ཧྥུའུ་ཅན་ཉེན་རྟོག་པའི་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཅན་ཉེན་རྟོག་པའི་སློབ་གླིང་།
ཧྥུའུ་ཅན་ཉེན་རྟོག་པའི་སློབ་གླིང(FujianPoliceCollege)ནི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གཙོ་བོ་ཡིན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་ཚན་ཁག་གི་སློབ་གླིང་ཞིག་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་གྱི་སྤྱི་བདེ་མཐོ་རིམ་སློབ་གྲྭ་གཅིག་པུའང་ཡིན། ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་གི་འགོ་ཁྲིད་ཉིས་བརྩེགས་ལག་བསྟར་བྱས་ཏེ་ཧྥུའུ་ཅན་ཞིང་ཆེན་སྤྱི་བདེ་ཐིང་གིས་གཙོ་བོར་བྱས་པའི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱས། སྔོན་ཆད་ཀྱི་སྤྱི་ལོ1949ལོའི་ཟླ8པར་བཙུགས་པའི་ཧྥུའུ་ཅན་ཞིང་ཆེན་ཉེན་རྟོག་ལས་བྱེད་པའི་སློབ་གྲྭ་དེ་ཡིན། སྤྱི་ལོ2007ལོའི་ཟླ5བའི་ཚེས15ཉིན་སློབ་གསོ་པུའུ་ཡིས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་དངོས་སུ་འཛུགས་རྒྱུའི་ཆོག་མཆན་སྤྲད། སྤྱི་ལོ2010ལོའི་ཟླ10པར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་དང་ཧྥུའུ་ཅན་ཉེན་རྟོག་པའི་ལས་རིགས་སློབ་གླིང་གི་སློབ་གཉེར་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་གསར་པ་འཛུགས་རྒྱུའི་ཐག་བཅད། སྤྱི་ལོ2018ལོའི་ཟླ་དང་པོར་སློབ་གྲྭ་འདི་ཧྥུའུ་ཅན་ཞིང་ཆེན་གྱི་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་བར་གྱི་རབ་འབྱམས་པའི་སློབ་གནས་སྤྲོད་པའི་གསོ་སྐྱོང་ཚན་པའི་རྣམ་གྲངས་འཛུགས་པའི་མིང་ཐོར་གསར་སྣོན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建警察学院
ཕྱི་ཡིག་གི་མིང་།
Fujian Police College
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ8པ།
རྣམ་པ།
སྲིད་ཁྲིམས་རིགས།
ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན།
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཧྲན་ཆུས་ཀྱི་ཧྲིག་ཧྲན་ལམ་གྱི་ཨང59པ།
སློབ་གྲྭའི་ཚབ་ཨང་།
11495
གཟི་བརྗིད་མཚན་སྙན།
སྐབས་བཅུ་པ་དང་བཅུ་གཅིག་པའི་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་ཚན།    རྒྱལ་ཡོངས་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་སྔོན་ཐོན་ལས་ཁུངས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1984ལོའི་ཟླ10པར། ཧྥུའུ་ཅན་ཞིང་ཆེན་སྤྱི་བདེ་ལས་བྱེད་པའི་སློབ་གྲྭའི་རྨང་གཞིའི་སྟེང་ཧྥུའུ་ཅན་སྤྱི་བདེ་ཆེད་སྦྱོང་སློབ་གྲྭ་བཙུགས། 

སྤྱི་ལོ2000ལོའི་ཟླ4པར། ཧྥུའུ་ཅན་ཞིང་ཆེན་གྱི་མི་དམངས་ཉེན་རྟོག་པའི་སློབ་གྲྭ་དང་ཧྥུའུ་ཅན་སྤྱི་བདེ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཧྥུའུ་ཅན་སྤྱི་བདེ་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གསར་པ་བཙུགས།   

སྤྱི་ལོ2007ལོའི་ཟླ5བའི་ཚེས15ཉིན་སློབ་གསོ་པུའུ་ཡིས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་དངོས་སུ་འཛུགས་རྒྱུའི་ཆོག་མཆན་སྤྲད། 

སྤྱི་ལོ2010ལོའི་ཟླ10པར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་དང་ཧྥུའུ་ཅན་ཉེན་རྟོག་པའི་ལས་རིགས་སློབ་གླིང་གི་སློབ་གཉེར་སྒྲིག་སྲོལ་ལེགས་སྒྲིག་བྱས་ནས་ཧྥུའུ་ཅན་ཉེན་རྟོག་སློབ་གླིང་གསར་པ་འཛུགས་རྒྱུའི་ཐག་བཅད།     

སྤྱི་ལོ2018ལོའི་ཟླ1པོར་སློབ་གྲྭ་འདི་ཧྥུའུ་ཅན་ཞིང་ཆེན་གྱི་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་བར་གྱི་རབ་འབྱམས་པའི་སློབ་གནས་སྤྲོད་པའི་གསོ་སྐྱོང་ཚན་པའི་རྣམ་གྲངས་འཛུགས་པའི་མིང་ཐོར་གསར་སྣོན་བྱས།    

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག     

སྤྱི་ལོ2018ལོའི་ཟླ་དང་པོར།     མྱུལ་ཞིབ་ཚན་ཁག་དང་བདེ་འཇགས་ཚན་ཁག  ཉེས་དོན་ཚན་རིག་ལག་རྩལ་ཚན་ཁག  སྤྱི་བདེ་དོ་དམ་ཚན་ཁག  བཅའ་ཁྲིམས་ཚན་ཁག  ཉེན་རྟོག་འཐབ་རྩལ་ཚན་ཁག  རྩིས་འཁོར་དང་ཆ་འཕྲིན་བདེ་འཇགས་དོ་དམ་ཚན་ཁག  ཁྲིམས་ཆད་ལག་བསྟར་ཚན་ཁག  རྨང་གཞིའི་སློབ་ཚན་སློབ་ཁྲིད་པུའུ། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སློབ་ཁྲིད་པུའུ། ཉེན་རྟོག་པའི་ལུས་རྩལ་སློབ་ཁྲིད་སྦྱོང་བརྡར་པུའུ་སོགས་སློབ་ཁྲིད་སྒྲིག་གཞི11ཡོད།

3 དགེ་རྒན་གྱི་དཔུང་སྡེ།   

སྤྱི་ལོ2018ལོའི་ཟླ1པོའི་བར། དགེ་རྒན་དང་ལསབཟོ་431ཡོད་པ་དང་། དེའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན33དང་། མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན114“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན” “རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ” ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན་གྱི་མཚན་སྙན་ཡོད་པའི་ཕུལ་བྱུང་དགེ་རྒན་ཁག་གཅིག་བཅས་ཡོད་ལ། སྤྱི་བདེའི་མཐོ་རིམ་སློབ་གསོའི་དགོས་མཁོ་དང་འཚམ་པའི་དགེ་རྒན་དཔུང་ཁག་ཅིག་བཙུགས་ཡོད། སློབ་གླིང་ལ་ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་རིགས་གཅིག་མཁས་ཅན1ཡོད་པ་དང་། “རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”2 “རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔེ་བཟང་དགེ་རྒན”དང“རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་ཕུལ་བྱུང་དགེ་རྒན་བཅས་ཡོད། 

4 རིག་ཚན་འཛུགས་སྐྲུན།  

སྤྱི་ལོ2018ལོའི་ཟླ1པོར་སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན2ཡོད། 

5 སློབ་ཁྲིད་གྲུབ་འབྲས།   

སྤྱི་ལོ2015ལོའི་ཟླ6པའི་བར་སློབ་གླིང་དུ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས1བསྐྲུན་ཡོད། རྒྱལ་ཁབ་ཀྱི་སྤུས་ལེགས་སློབ་ཚན4དང་ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས2  ཞིང་ཆེན་དང་པུའུ་རིམ་པའི་སྤུས་ལེགས་སློབ་ཚན26ཡོད།

6 རིག་གཞུང་ཞིབ་འཇུག 

སྤྱི་ལོ2005ལོ་ནས་སྤྱི་ལོ2013ལོའི་ཟླ9བའི་པར་སློབ་གླིང་སྔ་རྗེས་སུ་ཧྥུའུ་ཅན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དོ་དམ་ལས་དོན་གྱི་ཚན་ཞིབ་སྔོན་ཐོན་ཚན་པར་ཐེངས་གཉིས་པར་བདམས། ཞིང་ཆེན་རིམ་པའི་ཞབས་ཞུའི་མཚོ་ནུབ་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་ནང་། སློབ་གླིང་གི“དུས་བདེའི་མཚོ་ནུབ”འཛུགས་སྐྲུན་ཞིབ་འཇུག་སོགས་རྣམ་གྲངས4 དཔལ་འབྱོར་དང་རིག་གནས་འཛུགས་སྐྱོང་དང་གསར་གཏོད་རྣམ་གྲངས་ནང་བཅུག་པ་དང་། རྣམ་གྲངས་གཉིས་ནི“ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས”ནང་བཅུག

7 ཚན་རིག་ཞིབ་འཇུག་ལས་ཁུངས།    

སྤྱི་ལོ2015ལོའི་ཟླ6པའི་བར། སློབ་གླིང་གི་སྤྱི་ཚོགས་བདེ་འཇགས་ཞིབ་འཇུག་ལྟེ་གནས་དེ་ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞིར་བདམས་པ་དང་། དྲ་རྒྱའི་ཉེས་གསོག་ལྟ་ཞིབ་དང་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཚོད་ལྟ་ཁང་དེ་ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དུ་བདམས། མཚོ་འགག་ངོགས་གཉིས་ཀྱི་ཉེན་རྟོག་ལས་དོན་མཉམ་ལས་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་ཤར་ལྷོའི་རྒྱུད་ཀྱི་དུག་འགོག་ཞིབ་འཇུག་ལྟེ་གནས། ཉེན་རྟོག་རིག་གནས་ཞིབ་འཇུག་ལྟེ་གནས། ཉེས་གསོག་རིག་པའི་ཞིབ་འཇུག་ཁང་། སྤྱི་བདེ་དོ་དམ་ཞིབ་འཇུག་ཁང་སོགས་ཞིབ་འཇུག་ཁང13བཙུགས་ཡོད།     

8 རིག་གཞུང་བརྗེ་རེས།  

ཨ་རི་དང་ཨུ་རུ་སུ། འཇར་མན། ཐེ་ལན། ཐའེ་ཝན། ཞང་ཀང་། ཨའོ་མོན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཉེན་རྟོག་ལས་ཁུངས། འབྲེལ་ཡོད་སློབ་གསོའི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མི་སྣ་བཅས་དང་རིག་གཞུང་སྤེལ་རེས་དང་མཉམ་འབྲེལ་རྣམ་པ་སྣ་ཚོགས་བྱས།

9 འགོ་ཁྲིད།


ཏང་ཨུའི་ཧྲུའུ་ཅི། ཡིའུ་ཧྭ།
  ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ། ལིའུ་རུའེ་རུང་།
    ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲེན་ཁྲང་མིང་།
   ཏང་ཨུའི་ཨུ་ཡོན། གླིང་གཙོ་གཞོན་པ། ཧུའུ་པའོ་ཀྲེན། དབྱང་ཅན་ཧྲུའུ། ཁྲེན་ཝན་ཧྥ།
    ཏང་ཨུའི་ཨུ་ཡོན། སྒྲིག་ཨུའི་ཧྲུའུ་ཅི། ཀྲང་ཏ་ཆང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-22

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།