ཞ་མོན་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་མོན་སློབ་ཆེན།
ཞ་མོན་སློབ་ཆེན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡི་ཐད་གཏོགས་དང་། ཀྲུང་དབྱང་གིས་པུའུ་རིམ་པ་གཞོན་པའི་སྒྲིག་གཞི་ཐད་ཀར་དོ་དམ་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་ཅན་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་དང་། རྒྱལ་ཁབ་ཀྱི“རྩེ་གྲས་གཉིས”ཀྱི་འཛམ་གླིང་གི་རྩེར་སོན་སློབ་ཆེན་འཛུགས་སྐྲུན་བྱེད་པའི་མཐོ་སློབ(Aརིགས)ཡིན་ཞིང་། རྒྱལ་ཁབ་ཀྱི“སྤྱི་ལོ2011ལོའི་འཆར་གཞིའི”སྣེ་ཁྲིད་མཐོ་རིམ་སློབ་གྲྭ་དང་། རྒྱལ་ཁབ་ཀྱི“211ལས་གྲྭ” “985ལས་གྲྭའི”གཙོ་གནད་འཛུགས་སྐྲུན་མཐོ་སློབ་དང་སློབ་གནས་དབང་ཆ་རང་བདག་ཞིབ་བཤེར་ཚན་པ། “ཇོ་མོ་གླང་མའི་འཆར་གཞི”དང“111འཆར་གཞིའི”ཕུལ་བྱུང་བཟོ་སྐྲུན་དགེ་རྒན་གྱི་སློབ་གསོ་གསོ་སྐྱོང་འཆར་གཞི། ཕུལ་བྱུང་བཅའ་ཁྲིམས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞི། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྦྱོང་བརྡར་འཆར་གཞི། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། རྒྱལ་ཁབ་ཀྱིས་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི། ཀྲུང་གོ་སྲིད་གཞུང་གི་ཀྲུང་གོར་སློབ་སྦྱོང་བྱེད་པའི་སློབ་མའི་བསྡུ་ལེན་སློབ་གྲྭ། རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཀྱི་དཔེ་སྟོན་མཐོ་སློབ་ཁག་དང་པོ་བཅས་ཡིན། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ལག་ལེན་མནའ་འབྲེལ་གྱིས་སྣེ་ཁྲིད་དེ་མཐོ་སློབ་ལ་སྣེ་ཁྲིད་བྱས། ཀྲུང་གོ་དང་ཡོ་རོབ་ཚོང་དོན་སློབ་གྲྭའི་མནའ་འབྲེལ་དང་། ཀྲུང་གོ་མིས་བཟོས་རིག་ནུས་སློབ་གསོ་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་གཏོད་ཚོགས་མི། སློབ་ཆེན་ཀུན་ཤེས་སློབ་གསོའི་མནའ་འབྲེལ། CDIOལས་གྲྭའི་སློབ་གསོ་མནའ་འབྲེལ་གྱི་ཁོངས་མི། སློབ་གསོ་པུའུ་དང་། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། ཧྥུའུ་ཅན་ཞིང་ཆེན་དང་ཞ་མོན་གྲོང་ཁྱེར་བཅས་ཀྱིས་གཙོ་གནད་ཐོག་མཉམ་སྐྲུན་བྱས་པའི་སློབ་ཆེན་ཞིག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
厦门大学
ཕྱི་ཡིག་གི་མིང་།
Xiamen University
བཙུགས་ལོ།
སྤྱི་ལོ1921ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀྲང་ཡན། སློབ་གཙོ། ཀྲང་རུང་།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
དཔལ་འབྱོར་སློབ་གླིང་དོ་དམ་སློབ་གླིང་། ཁྲིམས་རིག་སློབ་གླིང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་། ཆ་འཕྲིན་ཚན་རིག་དང་ལག་རྩལ་སློབ་གླིང་སོགས་སློབ་གླིང29ཡོད།
གནས་ཡུལ།
སི་མིང་སློབ་ཁུལ་ཏེ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སི་མིང་ཆུས་སི་མིང་ལྷོ་ལམ་གྱི་ཨང422པ།
1 ལོ་རྒྱུས་འཕེལ་རིམ།  

ཞ་མོན་སློབ་གྲྭ་ཆེན་མོ་ནི་རྒྱལ་གཅེས་ཕྱིར་སྡོད་རང་མིའི་གཙོ་འཛིན་སྐུ་ཞབས་ཁྲེན་ཅ་ཀེང་གིས་སྤྱི་ལོསྤྱི་ལོ1921ལོར་གསར་འཛུགས་གནང་། ཀྲུང་གོའི་ཉེ་རབས་ཀྱི་སློབ་གསོའི་ལོ་རྒྱུས་ཐོག་གི་ཕྱིར་སྡོད་རང་མིས་བཙུགས་པའི་སློབ་གྲྭ་ཆེན་མོ་ཐོག་མ་ཡིན། རྒྱལ་ནང་དུ་ཞིབ་འཇུག་སློབ་མ་བསྡུ་སྔ་ཤོས་ཀྱི་སློབ་ཆེན་གྲས་དང་ཕྱི་རྒྱལ་དུ་རང་ཚུགས་སློབ་གྲྭའི་སློབ་ཆེན་ཐོག་མའང་ཡིན།

1_1 སྒེར་བཙུགས་ཞ་མོན་སློབ་ཆེན།   

མིན་གོའི་སྲིད་ལོ25པར་ཟླ་སྒྲིལ་བཏང་ནས་རིག་གནས་ཚན་ཁག་དང་། རང་བྱུང་ཚན་ཁག ཚོང་ལས་བཅས་སློབ་གླིང3དང་ཚན་ཁག9ཡོད་ལ། སློབ་མ་ཐོག་མའི་མི136ནས་མི300ལྷག་ལ་འཕེལ།     རྒྱལ་གཉེར་ཞ་མོན་སློབ་ཆེན། 

སྤྱི་ལོ1937ལོའི་ཟླ7པའི་ཚེས1ཉིན། ཁྲེན་ཅ་ཀེང་གིས་འཕྲིན་ཡིག་བསྐུར་ནས་གདན་འདྲེན་ཞུས་ཤིང་། ནན་ཅིན་རྒྱལ་དམངས་སྲིད་གཞུང་གིས་སྒེར་བཙུགས་ཞ་མོན་སློབ་ཆེན་ནི་རྒྱལ་བཙུགས་སུ་བསྒྱུར་བར་འཐད་པ་བྱུང་།   

1_2   ཞ་མོན་སློབ་ཆེན། 

སྤྱི་ལོ1949ལོའི་ཟླ10བའི་ཚེས17ཉིན་ཞ་མོན་བཅིངས་འགྲོལ་བཏང་། ཞ་མོན་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཨུ་ལྷན་གྱིས་ཟླ10ཚེས20ཉིན་དམག་མིའི་འཐུས་མི་ཝུའུ་ཆང་དང་ཞའོ་ཧྥུང་མངགས་ནས་ཞ་མོན་སློབ་ཆེན་རྩིས་ལེན་བདག་སྤྲོད་བྱས་པ་དང་ཞ་མོན་སློབ་ཆེན་གྱི་ཏང་ཀྲི་པུའུ་གསར་པ་བཙུགས།   

སྤྱི་ལོ1952ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོར་སློབ་གླིང་དང་སྡེ་ཁག་ལེགས་སྒྲིག་ཆེན་པོ་བྱས། 

སྤྱི་ལོ1952ལོར་སློབ་གླིང་དང་སྡེ་ཁག་ལེགས་སྒྲིག་མ་བྱས་གོང་ཞ་མོན་སློབ་ཆེན་དུ་སློབ་གླིང7ཡོད།

2 སློབ་གླིང་དང་ཚན་ཁག་གི་བཀོད་སྒྲིག

སྤྱི་ལོ2019ལོའི་ཟླ3པའི་བར།  ཞ་མོན་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་སློབ་གླིང་དང་། རིག་གཞུང་པུའུ6 དེ་བཞིན་སློབ་གླིང29 ཞིབ་འཇུག་ཁང15བཅས་བཙུགས་ཡོད།     དགེ་རྒན་གྱི་དཔུང་སྡེ།      སྤྱི་ལོ2019ལོའི་ཟླ3པའི་བར། ཞ་མོན་སློབ་ཆེན་དུ་ཆེད་བསྐོས་དགེ་རྒན2662ཡོད་པའི་ནང་། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ1913ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་གྲངས་ཀྱི71.9%ཟིན་ཡོད། འབུམ་རམས་པའི་སློབ་གནས་ཡོད་མཁན2206ཡོད་པ་དེས82.9%བཟུང་ཡོད། 

3 སློབ་ཁྲིད་འཛུགས་སྐྲུན།   

སྤྱི་ལོ2019ལོའི་ཟླ3པའི་བར་ཞ་མོན་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ1དང་ཨང་གཉིས་པ15ཐོབ་པ་དང་། སློབ་ཚན29རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན་ལ་བདམས་པ་དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6ཡོད།     

4 རྒྱལ་སྤྱིའི་འབྲེལ་འདྲིས།   

ཞ་མོན་སློབ་ཆེན་གྱིས་མངའ་ཁོངས་ཕྱིའི་མཐོ་སློབ240ལྷག་ཙམ་དང་སློབ་གྲྭའི་དབར་གྱི་མཉམ་འབྲེལ་གྲོས་མཐུན་ལ་མིང་རྟགས་བཀོད། འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་མཐོ་སློབ50ཙམ་དང་ངོ་བོའི་རང་བཞིན་གྱི་མཉམ་འབྲེལ་བྱས། རྒྱ་སྐད་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གཏོང་བའི་ལས་ཀར་ཞུགས་གང་ཐུབ་བྱས་ནས། བྱང་ཨ་མེ་རི་ཁ་གླིང་ དང་ཡོ་རོབ། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་སོགས་ས་ཁུལ་གྱི་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ཁུང་ཙི་སློབ་གླིང15བཙུགས་པ་དང་འབྲེལ“ཁུང་ཙི་སློབ་གླིང”འཛུགས་རྒྱུའི་ཆོག་མཆན་ཐོབ།

མ་ལེ་ཞི་ཡའི་ཙུང་ལི་ཨ་ཕུའུ་ཏུའུ་ལ·པ་ཏ་ཝུའེ་དང་། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཅ་ཀུའུ་མ། ཁོ་རིག་ཡའི་ཙུང་ལི་ཟུར་པ་ལི་ཧུང་ཅིའུ། སིང་ཀ་ཕོར་གྱི་རྒྱལ་དོན་སྲིད་དཔོན་ཝུའུ་ཙུའོ་ཏུང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཕེང་ཧྲི་གོ   ཐེ་ལི་ཉི་ཏ། ཐོ་པ་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆའོ་ཀྲི·ལི་ཁྲ་ཙི་སོགས་ཀྱིས་ཞ་མོན་སློབ་ཆེན་ལ་སྔ་རྗེས་སུ་འཚམས་འདྲི་གནང་།

5 རིག་གཞུང་ཚན་ཞིབ།   

“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”རིང་སློབ་གྲྭས《ཚན་རིག》དང་། 《རང་བྱུང》《ཕྲ་ཕུང》དེ་བཞིན་ཡན་ལག་དུས་དེབ་སོགས་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ50ལྷག་ཙམ་སྤེལ་བ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་གི་བྱ་དགའ་ཨང་གཉིས་པ4དང་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་འབྲེལ་བྱ་དགའ1ཐོབ། གྲུབ་འབྲས1“ཀྲུང་གོའི་ཚན་རིག་འཕེལ་རྒྱས་ཆེན་པོ་བཅུའི”ནང་བདམས།     

6 འགོ་ཁྲིད།   

ཏང་ཨུའི་ཧྲུའུ་ཅི།     ཀྲང་ཡན།     ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ།    ཀྲང་རོང་།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི།  ཆོན་ཧའེ།     སློབ་གཙོ་གཞོན་པ།    ཡེ་ཧྲི་མན། ཏེང་ཁྲའོ་ཧུའེ། ཆིའུ་ཝེ་ཅེ། ཅང་ཡུན་པའོ། ཀྲོའུ་ཏ་ཝང་།

7  གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ1པོར། རང་བྱུང་དཔེ་སྐྲུན་ཚོགས་པས་སྤྱི་ལོ2018ལོའི་དུས་ཐེངས་དང་པོའི་རང་བྱུང་སྟོན་གྲངས་ཁྱབ་བསྒྲགས་བྱས།
    སྤྱི་ལོ2018ལོའི་ཟླ10པར《ཀྲུང་གོའི་མཐོ་སློབ་ཀྱི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཨང་བདུན་པ》ཁྱབ་བསྒྲགས་བྱས།
    སྤྱི་ལོ2019ལོའི་ཟླ3པར། ཞ་མོན་སློབ་ཆེན་དུ་ཁྱོན་རིག་ཚན16ESIགོ་ལ་ཧྲིལ་པོའི་མདུན་གྱི1%ཟིན་པ་དང་ཁྱོན་ཀྲུང་གོའི་སྐམ་ས་ཆེན་མོའི་མཐོ་སློབ་ཁྲོད་ཨང11པར་སླེབས།
    སྤྱི་ལོ2020ལོའི་ཟླ6པར2021QSའཛམ་གླིང་སློབ་ཆེན་གྱི་ཨང་རིམ432པར་སླེབས་ཡོད།
    སྤྱི་ལོ2020ལོའི་ཟླ7པར“2020ལོར་ཀྲུང་གོའི་སློབ་ཆེན་རྩེ་གྲས་བརྒྱའི་མིང་ཐོའི”མིང་གྲལ་ཨང20པ་ཟིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།