ཀྲེ་ཅང་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེ་ཅང་ཉེན་རྟོག་པའི་ལས་རིགས་སློབ་གླིང་།
ཀྲེ་ཅང་ཉེན་རྟོག་པའི་ལས་རིགས་སློབ་གླིང་ནི་ཞིང་ཆེན་གྱི་ཁྲིམས་འཛིན་ཉེན་རྟོག་སློབ་གླིང་ཞིག་ཡིན། དེ་ནི་ཧང་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་ཀྲེ་ཅང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་གཉེར་བའི་སློབ་གླིང་ཞིག་ཡིན། རྒྱལ་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་དཔོན་གྱི་སློབ་གླིང་དང་། སློབ་གྲྭའི་ནང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་ཁྲིམས་འཛིན་པུའུ། ས་གནས་དེ་གའི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བསྡུ་བའི་གསོ་སྦྱོང་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་སློབ་གླིང་ཁག་དང་པོ་དང་། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བཅའ་ཁྲིམས་ཞབས་ཞུ་ཨུ་ལྷན་གྱི་སྤེལ་རེས་མཉམ་ལས་རྟེན་གཞི། ཀྲུང་གོའི་ཁྱད་ཆོས་ཀྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞིའི་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པའི་འཛུགས་སྐྲུན་ཚན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
浙江警官职业学院
ཕྱི་ཡིག་གི་མིང་།
Zhejiang Police Vocational Academy
བསྡུས་མིང་།
ཉེན་རྟོག་སློབ་གླིང་།
ངོ་བོ།
རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞི།
བཙུགས་ལོ།
སྤྱི་ལོ1984ལོར་བཙུགས།
ཁོངས་གཏོགས་ས་ཁུལ།
ཀྲ་ཅང་ཧང་ཀྲོའུ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
ལས་ཐོག་སློབ་གཙོ།
ཀྲང་ཧྥུའུ་ཁྲེང་།
སློབ་གྲྭའི་རྣམ་པ།
སྲིད་ཁྲིམས།
གཙོ་གཉེར་སྡེ་ཁག
ཀྲེ་ཅང་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ཉེས་དོན་ཁྲིམས་འཛིན་སྡེ་ཁག་དང་། ཉེར་སྤྱོད་བཅའ་ཁྲིམས་སྡེ་ཁག བདེ་འཇགས་དོགས་ཟོན་སྡེ་ཁག ཆ་འཕྲིན་ལག་རྩལ་དང་དོ་དམ་སྡེ་ཁག་སོགས།
སློབ་གྲྭའི་གནས་ཡུལ།
ཧང་ཀྲོའུ་གྲོང་ཁྱེར་ཞ་ཧྲ་མཐོ་རིམ་སློབ་གསོ་གླིང་ཁུལ་གྱི་སྲང་ལམ་ཆེན་མོ་གཉིས་པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
12869
གཞུང་ཕྱོགས་དྲ་གནས།
http://www.zjjy.com.cn
1 ངོ་སྤྲོད་མདོར་བསྡུས།

ཀྲེ་ཅང་ཉེན་རྟོག་པའི་ལས་རིགས་སློབ་གླིང་ནི་ཞིང་ཆེན་གྱི་ཁྲིམས་འཛིན་ཉེན་རྟོག་སློབ་གླིང་ཞིག་ཡིན། དེ་ནི་ཧང་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད་པ་དང་ཀྲེ་ཅང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་གཉེར་བའི་སློབ་གླིང་ཞིག་ཡིན། རྒྱལ་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་དཔོན་གྱི་སློབ་གླིང་དང་། སློབ་གྲྭའི་ནང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་ཁྲིམས་འཛིན་པུའུ། ས་གནས་དེ་གའི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བསྡུ་བའི་གསོ་སྦྱོང་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་སློབ་གླིང་ཁག་དང་པོ་དང་། ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བཅའ་ཁྲིམས་ཞབས་ཞུ་ཨུ་ལྷན་གྱི་སྤེལ་རེས་མཉམ་ལས་རྟེན་གཞི། ཀྲུང་གོའི་ཁྱད་ཆོས་ཀྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞིའི་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པའི་འཛུགས་སྐྲུན་ཚན་པ་བཅས་ཡིན། རྒྱལ་ཡོངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་གསོ་སྦྱོང་རྟེན་གཞི་དང་། ཀྲེ་ཅང་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་གསོ་སྦྱོང་རྟེན་གཞི། ཀྲེ་ཅང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་ཉེན་རྟོག་གསོ་སྦྱོང་རྟེན་གཞི། ཀྲེ་ཅང་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་གསོ་སྦྱོང་ལྟེ་གནས། ཀྲེ་ཅང་ཞིང་ཆེན་བདེ་འཇགས་ལག་རྩལ་སྔོན་འགོག་ལས་རིགས་མཐུན་ཚོགས་གསོ་སྦྱོང་ལྟེ་གནས་སོགས་སློབ་གྲྭར་བཙུགས་ཡོད། སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གླིང་དུ་ཞ་ཧྲ་དང་ཆའོ་སི་སློབ་ཁུལ་གཉིས་ཡོད་པ་དེས་རྒྱ་ཁྱོན་མུའུ524ཟིན་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ151274ཡོད། ཤོག་བུའི་དཔེ་དེབ་ཁྲི51ཉར་ཚགས་བྱས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ལག་ལེན་སློབ་ཁྲིད་རྟེན་གཞི2དང་། ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ལག་ལེན་སློབ་ཁྲིད་རྟེན་གཞི4 སློབ་གྲྭར་ཡོད་པའི་སློབ་མ2834དང་དགེ་རྒན་དང་ལས་བཟོ་བ394ཡོད། སྡེ་ཁག4དང་། ཡན་ལག་ཁང1གསོ་སྦྱོང་པུའུ1སློབ་ཁྲིད་ཞིབ་འཇུག་པུའུ2 སློབ་བསྡུའི་ཆེད་སྦྱོང་ཚན་ཁག་གི་ཆེད་ལས12བཅས་བཙུགས་ཡོད། (ཆེད་ལས་ཀྱི་ཁ་ཕྱོགས་ཚུད་མེད)

2 ལོ་རྒྱུས་འཕེལ་རིམ།

སློབ་གླིང་དེ་སྔོན་སྤྱི་ལོ1982ལོའི་ཟླ8པར་བཙུགས་པའི་ཞིང་ཆེན་ངལ་རྩོལ་བསྒྱུར་བཀོད་ལས་ཀའི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཡིན། སྤྱི་ལོ1984ལོའི་ཟླ5པར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་ཀྲེ་ཅང་ཞིང་ཆེན་གྱི་ངལ་རྩོལ་བསྒྱུར་བཀོད་བྱ་བའི་སློབ་གྲྭ་དངོས་སུ་བཙུགས་པ་དང་། རྗེས་སུ་ཀྲེ་ཅང་ཞིང་ཆེན་གྱི་ཁྲིམས་འཛིན་ཉེན་རྟོག་སློབ་གྲྭ་དང་ཀྲེ་ཅང་ཞིང་ཆེན་གྱི་མི་དམངས་ཉེན་རྟོག་པའི་སློབ་གྲྭ་གསུམ་པར་མིང་བསྒྱུར། སྤྱི་ལོ2002ལོའི་ཟླ1པར། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཀྲེ་ཅང་ཉེན་རྟོག་དཔོན་གྱི་ལས་རིགས་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ2008ལོའི་ཟླ8པར་སློབ་གླིང་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་བདམས། སྤྱི་ལོ2017ལོའི་ཟླ6པར་སློབ་གླིང་ཀྲེ་ཅང་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སྤུས་ལེགས་འཛུགས་སྐྲུན་སློབ་གྲྭར་གཏན་འཁེལ་བྱས། སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུས“མཉམ་བཞད་འཆར་གཞིའི“ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་འཛུགས་སྐྱོང་ཚན་པའི(Cརིམ་པ)ནང་བཅུག་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།    

སྤྱི་ལོ2018ལོའི་ཟླ12པའི་བར། ཀྲེ་ཅང་ཉེན་རྟོག་ལས་རིགས་སློབ་གླིང་གི་ཁོངས་སུ་སྡེ་ཁག4དང་། ཡན་ལག་སློབ་གླིང1གསོ་སྦྱོང་པུའུ1སློབ་ཁྲིད་ཞིབ་འཇུག་པུའུ2ཆེད་སྦྱོང་ཚན་ཁག་གི་ཆེད་ལས12བཅས་བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་བར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཀྲེ་ཅང་ཉེན་རྟོག་དཔོན་གྱི་ལས་རིགས་སློབ་གླིང་དུ་ཆེད་བསྐོས་དགེ་རྒན170ཡོད་པའི་ནང་འབྲིང་རིམ་དང་མཐོ་རིམ་གྱི་གོ་མིང་དགེ་རྒན100ཡོད། དགེ་རྒན་དང་ལས་བཟོ་བ474ཡོད་པའི་ནང་ཆེད་བསྐོས་དགེ་རྒན223ཡོད་པ་དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན84ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི37.67%བཟུང་ཡོད། (དེའི་ནང་དགེ་རྒན་ཆེན་མོ་རྒན་པ17ཡོད། ) རབ་འབྱམས་པ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་མཁན115ཡོད། དགེ་རྒན་བསྡོམས་གྲངས་ཀྱི་བརྒྱ་ཆའི51.57ཟིན་པ་དང་། ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན115ཡོད། ལས་རིགས། ཁེ་ལས་བཅས་ཀྱི་དགེ་རྒན112ཡོད། དགེ་རྒན6“ཀྲེ་ཅང་ཞིང་ཆེན151འཇོན་མིའི་ལས་གཞིའི་རིམ་པ་གསུམ་པའི་སྐས་རིམ་རུ་ཁག”ལ་བདམས་པ་དང་དགེ་རྒན1ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་ལ་བདམས། དགེ་རྒན16ཀྲེ་ཅང་ཞིང་ཆེན་གྱི་ཕུལ་བྱུང་ན་གཞོན་དགེ་རྒན་ལ་བདམས། ཞིང་ཆེན་རིམ་པའི་སློབ་གསོའི་ལས་རིགས་ཀྱི་ཕུལ་བྱུང་སློབ་མ4དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ2ཀྲེ་ཅང་ཞིང་ཆེན་མཐོ་རིམ་ལས་རིགས་སློབ་གླིང་གི་ཆེད་ལས་སྣེ་ཁྲིད་པ7གསོ་སྐྱོང་བྱ་ཡུལ7བཅས་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་ཚན་པ།    

སྤྱི་ལོ2016ལོའི་ཟླ8པའི་བར་སློབ་གླིང་དུ་སློབ་གྲྭ་རིམ་པའི་ཉེར་སྤྱོད་ཚན་ཞིབ་སྒྲིག་གཞི9བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས། 

སྤྱི་ལོ2016ལོའི་བར་སློབ་གླིང་གིས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་དཔྱད་གཞི1དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས16ཁེ་བེད་བདག་ཐོབ5བརྩམས་ཆོས47རིམ་པ་གཉིས་པ་ཡན་གྱི་དུས་དེབ་སྟེང་དཔྱད་རྩོམ295བཅས་སྤེལ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-15

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།