེན་ནས་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི”སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས(བྱ་དགའ་དང་པོ) སྤྱི་བདེའི་དངོས་འཐབ་ཕྱོགས་སྟོན་དུ་བྱེད་པའི་སྤྱི་བདེ་སློབ་གླིང་གི་ཁྲིམས་རིག་ལག་ལེན་སློབ་ཁྲིད་བྱེད་སྟངས(བྱ་དགའ་དང་པོ) དུག་རྫས་ཉེས་གསོག་གྱོད་གཞིའི་མྱུལ་ཞིབ་དངོས་སྦྱོང་མ་ལག(བྱ་དགའ་དང་པོ)སོགས་གསར་གཏོད་བྱས།

5_3 སློབ་མའི་གྲུབ་འབྲས།

སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་ནང་སློབ་གླིང་གི་སློབ་མ6ལ་དམིགས་བསལ་བྱ་དགའ་ཐོབ་པ་དང་། སློབ་མ30ལ་བྱ་དགའ་རིམ་པ་གཉིས་པ།  སློབ་མ50ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ཡོད།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་ཁྲོད། སློབ་གླིང་གི་སློབ་གྲོགས20ལ་རྒྱལ་ཡོངས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། སློབ་མ32ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། 

6 རིག་གཞུང་ཞིབ་འཇུག
6_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོར་སློབ་གླིང་གིས་སྤྱི་བདེ་པུའུ་ཡི་ཚན་ཞིབ་འཆར་གཞིའི་རྣམ་གྲངས་དང་ལེན་བྱས་པའི《རང་འགུལ་ངང་ཧའོ་སྨི་རླབས་ཀྱི་བཀག་སྡོམ་དངོས་རྫས(དུག་རྫས)གནོད་མེད་འཚོལ་ཞིབ་ལག་རྩལ་ཞིབ་འཇུག》དང་། སྤྱི་ལོ2018ལོར་ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི་རྩ་འཛུགས་རེ་ཞུའི་ལས་དོན་ལེགས་སྒྲུབ་བྱས། ཞིང་ཆེན་རིམ་པའི་རྣམ་གྲངས6ལ་ཆོག་མཆན་སྤྲད་པ་དང་། གྲོང་ཁྱེར་དང་ཐིང་རིམ་པའི་རྣམ་གྲངས9 སློབ་གྲྭ་རིམ་པའི་རྣམ་གྲངས46རྩིས་གཞིའི་ཞིང་ཆེན་རིམ་པའི་རྣམ་གྲངས11བཅས་ཡོད།

སློབ་གསོ་ཐིང་གི་ཚན་ཞིབ་རྣམ་གྲངས་དག་ནི། 《མྱུལ་ཞིབ་དང་འདྲི་རྩད་ཀྱི་གཞོགས་འདེགས་བྱ་ཐབས་ཞིབ་འཇུག》དང་། 《ཉེས་གསོག་དོགས་ཅན་གྱི་ངོས་ལེན་ཞུ་བྱ་དང་ངོས་ལེན་ཞུ་བྱ་འགལ་རྐྱེན་ཞིབ་འཇུག》《གྲངས་གཞི་སྔོག་འདོན་དེ་ཉེས་གསོག་བྱེད་སྤྱོད་དབྱེ་ཞིབ་ཁྲོད་ཀྱི་ཉེར་སྤྱོད་ཞིབ་འཇུག》《གྲངས་གཞི་སྔོག་འདོན་དེ་སྤྱི་བདེའི་གསང་འཕྲིན་གྱི་ཆ་འཕྲིན་ཞིབ་འཇུག་བརྡར་གཅོད་མ་ལག་ཁྲོད་ཀྱི་ཉེར་སྤྱོད་ཞིབ་འཇུག》སོགས་ཡོད།

7 རིག་གཞུང་ཐོན་ཁུངས།
7_1 ཉར་ཚགས་ཁང་གི་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཤོག་རིགས་དཔེ་དེབ་ཁྲི33.25དང་གློག་རྡུལ་དཔེ་དེབ་ཁྲི60ལྷག་ཙམ་ཡོད།

8 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཐེན་དབྱང་ཁྲང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲའོ་ཨང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།