ཅང་སུའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་རིགས་སློབ་གླིང་།

སྤྱི་ལོ1986ལོར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་སློབ་གྲྭ་གསར་དུ་བཙུགས།
སྤྱི་ལོ1988ལོར་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་སློབ་གྲྭ་དངོས་སུ་བཙུགས།
སྤྱི་ལོ1993ལོར། ཁྲང་ཀྲོའུ་གྲོང་ཁྱེར་ཨར་ལས་ལས་བཟོའི་སློབ་ཆེན་དང་ཁྲང་ཀྲོའུ་གྲོང་ཁྱེར་ཨར་ལས་རྒྱུ་ཆའི་ལས་བཟོའི་སློབ་ཆེན། ཁྲང་ཀྲོའུ་གྲོང་ཁྱེར་འཁལ་འཐག་བཟོ་ལས་ལས་བཟོའི་སློབ་ཆེན་བཅས་ཟླ་སྒྲིལ་བཏང་ནས་མིང་ལ་ཁྲང་ཀྲོའུ་གྲོང་ཁྱེར་ལས་བཟོའི་སློབ་ཆེན་ཞེས་བསྒྱུར།
སྤྱི་ལོ1999ལོར་སློབ་གྲྭས་ལོ་ལྔའི་རིང་རྒྱུན་གཏན་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གི་སློབ་མ་བསྡུ་འགོ་ཚུགས།
སྤྱི་ལོ2003ལོར། སློབ་གྲྭའི་མིང་ལ“ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ”ཞེས་བསྒྱུར། ཅང་སུའུ་ཞིང་ཆེན་གྱིས་ཁག་དང་པོར་བཙུགས་པའི་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭའི་གྲས་ཡིན།
སྤྱི་ལོ2011ལོའི་ཟླ7པར་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ལས་བཟོའི་སློབ་ཆེན་མཉམ་འབྲེལ་ཐོག་སློབ་གཉེར་བྱས་ནས་ཆིང་ཐན་སློབ་ཁུལ་བཙུགས།
སྤྱི་ལོ2013ལོའི་ཟླ6པའི་ཚེས15ཉིན། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་དངོས་སུ་ཡིག་ཆ་བཀྲམ་ནས་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཁྲང་ཀྲོའུ་གྲོང་ཁྱེར་ལས་བཟོའི་སློབ་ཆེན་གཉིས་ཟླ་སྒྲིལ་བཏང་བའི་རྨང་གཞིའི་ཐོག་ཆེད་སྦྱོང་ཚན་ཁག་གི་རིམ་པ“ཅང་སུའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་རིགས་སློབ་གླིང”བཙུགས།
སྤྱི་ལོ2014ལོའི་ཟླ10བའི་ཚེས3ཉིན་ཅང་སུའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་རིགས་སློབ་གླིང་སློབ་ཁུལ་གསར་བར་གནས་སྤྱོར་བྱས།
སྤྱི་ལོ2015ལོའི་ཟླ2པའི་ཚེས6ཉིན་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་ཡིས་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ལས་བཟོའི་སློབ་ཆེན་ཟླ་སྒྲིལ་བཏང་ནས་ཅང་སུའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་རིགས་སློབ་གླིང་དངོས་སུ་བཙུགས། ཅང་སུའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་རིགས་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཁོངས་སུ་གཏོགས་པ་དང་། ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཆེད་སྦྱོང(མཐོ་རིམ་ལས་རིགས་)རིམ་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཨར་ལས་སྒྱུ་རྩལ་སྡེ་ཁག་དང་། ས་ཤིང་ལས་གྲྭའི་སྡེ་ཁག དོ་དམ་ལས་གྲྭའི་སྡེ་ཁག སྤྱི་སྤྱོད་བྱ་གཞག་སྡེ་ཁག སྒྲིག་ཆས་ལས་གྲྭའི་སྡེ་ཁག རྨང་གཞི་པུའུ། དར་མའི་སློབ་གསོ་པུའུ་སོགས་སྡེ་ཁག5དང་པུའུ2བཅས་བཙུགས་ཡོད་ལ། མཐོ་རིམ་ལས་རིགས་ཀྱི་ཆེད་ལས(ཆེད་སྦྱོང་ཚན་ཁག)31ཡོད།
སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་དཔེ་སྟོན་ཆེད་ལས5དང་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས3ཡོད། ཞིང་ཆེན་གྱི་ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་དཔྱད་དཔོག་ཕུལ་བྱུང་གི་ཆེད་ལས4དང་། གྲོང་ཁྱེར་རིམ་པའི་མཐོ་རིམ་ལས་རིགས་དཔེ་སྟོན་ཆེད་ལས7ཞིང་ཆེན་སློབ་གསོ་ཐིང་གི་སློབ་ཚན་ཚོད་ལྟའི་ས་ཚིགས1བཅས་བཙུགས་ཡོད། རྒྱལ་ཁབ་རིམ་པའི་ལས་རིགས་རྩལ་ནུས་གསལ་འབྱེད་སུའོ2དང་ཞིང་ཆེན་རིམ་པའི་དངོས་སྦྱོང་རྟེན་གཞི1བཅས་བཙུགས་ཡོད།
སྤྱི་ལོ2016ལོའི་ཟླ8པའི་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན350ཡོད་པ་དང་དགེ་རྒན་ཚང་མར་དངོས་གཞི་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། སློབ་གྲྭའི་ནང་གི་ཆེད་བསྐོས་དགེ་རྒན་ཁྲོད་རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན113ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན104དང་། “ཉིས་འཇོན་རྣམ་པའི་དགེ་རྒན”182བཅས་ཡོད། དགེ་རྒན4ཡིས་རྒྱལ་ཁབ་སློབ་གསོ་པུའུ་ཡི་ལས་རིགས་སློབ་གསོའི་ལས་རིགས་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་གྱི་འགན་འཁུར་བ་དང་། དགེ་རྒན9ཡིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་སྐབས་ལྔ་བའི་འབྲིང་རིམ་ལས་རིགས་སློབ་གསོའི་ཆེད་ལས་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་གྱི་འགན་འཁུར་ཡོད། རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན1དང་། ཅང་སུའུ་ཞིང་ཆེན་གྱི་“333”མཐོ་རིམ་འཇོན་མི་གསོ་སྐྱོང་ལས་གྲྭའི་རིམ་པ་གསུམ་པའི་གསོ་སྐྱོང་བྱ་ཡུལ་མི་སྣ4བཅས་ཡོད།
སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཇུས་འགོད་ཁང1དང་སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་ཁང4ཡོད།
སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གྲྭའི་དགེ་རྒན་གྱིས་ལོ་ཧྲིལ་བོར་བསྡོམས་པས་དཔྱད་རྩོམ100ལྷག་དུས་དེབ་སྟེང་སྤེལ་ཞིང་། དཔྱད་རྩོམ75ཡོངས་བསྒྲགས་སུ་སྤེལ། རིགས་སོ་སོའི་རིག་གཞུང་སྒྲིག་གཞིའི་དཔྱད་བསྡུར་ནང་དཔྱད་རྩོམ23ལ་བྱ་དགའ་ཐོབ། རྩོམ་སྒྲིག་པ་གཙོ་བོ་དང་རྩོམ་སྒྲིག་པའི་ནང་ཞུགས་ནས་ཡོངས་བསྒྲགས་ཀྱི་སློབ་དེབ7པར་སྐྲུན་བྱས་པ་དང་དེའི་ཁྲོད་སློབ་གྲྭའི་ནང་གི་ཁྲིད་དེབ4ཡོད།
སྤྱི་ལོ2015ལོའི་ཟླ5པའི་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི52ཡོད་པ་དང་། དེའི་ནང་ཤོག་བུའི་ཚད་ལྡན་གྱི་ཡིག་ཆ་ཁྲི39དང་གློག་རྡུལ་དཔེ་དེབ་ཁྲི13ཡོད། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཚགས་པར་དང་དུས་དེབ་རིགས500ལྷག་ཙམ་མངགས་ཉོ་བྱས་པའི་ནང་ཆེད་ལས་ཚགས་པར་དང་དུས་དེབ་ཀྱིས་བཟུང་བའི་བསྡུར་ཚད60%ལས་བརྒལ་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-09-08
གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།