ཧྭ་ཆའོ་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྭ་ཆའོ་སློབ་ཆེན།
ཧྭ་ཆའོ་སློབ་ཆེན་ནི(HuaqiaoUniversity)ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་ཁྲིད་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཆོག་མཆན་གནང་ནས་བཙུགས་པའི་ཀྲུང་དབྱང་གི་མངའ་འོག་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། ཀྲུང་གོའི“ཧྭ་ཆའོ”ལ་མིང་བཏགས་པའི་མཐོ་རིམ་སློབ་གྲྭ་དང་པོ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧྭ་ཆའོ་སློབ་ཆེན་གཞུང་ལས་ཁང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་པུའུ། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱིས་མཉམ་སྐྲུན་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གིས“རྒྱལ་ཁབ་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱེད་པའི་སློབ་གྲྭ་ཆེན་མོར”གཏན་འཁེལ་བྱས། ཧྭ་ཆའོ་སློབ་ཆེན་ནི་ཧྥུའུ་ཅན་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སློབ་ཆེན། ཧྥུའུ་ཅན་ཞིང་ཆེན་གྱི“རྩེར་སོན་གཉིས”ཀྱི་འཛུགས་སྐྲུན་མཐོ་སློབ། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི། རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ། རྒྱལ་ཁབ་ཀྱིས་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། རྒྱལ་ཁབ་ཀྱི“ཁྱད་ལྡན་གཙོ་གནད་རིག་ཚན་རྣམ་གྲངས”འཛུགས་སྐྲུན་མཐོ་སློབ་དང་། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། 1+2+1ཀྲུང་གོ་དང་ཨ་རིའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི། ཧྥུའུ་ཅན་ཞིང་ཆེན་གྱི་སློབ་གླིང་གཉིས་ལ་ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས་ཡོད་པ་མ་ཟད། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པའི་ཞིབ་དཔྱད་དབང་ཆ་ཡོད་པའི་མཐོ་རིམ་སློབ་གྲྭ་ཡོད་ཅིང་། རྒྱུགས་སྤྲོད་མི་དགོས་པའི་ཞིབ་འཇུག་སློབ་མ་འོས་སྦྱོར་བྱེད་པའི་ཐོབ་ཐང་ཡོད་ལ། ཕྱི་རྒྱལ་གྱི་ཕྱི་སྦྱོང་སློབ་མ་བསྡུ་བའི་ཐོབ་ཐང་ཡོད་པའི་ཚན་པ་ཁག་དང་པོ་དང་། ཞང་ཀང་སྲིད་གཞུང་གིས་དམིགས་བསལ་ཆོག་མཆན་ཐོབ་པའི་རབ་འབྱམས་པ་གཞོན་པ་སློབ་རིམ་འཕར་བའི་ཚོད་ལྟའི་སློབ་ཆེན་གྱི་གྲས་ཤིག་བཅས་ཡིན། CDIOལས་གྲྭའི་སློབ་གསོ་མནའ་འབྲེལ་གྱི་ཁོངས་མིའི་ཚན་པ་ཡིན་ཞིང་། ཀྲུང་གོ་གསར་པར་ལས་འཛིན་པའི་ལྷན་ཚོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་སྔ་ཤོས་ཀྱི་སློབ་ཆེན་གྲས་ཤིག་དང་། སློབ་གསོ་པུའུ་ཡི་ཁག་དང་པོའི་དངོས་གཞི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་ཁྲོད་ཕུལ་བྱུང་རིམ་པ་ཐོབ་པ་དང་འབུམ་རམས་པའི་སློབ་གནས་ཐོབ་པའི་དགེ་རྒན་གྱི་བསྡུར་གྲངས་ཧྥུའུ་ཅན་ཞིང་ཆེན་གྱི་ཨང་གཉིས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华侨大学
ཕྱི་ཡིག་གི་མིང་།
Huaqiao University
བཙུགས་ལོ།
སྤྱི་ལོ1960ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སློབ་གླིང28ཡོད།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞུས་ཞི་ཕེང་།    སློབ་གཙོ།  ཝུའུ་ཅན་ཕིན།
གཟི་བརྗིད་མཚན་སྙན།
CUBAསྐབས་བཅུ་དྲུག་པའི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་ཐེངས་དགུ་ཐོབ།    རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་ཐོབ།    རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་ཐོབ།
གནས་ཡུལ།
ཆོན་ཀྲོའུ་གྲོང་ཁྱེར་ཧྥེང་ཙེ་ཆུས་ཀྲིན་ཧྭ་བྱང་ལམ་གྱི་ཨང269པ།
1 ལོ་རྒྱུས་འཕེལ་རིམ།    

ཧྭ་ཆའོ་སློབ་ཆེན་ནི་སྤྱི་ལོ1960ལོར་རྒྱལ་ཁབ་ཀྱིས་ཆོན་ཀྲོའུ་རུ་བཙུགས། ཧྭ་ཆའོ་ན་གཞོན་རྒྱལ་ནང་དུ་ལོག་ནས་སློབ་རིམ་འཕར་བར་སྟབས་བདེ་བསྐྲུན་ཆེད་བཙུགས་པའི་སློབ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧྭ་ཆའོ་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཀྱང་ཡིན།

སྤྱི་ལོ1963ལོར་ཧྭ་ཆའོ་སློབ་ཆེན་གྱིས་མ་དངུལ་རུབ་བསྡུས་ཀྱིས་ཁྲེན་ཅ་ཀེང་དྲན་གསོ་ཁང་བསྐྲུན། དྲན་གསོ་ཁང་ནི་སློབ་གྲྭའི་ལྟེ་གནས་སུ་ཀྲོང་ངེར་འགྱིང་ནས་སློབ་གྲྭའི་འཛུགས་སྐྲུན་གཙོ་བོར་གྱུར།     སྤྱི་ལོ1960ལོར། ཧྭ་ཆའོ་སློབ་ཆེན་ལ་རྒྱ་ཡིག་ཚན་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱིས་སློབ་མ་བསྡུས་ནས་ཧྥུའུ་ཅན་དགེ་འོས་སློབ་གླིང་དུ་གནས་སྐབས་སུ་སློབ་ཁྲིད་བྱེད་པར་གཡར།     “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ་སློབ་གྲྭར་སློབ་མཚམས་བཞག

སྤྱི་ལོ1969ལོའི་ལོ་མཇུག་ཏུ་བཙན་གྱིས་སློབ་མཚམས་བཞག དཔེ་དེབ་དང་དཔྱད་ཆས་སྒྲིག་ཆས་སྡེ་ཚན་གཞན་དག་ལ་བགོས་པ་དང་། སློབ་གྲྭའི་ཁང་པ་ཧྥུའུ་ཅན་གསོ་རིག་སློབ་ཆེན་ལ་བགོས་ནས་བེད་སྤྱོད་བྱེད་དུ་བཅུག

སྤྱི་ལོ1978ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧྭ་ཆའོ་ལས་དོན་གཞུང་ལས་ཁང་གི་སྙན་ཞུར་ཆོག་མཆན་བཀོད་དེ། ཧྭ་ཆའོ་སློབ་ཆེན་བསྐྱར་འཛུགས་བྱེད་རྒྱུའི་ཐག་བཅད།     

སྤྱི་ལོ2017ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཧྭ་ཆའོ་སློབ་ཆེན་དུ་ནད་ཐོག་སྨན་བཅོས་གསོ་རིག་གི་དངོས་གཞི་སྡེ་ཁག་གི་ཆེད་ལས་འཛུགས་རྒྱུའི་ཆོག་མཆན་སྤྲད། ཟླ4བའི་ཚེས21ཉིན་ཧྭ་ཆའོ་སློབ་ཆེན་གྱིས་གསོ་རིག་སློབ་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།

སྤྱི་ལོ2018ལོའི་ཟླ3པར་སློབ་གསོ་པུའུ་ཡི་རྒྱལ་ཁབ་རིམ་པའི་བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས་ཁག་དང་པོར་བདམས་པ་དང་། ཧྥུའུ་ཅན་ཞིང་ཆེན་གྱི“རྩེ་གྲས་གཉིས”ཀྱི་འཛུགས་སྐྲུན་མཐོ་སློབ་ནང་བདམས།

སྤྱི་ལོ2019ལོའི་ཟླ3པར་ཧྭ་ཆའོ་སློབ་ཆེན་ལ་སློབ་གསོ་པུའུ་ཡི་ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་གྲ་སྒྲིག་ཚན་ཁག་གི་སློབ་གསོའི་ཚོད་ལྟའི་སློབ་གླིང་དང་སློབ་གླིང་ལ་ཆོག་མཆན་ཐོབ། ཟླ8པའི་ཚེས19ཉིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སློབ་གསོ་པུའུ། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས《ཐུན་མོང་ཐོག་ཧྭ་ཆའོ་སློབ་ཆེན་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་ཏེ་ཐུན་མོང་ཐོག་ཧྭ་ཆའོ་སློབ་ཆེན་འཛུགས་རྒྱུའི་གྲོས་ཐག་བཅད། ཟླ11པའི་ཚེས1ཉིན། སློབ་གྲྭ་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་སུའོ་ཡིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོས་མཉམ་དུ“ཀྲུང་གོའི་ཐོན་ལས་དཔལ་འབྱོར་ཞིབ་འཇུག་ལྟེ་གནས”ཀྱི་སྒོ་བྱང་བཀལ།   

2 དགེ་རྒན་གྱི་དཔུང་སྡེ། 

སྤྱི་ལོ2020ལོའི་ཟླ1པོའི་བར། དགེ་རྒན་དང་ལས་བཟོ2672ཡོད་པའི་ནང་ཆེད་བསྐོས་དགེ་རྒན1792ཡོད་པ་རེད། གདན་འདྲེན་ཞུས་པའི་ཡོན་ཧྲི6ཡོད་ལ་རྒྱལ་ཁབ་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣར་བདམས། “རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་རིག་ཐེབས་རྩ”ཐོབ་མཁན་དང་། རྒྱལ་ཁབ་ཀྱི་“ཤེས་ལྡན་མི་སྣ་ས་ཡ་མང་པོའི་ལས་གྲྭ”འདེམས་བསྐོ་བྱེད་མཁན། རྒྱལ་ཡོངས་ཀྱི་རིག་གནས་མཁས་པ་གྲགས་ཅན་དང་རྒྱལ་ཁབ་ཀྱི་རྩེར་སོན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་རྣམ་གྲངས་བདམས་ཐོན། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”འདེམས་ཞུགས་པ། དེ་བཞིན་ལོ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་རིགས་གཅིག་མཁས་ཅན་སོགས་རིགས་ཁག་གི་མཐོ་རིམ་ཤེས་ལྡན་མི་སྣ་མི་ཐེངས400ཙམ་ལོངས་སྤྱོད་ཐུབ་པ་དང་། ཚན་རྩལ་པུའུ་ཡི“གསར་གཏོད་ཤེས་ལྡན་པའི་སྐུལ་འདེད་འཆར་གཞིའི”གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ་བཅས་ཡོད།

3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ1པོར། སློབ་གྲྭར་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན་དང་ཞིང་ཆེན། པུའུ་རིམ་པའི་གཙོ་གནད་རིག་ཚན41ཡོད་པ་དང་། ལས་གྲྭ་དང་རྒྱུ་ཆའི་ཚན་རིག རྫས་འགྱུར་རིག་པ་བཅས་རིག་ཚན3ESIགོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས།    

4  སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2013ལོའི་ཟླ6པའི་བར་སློབ་གྲྭས་ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས14བཙུགས་ཡོད། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་སྣ་ཚོགས་ཁྲོད་སློབ་མར་གྲུབ་འབྲས་ཐོབ་ལ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དང་། གོ་ལ་ཧྲིལ་པོའི་བཟོ་སྐྲུན་མཐར་ཕྱིན་འགྲན་བསྡུར་ཆེན་མོ། འདྲ་བཟོ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ཇུས་འགོད་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་གློག་རྡུལ་ཇུས་འགོད་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་རྩིས་རིག་དཔེ་དབྱིབས་འཛུགས་པའི་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་མཉེན་ཆས་ཆེད་ལས་ཤེས་ལྡན་མི་སྣ་ཇུས་འགོད་དང་ལས་གཏོད་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་གྲུབ་ཚུལ་ཇུས་འགོད་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེན་མོ། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་དབྱིན་ཡིག་འགྲན་བསྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་རིག་ཚན་ཁག་གི་འགྲན་བསྡུར་ཆེན་པོའི་ཁྲོད། ཕྱིར་སྡོད་རང་མིའི་སློབ་ཆེན་ལ་བྱ་དགའ་ཆེན་པོ་ཡང་ཡང་ཐོབ།

5 རིག་གཞུང་ཞིབ་འཇུག

སྤྱི་ལོ2006ལོ་ནས་སྤྱི་ལོ2010ལོའི་བར་སློབ་གྲྭས་རྒྱལ་ཁབ་རིམ་པའི་ཚན་ཞིབ་རྣམ་གྲངས51འགན་འཁུར་བའི་ནང་རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་དང973863བཅས་ཀྱི་རྣམ་གྲངས། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས329ཡོད་པའི་ནང་རྣམ་གྲངས་གལ་ཆེན6དང་གཙོ་གནད་རྣམ་གྲངས60ཡོད་ལ། ཁེ་བེད་བདག་ཐོབ་སྣ་ཚོགས84རེ་ཞུ་བྱས།

6 ཤེས་ལྡན་མི་སྣ་གསོ་སྐྱོང་།

སྤྱི་ལོ2011ལོར་ཐད་ཀར་བསྡུ་ལེན་ནམ་འདེམས་སྒྲུག་རྒྱུགས་སྤྲོད་དང་ཉེར་སྤྱོད་དངོས་ལུགས་རིག་པའི་ཆེད་ལས་ཀྱིས་འཛུགས་གཉེར་བྱས་པའི“འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣའི་ཚོད་ལྟའི་འཛིན་གྲྭ”རུ་ཚུད་ཡོད་ཅིང་། དབྱིན་ཡིག་དང་རྩིས་རིག ཆེད་ལས་སློབ་ཚན་བཅས་ཀྱི་སློབ་ཁྲིད་ལ་ཤུགས་སྣོན་རྒྱབ། རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་དོན་ཆེད་ལས་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་སློབ་མ་སློབ་ཞུགས་ཀྱི་དབྱིན་ཡིག་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ལ་གཞིགས་ནས“རྩེར་སོན་ཤེས་ལྡན་པའི་ཚོད་ལྟའི་འཛིན་གྲྭར”སློབ་སྦྱོང་བྱས།

7 འགོ་ཁྲིད། 

སློབ་གཙོ། ཝུའུ་ཅན་ཕིན།     ཏང་ཨུའི་ཧྲུའུ་ཅི། སློབ་གཙོ་གཞོན་པ། ཞུས་ཞི་ཕེང་།     ཏང་ཨུའི་ཧྲུའུ་ཅི་གཞོན་པ།  སྒྲིག་ཨུའི་ཧྲུའུ་ཅི། པི་མིང་ཆང་།     སློབ་གཙོ་གཞོན་པ།  ལིའུ་ཅི་དང་། ལིའུ་པིན། ཙེང་ལུའུ། ཕེང་ཕེ། ཝང་ཞིའུ་ཡུང་། ཝང་ལི་ཞ་བཅས་ཡིན།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།