ཧུ་ཧྥེ་རྒྱུན་སྤྱོད་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུ་ཧྥེ་རྒྱུན་སྤྱོད་ལས་རིགས་ལག་རྩལ་སློབ་གླིང་།
ཧུ་ཧྥེ་རྒྱུན་སྤྱོད་ལས་རིགས་ལག་རྩལ་སློབ་གླིང་ནི་ཀྲུང་གོ་འཕྲུལ་ཆས་བཟོ་ལས(ཚོགས་པ)ཀུང་སིའི་ཧུ་ཧྥེ་རྒྱུན་སྤྱོད་འཕྲུལ་ཆས་ཞིབ་འཇུག་ཁང་གིས་གཉེར་བ་ཞིག་ཡིན། སྤྱི་ལོ2000ལོར་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དཀྱུས་མའི་ལས་རིགས་ལག་རྩལ་སློབ་གླིང་དང་། རྒྱལ་ཁབ་ཀྱི་གྲངས་འཛིན་ལག་རྩལ་ཤིན་ཏུ་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཞུགས་པའི་ལས་ཁུངས་ཡིན། སྤྱི་ལོ2018ལོའི་ཟླ7པའི་བར་སློབ་གླིང་གིས་རྒྱ་ཁྱོན་མུའུ440ལྷག་ཙམ་ཟིན། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི9ལྷག་ཙམ་ཟིན་པ་དང་ལུས་རྩལ་ཐང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི2.3ལྷག་ཙམ་ཟིན། སློབ་ཁྲིད་སྡེ་ཚན5དང་མཐོ་རིམ་ལས་རིགས་ཆེད་ལས33 ཆེད་བསྐོས་དགེ་རྒན158 སློབ་ཕྱིའི་ལས་འགན་གཅིག་ལྕོགས་དང་གཅིག་ལྕོགས་དགེ་རྒན66བཅས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ3685ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
合肥通用职业技术学院
ཕྱི་ཡིག་གི་མིང་།
Hefei Institute of General Professional Technology
བཙུགས་ལོ།
སྤྱི་ལོ2000ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་སྡེ་ཁག་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
32ཡོད།
སློབ་གྲྭའི་དམ་ཚིག
མཐུན་སྒྲིལ་དང་། ཡར་བརྩོན། བདེན་འཚོལ། གསར་གཏོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དང་། གྲངས་འཛིན་དང་རྒྱུ་ཆའི་བཟོ་སྐྲུན་སྡེ་ཁག  ཆ་འཕྲིན་དང་དོ་དམ་བཟོ་སྐྲུན་སྡེ་ཁག་སོགས།
གནས་ཡུལ།
ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་འབྲི་ཆུའི་ནུབ་ལམ་ཨང888པ།
སློབ་གྲྭའི་ཚབ་ཨང་།
12410
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོར་སློབ་གླིང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་བཙུགས།

སྤྱི་ལོ2004ལོར་སློབ་གླིང་དེ་ཀྲུང་གོའི་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ལས་རིགས་རྩལ་ནུས་གསལ་འབྱེད་དང་སློབ་ཁྲིད་ཚོད་ལྟའི་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2006ལོར་སློབ་གླིང་གིས་སློབ་གསོ་པུའུ་ཡི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཆུ་ཚད་ལས་དོན་ལ་དཔྱད་དཔོག་བྱས་པར་ཕུལ་བྱུང་གི་རིམ་པ་ཐོབ།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྡེ་ཁག3དང་ཆེད་ཚན་དང་ཆེད་ལས32ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་སློབ་གྲྭའི་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ2དང་། ཞིང་ཆེན་རིམ་པའི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ1 ཞིང་ཆེན་རིམ་པའི་ཕུལ་བྱུང་དཔེ་བཟང་དགེ་རྒན4 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན2 ཨན་ཧུའེ་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན2 ཞིང་ཆེན་རིམ་པའི་ལག་རྩལ་མཁས་པ1 ཨན་ཧུའེ་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བ1 རྒྱལ་ཁབ་འཕྲུལ་ཆས་ཚོགས་པའི་དབུ་བཞུགས་ལག་རྩལ་དགེ་རྒན1 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན2 རྒྱལ་ཁབ་ཚན་རྩལ་བྱ་དགའི་དཔྱད་ཞིབ་རིགས་གཅིག་མཁས་པ1བཅས་ཡོད།

སློབ་ཁྲིད་ཚོགས་པ་དག་ནི། གྲངས་འཛིན་ལག་རྩལ་སློབ་ཁྲིད་ཚོགས་པ་དང་། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ་སློབ་ཁྲིད་ཚོགས་པ། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་སློབ་ཁྲིད་ཚོགས་པ། བདེ་འཇགས་ལག་རྩལ་དོ་དམ་སློབ་ཁྲིད་ཚོགས་པ། གྲང་བཟོ་དང་གྲང་ཉར་ལག་རྩལ་ཆེད་ལས་སློབ་ཁྲིད་ཚོགས་པ། རྩིས་འཁོར་ཉེར་སྤྱོད་ལག་རྩལ་སློབ་ཁྲིད་ཚོགས་པ། གློག་རྡུལ་ཚོང་དོན་སློབ་ཁྲིད་ཚོགས་པ། དཔེ་ཆས་ཇུས་འགོད་དང་བཟོ་སྐྲུན་སློབ་ཁྲིད་ཚོགས་པ་བཅས་ཡིན། 

ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་དག་ནི། ཝང་ཧོ་ཡུང་དང་། ཀྲང་ལི། ཧུའུ་ཁྲོན་སུང་། ཀྲང་རུང་ཧྭ། ཧུའུ་ཅིང་པོ། ཅང་ཏའོ་དབྱིན།

ལས་རིགས་མཐོ་རིམ་ཆེད་ཚན་གྱི་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ་ལིའུ་ཧུའེ་ཡོན་དང་ཧྲའོ་ཀང་གཉིས་ཡིན།

ཞིང་ཆེན་རིམ་པའི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ། ཝང་ཡུང་ཆང་།

ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན། ལིའུ་ཧུའེ་ཡོན་དང་ཧྲའོ་ཀང་།

ཞིང་ཆེན་རིམ་པའི་ལག་རྩལ་མཁས་ཅན། ལི་ཀྲེང་།

3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས2དང་། ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས7 ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས4 ཞིང་ཆེན་རིམ་པའི་དཔེ་སྟོན་དངོས་སྦྱོང་ལྟེ་གནས2 ཞིང་ཆེན་རིམ་པའི་སློབ་གྲྭ་དང་ཁེ་ལས་མཉམ་ལས་ལག་ལེན་སློབ་གསོའི་རྟེན་གཞི2 ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བའི་ཆེད་ལས2 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན6བཅས་ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི་དང་། རྒྱལ་ཁབ་ཀྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་སློབ་མའི་དངོས་སྦྱོང་ཧུ་ཧྥེ་ལས་གྲྭའི་དངོས་སྦྱོང་རྟེན་གཞི། ཨན་ཧུའེ་ཞིང་ཆེན་གྱི“ཉིས་འཇོན་དགེ་རྒན་བྱང་ཚད”ཀྱི་འཕྲུལ་ཆས་ཇུས་འགོད་དང་གྲངས་འཛིན་ལག་རྩལ་དགེ་རྒན་གསོ་སྦྱོང་རྟེན་གཞི། ཨན་ཧུའེ་ཞིང་ཆེན་འབྲིང་རིམ་ལས་རིགས་སློབ་གྲྭའི་གྲངས་འཛིན་ལག་རྩལ་དགེ་རྒན་གསོ་སྦྱོང་རྟེན་གཞི་བཅས་བཙུགས་ཡོད། གཞན“ཧུ་ཧྥེ་རྒྱུན་སྤྱོད་ལས་རིགས་ལག་རྩལ་སློབ་གླིང་ལས་རིགས་རྩལ་ནུས་གསལ་འབྱེད་ཁང”དང་། གྲངས་འཛིན། ཚ་ལ་རྒྱག་པ། གློག་ཤུགས། གྲང་བཟོ། གསེར་ལས་སོགས་ཆེད་ལས་ཚོད་ལྟ་ཁང་དང་དངོས་སྦྱོང་བྱ་ཡུལ30ལྷག་ཙམ་བསྐྲུན་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་རྒྱལ་ཁབ་ཚན་རྩལ་པུའུ་ཡི་ཐེབས་རྩའི་རྣམ་གྲངས1དང་། ཞིང་ཆེན་སློབ་གསོ་ཐིང་གི་ཚན་ཞིབ་ཐེབས་རྩའི་ཞིབ་འཇུག་རྣམ་གྲངས2 ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས60ཙམ་བཅས་ཀྱི་འགན་འཁུར་བ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ5དང་། རིམ་པ་གཉིས་པའི་བྱ་དགའ8 རིམ་པ་གསུམ་པའི་བྱ་དགའ10 གསར་གཏོད་དང་དངོས་སྤྱོད་དཔེ་གསར་གྱི་ཆེད་ཁེ26ཐོབ་ཡོད།

5 རིག་གཞུང་ཐོན་ཁུངས།
5_1 ཉར་ཚགས་ཁང་གི་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གླིང་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི22.2ཡོད།

6 ​ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི།  ཀྲང་ཀྲི་ཡུང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ། ཐེན་ཆི་ཁྲང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-15

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།