ཧྥུའུ་ཅན་གསོ་རིག་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཅན་གསོ་རིག་སློབ་ཆེན།
ཧྥུའུ་ཅན་གསོ་རིག་སློབ་ཆེན་ནི(FujianMedicalUniversity)ཤར་ལྷོའི་མཚོ་རྒྱུད་ཀྱི་ཧྥུའུ་ཅན་ཧྥུ་ཀྲོའུ་རུ་ཡོད། ཧྥུའུ་ཅན་ཞིང་ཆེན་གྱི་རྩེར་སོན་སློབ་ཆེན་དང་རིག་ཚན་འཛུགས་སྐྱོང་མཐོ་སློབ་རྩེ་གྲ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ། ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་ལེན་སློབ་གྲྭ། རྒྱལ་ཁབ་ཀྱི“ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི”རྣམ་གྲངས་ཚོད་ལྟའི་མཐོ་སློབ། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ལག་བསྟར་སློབ་གྲྭ་བཅས་ཡིན་པ་དང་ཧྥུའུ་ཅན་ཞིང་ཆེན་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་ལྟེ་གནས་དང་། གསོ་རིག་ཚན་རིག་ཞིབ་འཇུག་ལྟེ་གནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་རེད། ཧྥུའུ་ཅན་གསོ་རིག་སློབ་ཆེན་ནི་སྤྱི་ལོ1937ལོར་བཙུགས་པའི་ཧྥུའུ་ཅན་ཞིང་ཆེན་གྱི་གསོ་རིག་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། སྤྱི་ལོ1939ལོར་ཧྥུའུ་ཅན་ཞིང་ཆེན་གསོ་རིག་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ1949ལོར་ཧྥུའུ་ཅན་གསོ་རིག་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ1969ལོར་ཧྥུའུ་ཅན་ཀྲུང་ལུགས་གསོ་རིག་སློབ་གླིང་དང་ཀྲུང་ཧྭ་ཕྱིར་སྡོད་རང་མིའི་སློབ་གྲྭ་ཆེན་མོའི་སྨན་བཅོས་ཚན་ཁག་དང་ཟླ་སྒྲིལ་བཏང་ནས་ཧྥུའུ་ཅན་གསོ་རིག་སློབ་གྲྭ་ཆེན་མོ་བཙུགས། སྤྱི་ལོ1982ལོར་ཧྥུའུ་ཅན་གསོ་རིག་སློབ་གླིང་ཞེས་པ་རུ་མིང་བསྒྱུར། སྤྱི་ལོ1996ལོའི་ཟླ4པར་ཧྥུའུ་ཅན་གསོ་རིག་སློབ་ཆེན་ཞེས་པར་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建医科大学
ཕྱི་ཡིག་གི་མིང་།
Fujian Medical University
བཙུགས་ལོ།
སྤྱི་ལོ1937ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
གསོ་སྨན།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཧོ་མིང་ཧྭ།  སློབ་གཙོ། ཁྲེན་ཞའོ་ཁྲུན།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སློབ་གླིང21ཡོད།
སློབ་གྲྭའི་ཚབ་ཨང་།
10392
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་སློབ་ཆེན་ཁུལ་གསར་ཞུའེ་ཧྥུའུ་བྱང་ལམ་གྱི་ཨང1པོ།
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁག4ཡོད།    ཀྲུང་ཧྭ་གསོ་རིག་ཚན་རྩལ་བྱ་དགའ་དང་། ཧྥུའུ་ཅན་ཞིང་ཆེན་ཚན་རྩལ་ཡར་ཐོན་བྱ་དགའ། ཧྥུའུ་ཅན་གསོ་རིག་ཚན་རྩལ་བྱ་དགའ་སོགས་རྣམ་གྲངས75ཡོད།
1 ལོ་རྒྱུས་འཕེལ་རིམ།

ཧྥུའུ་ཅན་གསོ་རིག་སློབ་ཆེན་ནི་སྤྱི་ལོ1937ལོར་བཙུགས་པའི་ཧྥུའུ་ཅན་ཞིང་ཆེན་གྱི་གསོ་རིག་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན། 

སྤྱི་ལོ1939ལོར་ཧྥུའུ་ཅན་ཞིང་ཆེན་གསོ་རིག་སློབ་གླིང་དུ་མིང་བསྒྱུར།

སྤྱི་ལོ1949ལོར་ཧྥུའུ་ཅན་གསོ་རིག་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ1969ལོར་ཧྥུའུ་ཅན་ཀྲུང་ལུགས་གསོ་རིག་སློབ་གླིང་དང་། ཀྲུང་ཧྭ་ཕྱིར་སྡོད་རང་མིའི་སློབ་གྲྭ་ཆེན་མོའི་སྨན་བཅོས་ཚན་ཁག་དང་ཟླ་སྒྲིལ་བཏང་། ཧྥུའུ་ཅན་གསོ་རིག་སློབ་གྲྭ་ཆེན་མོ་བཙུགས།

སྤྱི་ལོ1982ལོར་ཧྥུའུ་ཅན་གསོ་རིག་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ1996ལོའི་ཟླ4པར་ཧྥུའུ་ཅན་གསོ་རིག་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ2003ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་ཏུ་གཏན་འཁེལ་བྱས་པ་དང་། ལོ་དེར་སྦྱངས་འབྲས་ལེགས་པོའི་ཐོག་ནས་སློབ་གསོ་པུའུ་ཡི་དངོས་གཞི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས།     

སྤྱི་ལོ2003ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་ཏུ་གཏན་འཁེལ་བྱས་པ་དང་། ལོ་དེར་སྦྱངས་འབྲས་ལེགས་པོའི་ཐོག་ནས་སློབ་གསོ་པུའུ་ཡི་དངོས་གཞི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས།   

སྤྱི་ལོ2011ལོ་ནས་བཟུང“ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གསུམ་པ” འཛུགས་གྲབས་བྱས། 

སྤྱི་ལོ2012ལོའི་ཟླ11པར་སློབ་གསོ་པུའུ་དང་འཕྲོད་བསྟེན་པུའུ་ཡི་ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཁག་དང་པོའི་ཚོད་ལྟའི་མཐོ་སློབ་ནང་བདམས།    

སྤྱི་ལོ2013ལོའི་ཟླ་དང་པོར་རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་ལག་བསྟར་མཐོ་སློབ་ནང་བདམས། ཟླ5པར་ཁག་དང་པོའི་ནད་ཐོག་སྨན་བཅོས་གསོ་རིག་རབ་འབྱམས་པའི་ཆེད་ལས་སློབ་གནས་ཀྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ཚོད་ལྟའི་མཐོ་སློབ་ནང་བདམས།    

སྤྱི་ལོ2018ལོའི་ཟླ3པར་ཧྥུའུ་ཅན་ཞིང་ཆེན་གྱི་རིག་ཚན་རྩེ་གྲས་འཛུགས་སྐྲུན་མཐོ་སློབ་ནང་བདམས།    

སྤྱི་ལོ2019ལོའི་ཟླ7པར་ཧྥུའུ་ཅན་ཞིང་ཆེན་གྱི་སློབ་ཆེན་རྩེ་གྲས་འཛུགས་སྐྲུན་མཐོ་སློབ་ནང་བདམས།     

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག   

སྤྱི་ལོ2017ལོའི་ཟླ5པར།   ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་རྨང་གཞིའི་གསོ་རིག་སློབ་གླིང་དང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་གསོ་རིག་ལག་རྩལ་དང་བཟོ་སྐྲུན་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་སྨན་རྫས་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་ནད་སྐྱོང་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་མི་རིག་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་གསོ་རིག་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་ཁ་སྦུག་གསོ་རིག་སློབ་གླིང་། ཧྥུའུ་ཅན་གསོ་རིག་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ཞེ་ཧོ་ནད་ཐོག་གསོ་རིག་སློབ་གླིང་། ནད་ཐོག་གསོ་རིག་སློབ་གླིང་དང་པོ། ནད་ཐོག་གསོ་རིག་སློབ་གླིང་གཉིས་པ། ཞིང་ཆེན་བཙུགས་པའི་ནད་ཐོག་གསོ་རིག་སློབ་གླིང་། ཧྥུའུ་ཅན་སྤྱི་ཁྱབ་ནད་ཐོག་སྨན་བཅོས་སློབ་གླིང་། ནད་ཐོག་སློབ་ཁྲིད་པུའུ། བསམ་བློ་ཆབ་སྲིད་གཞུང་ལུགས་སློབ་ཚན་ཞིབ་འཇུག་པུའུ། ལུས་རྩལ་ཞིབ་འཇུག་པུའུ། ཕྱི་ཞིབ་འཇུག་སློབ་གླིང་སློབ་གླིང་། ཕྱི་གླིང་སློབ་གླིང་། ཕྱི་སྦྱོང་སློབ་གླིང་བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།     

སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ10700ལྷག་ཙམ(ཞོར་གཏོགས་སྨན་ཁང་ཚུད)ཡོད་པའི་ནང་སློབ་གྲྭའི་ཆེད་བསྐོས་དགེ་རྒན1450ཡོད་ཅིང་དེའི་ཁྲོད་འབུམ་རམས་པའི་སློབ་གནས་ཀྱིས40.21%ཟིན་ཡོད། རབ་འབྱམས་པའི་སློབ་གནས་ཡན་གྱིས85.17%བཟུང་བ་དང་མཐོ་རིམ་གོ་མིང་གིས68.34%བཟུང་། འབུམ་རམས་པའི་སློབ་དཔོན138དང་རབ་འབྱམས་པའི་སློབ་དཔོན787ཡོད།    

4 སློབ་ཁྲིད་འཛུགས་སྐྲུན། 

སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས4ཡོད། སློབ་ཁྲིད་གྲུབ་འབྲས་བྱ་དགའ3དང་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2བཅས་ཡོད། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ་དང་། ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ། སློབ་ཁྲིད་ཚོགས་པ། ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞི། སློབ་གྲྭ་ཆེ་མོ་བའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་སོགས5ཡོད་པ་དང་། བརྙན་ལམ་སྤྱི་བསྒྲགས་སློབ་ཚན་རྩེ་གྲས་དང་། ཐོན་ཁུངས་མཉམ་སྤྱོད་སློབ་ཚན་སྤུས་དགསྤུས་ལེགས་སློབ་ཚན་སོགས3ཡོད།

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།     

སྤྱི་ལོ2011ལོ་ནས་སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གྲྭར་ཚན་ཞིབ་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར7ཟིན་པ་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས2800ལྷག་ཙམ་ཐོབ། SCIཡིས་དཔྱད་རྩོམ3300ལྷག་ཙམ་བསྡུས་ཤིང་། རྒྱལ་ཁབ་ཀྱི་ཆེད་ཁེ124ཐོབ་པ་དང་ཞིང་ཆེན་གྱི་ཚན་རྩལ་བྱ་དགའ36ཐོབ་ཡོད། དེའི་ནང་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ3དང་ཨང་གཉིས་པ14ཡོད། ཞིང་ཆེན་གྱི་སྐབས་བཅུ་པའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གསུམ་པ1ཐོབ་པ་དང་། ཀྲུང་ཧྭ་གསོ་རིག་ཚན་རྩལ་བྱ་དགའ་རིམ་པ་གཉིས་པ1དང་རིམ་པ་གསུམ་པའི་བྱ་དགའ2བཅས་ཐོབ།

6    འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཧོ་མིང་ཧྭ།
    ཏང་ཨུའི་རྒྱུན་ཨུ། སློབ་གཙོ། ཁྲེན་ཞའོ་ཁྲུན།
    ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཧྲི་ཀྲུང་།
    སྒྲིག་ཨུའི་ཧྲུའུ་ཅི། ཁེ་རུའེ་ཆིང་།
    ཏང་ཨུའི་རྒྱུན་ཨུ། སློབ་གཙོ་གཞོན་པ། ཧོང་དབྱི་རྨིན། ཀྲོའུ་རུའེ་ཞང་། ལིན་ཞུས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།