ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་།
ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ནི་ཨན་ཧུའེ་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གྲྭ་སྔོན་ཆད་སྤྱི་ལོ1926ལོར་བཙུགས་པའི་ཝུའུ་ཧུའུ་སྨན་ཁང་གི་ནད་གཡོག་པའི་སློབ་གྲྭ་ཡིན། སྔ་རྗེས་སུ་ཝུའུ་ཧུའུ་འཕྲོད་བསྟེན་སློབ་གྲྭ་དང་། ཁྲི་ཀྲོའུ་འཕྲོད་བསྟེན་སློབ་གྲྭ། ཨན་ཧུའེ་ཞིང་ཆེན་འཆར་ལྡན་བུ་བཙའི་སློབ་གྲྭ་སོགས་སློབ་གཉེར་དུས་རིམ་བརྒྱུད། སྤྱི་ལོ2012ལོའི་ཟླ3པར་ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས། སྤྱི་ལོ2017ལོའི་ཟླ5པར་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་འབྲེལ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད་ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ2019ལོའི་ཟླ8པའི་བར་སློབ་གྲྭའི་རྒྱ་ཁྱོན་མུའུ521ཟིན་པ་དང་སློབ་གྲྭའི་ཉལ་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི8.8ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽卫生健康职业学院
ཕྱི་ཡིག་གི་མིང་།
Anhui Health College
བཙུགས་ལོ།
སྤྱི་ལོ1926ལོ།
རིགས་དབྱེ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ལས་རིགས་སློབ་གླིང་།
རྣམ་པ།
ཕྱོགས་བསྡུས།
ངོ་བོ།
གཞུང་གཉེར་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
ནད་སྐྱོང་ཚན་ཁག  བདེ་ཐང་ཞབས་ཞུ་ཚན་ཁག གསོ་རིག་ཚན་ཁག སྤྱི་པའི་རྨང་གཞི་པུའུ། བསམ་བློ་ཆབ་སྲིད་པུའུ་བཅས་ཡོད།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞེ་རུའེ་ཅིན་དང་།    གླིང་གཙོ། ཀྲང་པིན།
གནས་ཡུལ།
ཨན་ཧུའེ་ཞིང་ཆེན་ཁྲི་ཀྲོའུ་གྲོང་ཁྱེར་སློབ་གསོ་གླིང་ཁུལ་གྱི་ཞུའེ་ཡོན་ལམ་གྱི་ཨང9བ།
སློབ་གྲྭའི་ཚབ་ཨང་།
14419
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོར་ཝན་ནན་གསོ་རིག་སློབ་གླིང་དང་མཉམ་དུ་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་དང་མཐོ་རིམ་ནད་སྐྱོང་ཆེད་སྦྱོང་སློབ་གྲྭ་ཆེན་མོ་གཉེར།     

སྤྱི་ལོ2011ལོར་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་གྲབས་འཛུགས་བྱས།     

སྤྱི་ལོ2012ལོར་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་དངོས་སུ་བཙུགས།     

སྤྱི་ལོ2017ལོའི་ཟླ4བའི་ཚེས13ཉིན། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ལ་དངོས་སུ་མཆན་འགོད་བཀའ་ལན་གནང་ནས 《ཨན་ཧུའེ་ཞིང་ཆེན་མཐོ་རིམ་ལས་རིགས་སློབ་གྲྭའི་བཀོད་སྒྲིག་ཚོད་ལྟའི་ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་དང་ཨན་ཧུའེ་ཞིང་ཆེན་མཐོ་སློབ་བཀོད་སྒྲིག་དཔྱད་མོལ་ཨུ་ལྷན་གྱི་དཔྱད་མོལ་འབྲས་བུ་གཞིར་བཟུང་ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ཞེས་མིང་བསྒྱུར་རྒྱུར་མོས་མཐུན་བྱུང་།    

སྤྱི་ལོ2017ལོའི་ཟླ5བའི་ཚེས10ཉིན། 《ཆེད་སྦྱོང་སློབ་གསོའི་མཐོ་སློབ་ཀྱི་ཐོ་འགོད་མིང་ཐོ་ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་གཞུང་དོན་ཐིང་གི་ཡིག་ཆ》རུ་ཤེས་རྟོགས་བྱུང་བར། ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་གི་མིང་བསྒྱུར་རྒྱུར་ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་ལ་སློབ་གསོ་པུའུ་ཡི་ཐོ་འགོད་སྙན་སེང་ཐོབ། ཨན་ཧུའེ་མི་འབོར་ལས་རིགས་སློབ་གླིང་ནི་ཨན་ཧུའེ་འཕྲོད་བསྟེན་བདེ་ཐང་ལས་རིགས་སློབ་གླིང་དུ་དངོས་སུ་མིང་བསྒྱུར།   

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2019ལོའི་ཟླ8པའི་བར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭར་ད་ལྟ་སློབ་ཁྲིད་ཚན་ཁག4ཡོད་པ་དང་ཆེད་ལས15བཙུགས་ཡོད།   

3 དགེ་རྒན་གྱི་དཔུང་སྡེ།  

སྤྱི་ལོ2019ལོའི་ཟླ8པའི་བར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ205དང་ཆེད་བསྐོས་དགེ་རྒན140ཡོད། རབ་འབྱམས་པ་དང་དེ་ཡན་གྱི་སློབ་གནས་ཡོད་མཁན52དང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན34ཡོད། མཐོ་རིམ་སློབ་འབྲིང་གི་སློབ་མ3 ཉིས་འཇོན་དགེ་རྒན་གྱི་བྱང་ཚད་དགེ་རྒན44ཡོད་ལ། ཕྱི་རྒྱལ་དུ་གདན་ཞུ་དང་ཞོར་འགན་གཅིག་ལྕོགས་འཁུར་བའི་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་བ། དགེ་རྒན་ཆེན་མོ་གཞོན་པ། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་བཅས100ལྷག་ཙམ་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ4དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན3 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན2དང་ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ1བཅས་ཡོད། སློབ་གྲྭ་རིམ་པའི་ཆེད་ལས་སྣེ་ཁྲིད་པ11དང་སློབ་གྲྭ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན4  སློབ་གྲྭ་རིམ་པའི་རྐང་འཛིན་དགེ་རྒན14བཅས་ཡོད། 

4 སློབ་ཁྲིད་འཛུགས་སྐྲུན། 

སྤྱི་ལོ2019ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་ད་ལྟ་སློབ་གྲྭར་རྒྱལ་ཁབ་རིམ་པའི་རྐང་འཛིན་ཆེད་ལས1ཡོད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གྲྭས་ཆེད་ལས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས2ལ་རྒྱབ་སྐྱོར་བྱས་ཤིང་། སློབ་གྲྭའི་ནང་ཚོད་ལྟའི་དངོས་སྦྱོང་ལྟེ་གནས8དང་རིགས་ཁག་གི་ཚོད་ལྟ་ཁང118 ཁང་ཕྱིའི་དངོས་སྦྱོང་དངོས་སྦྱོང་རྟེན་གཞི60བཅས་ཡོད། སློབ་གླིང་དུ་ཉལ་ཁྲི100ཡོད་པའི་ཞོར་གཏོགས་སྨན་ཁང་ཞིག་ཡོད་པ་དང“ལུས་རྩལ་པ་གཙོ་བོ་གཉིས”ཀྱི་མཉམ་འབྲེལ་སྨན་ཁང10བཅས་ཡོད།

5 གཟི་བརྗིད་མཚན་སྙན།

ཞིང་ཆེན་རིམ་པའི་དཔེ་སྟོན་འབྲིང་རིམ་ལས་རིགས་སློབ་གྲྭ།
    རྒྱལ་ཁབ་མི་དོན་པུའུ་དང་རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་མིང་བཏགས་པའི་རྒྱལ་ཡོངས་ཀྱི་ཐུན་མོང་སྔོན་ཐོན་ཚན་པ།
    ཨན་ཧུའེ་ཞིང་ཆེན་མི་འབོར་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་སྤྲད་པའི་སྔོན་ཐོན་སྡེ་ཚན་བཅས་ཀྱི་མཚན་སྙན་ཐོབ།

6 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཞེ་རུའེ་ཅིན།
    ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཡོན་ཀྲང་ཀྲང་པིན།
    ཏང་ཨུའི་ཧྲུའུ་ཅི་གཞོན་པ།  གླིང་གཙོ་གཞོན་པ་ཀྲང་ཧུང་།
    ཏང་ཨུའི་ཨུ་ཡོན།  སྒྲིག་ཨུའི་ཧྲུའུ་ཅི། ཅང་ཞིས་ཧྥུའུ།
    ལྟ་སྐུལ་མཛུབ་ཁྲིད་པ། ཧྥན་ཡིའུ་ཧྭ།
    ཏང་ཨུའི་ཨུ་ཡོན།  ཧྲེན་ཡུང་ཁང་། ཀྲུའུ་དབྱིན་ལུང་། ཝང་ཞུས་ཏེ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།