ཅང་ཞིའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་ཞིའི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ནི་སྤྱི་ལོ1958ལོར་བཙུགས་པ་དང་། སྔོན་ཆད་ཀྱི་མིང་ལ་ཅང་ཞི་ལྕགས་བཞུ་སློབ་གླིང་ཟེར་ཞིང་། སྤྱི་ལོ1988ལོར་ལྷོ་ཕྱོགས་ལྕགས་བཞུ་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2004ལོར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར། སློབ་གྲྭ་སྔ་རྗེས་སུ་ལྕགས་བཞུ་བཟོ་ལས་པུའུ་དང་ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱི་ཁྱབ་ཀུང་སིའི་ཁོངས་སུ་གཏོགས་ཤིང་སྤྱི་ལོ2013ལོར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སློབ་གསོ་པུའུ་བཅས་ཀྱིས་མཉམ་དུ་སྐྲུན་པའི་མཐོ་རིམ་སློབ་གྲྭ་རུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西理工大学
སློབ་བཙུགས་ཉིན་མོ།
ཟླ10པའི་ཚེས25ཉིན།
དབྱིན་ཡིག་གི་མིང་།
Jiangxi University of Science and Technology
བཙུགས་ལོ།
སྤྱི་ལོ1958ལོར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གྲྭ།
སློབ་གྲྭའི་ཚབ་ཨང་།
10407
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན།
དངོས་གཞིའི་ཆེད་ལས།
72
ད་ལྟའི་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། དབྱང་པིན། སློབ་གཙོ། ཞི་རུའེ་ཡིས།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་སྤྲོད་དབང་རིག་ཚན22 ཆེད་ལས་བསླབ་གནས་སྤྲོད་དབང་རིགས11
འབུར་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་གཞུང་བསླབ་གནས་སྤྲོད་དབང་རིག་ཚན2
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང16དང་ཚན་རིག་ཞིབ་འཇུག་ཁང18
གཞུང་ཕྱོགས་དྲ་གནས།
http://www.jxust.cn
1 སློབ་གླིང་ངོ་སྤྲོད།

ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ལ་འབུམ་རམས་པ་དང་། རབ་འབྱམས་པའི་བསླབ་གནས་སྤྲོད་པའི་དབང་ཆ་ཡོད་ལ། བཟོ་རིག་གཙོ་བོར་འཛིན་པ་དང་། རང་བྱུང་རིག་པ་དང་བཟོ་རིག་ཟུང་འབྲེལ་བྱེད་ཅིང་དོ་དམ་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། རྩོམ་རིག སྒྱུ་རྩལ་རིག་པ། སློབ་གསོ་རིག་པ་སོགས་རིག་ཚན་མང་པོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སློབ་ཁྲིད་ཞིབ་འཇུག་ཅན་གྱི་སློབ་ཆེན་ཞིག་ཡིན་ལ། པའོ་ཀང་སློབ་གསོའི་བྱ་དགའ་ཞིབ་དཔྱད་ཅན་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ། དངོས་གཞིའི་ཚན་ཁག་གི་ཕུལ་བྱུང་སློབ་མར་རྒྱུགས་སྤྲོད་མི་དགོས་པར་རབ་འབྱམས་པའི་བསླབ་གནས་ལེན་པའི་འོས་སྦྱོར་བྱེད་པའི་ཐོབ་ཐང་ལྡན་ཞིང་། རང་རྒྱལ་གྱི་མདོག་ལྡན་ལྕགས་རིགས་བཟོ་ལས་དང་ངར་ལྕགས་བཟོ་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་ན། “མདོག་ལྡན་ལྕགས་བཞུ་ཤེས་ལྡན་མི་སྣའི་འབྱུང་གནས”ཞེས་འབོད་ཀྱིན་ཡོད། ཅང་ཞི་ཞིང་ཆེན་གྱི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་པའི་ལས་གཞི་སྟེ་རིག་གཞུང་ཚན་ཁག་འཛུགས་སྐྲུན་བྱེད་པའི་མཐོ་རིམ་སློབ་གྲྭ་རྩེ་གྲ་ཡིན་ལ། ཕུལ་བྱུང་བཟོ་བཀོད་ཆེ་མོ་བའི་སློབ་གསོ་གསོ་སྦྱོང་འཆར་གཞི(2011)དང་དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ནང་བདམས་པ་དང་། སྔ་རྗེས་སུ་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་ཅན་གྱི་མཐོ་རིམ་སློབ་གྲྭ་དང་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་རིམ་སློབ་གྲྭ་ལ་བདམས། 

སློབ་གྲྭ་དེ་ཉིད་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་དུ་གནས་ཡོད་ལ། སྤྱི་ལོ2020ལོའི་ཟླ7པའི་བར་སློབ་གྲྭར་ཀན་ཀྲོའུ་དང་ནན་ཁྲང་ས་ཆ་གཉིས་སུ་སློབ་ཁུལ5ཡོད་པ་དང་ས་ཁྱོན་མུའུ3700ལྷག་ཙམ་བཟུང་ཡོད། སློབ་གྲྭར་ད་ལྟ་སློབ་ཁྲིད་སློབ་གླིང17དང་ཚན་རིག་ཞིབ་འཇུག་ཁང18ཡོད། རྒྱལ་ཡོངས་ཀྱི་དཔེ་སྟོན་ཡོའན་ཧྲིའི་ལས་དོན་ས་ཚིགས1དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས1འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས1 རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པ་གསོ་སྐྱོང་བྱེད་ཡུལ2 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ22བཅས་ཡོད། ཆེད་ལས་རབ་འབྱམས་པའི་སློབ་གནས་ཁུལ11 དངོས་གཞིའི་ཚན་ཁག་གི་ཆེད་ལས72 ད་ལྟ་དགེ་རྒན་དང་ལས་བཟོ་པ2000ལྷག(དེའི་ནང་ཆེད་བསྐོས་དགེ་རྒན1450དང་འབུམ་རམས་པའི་དགེ་རྒན600ལྷག་ཡོད)ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་སློབ་གྲྭར་ཡོད་པའི་དངོས་གཞིའི་ཚན་ཁག་གི་སློབ་མ་ཁྲི3.3ཟིན་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2004ལོར་ལྷོ་ཕྱོགས་ལྕགས་བཞུ་སློབ་གླིང་དེ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར། 

སྤྱི་ལོ2008ལོའི་ཟླ3པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དེ་ཅང་ཞི་ཞིང་ཆེན་སྲིད་གཞུང་གིས་གཙོ་གནད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འཁེལ་བྱས་པའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་གྱུར།

སྤྱི་ལོ2011ལོར་སློབ་གསོ་པུའུ་ཡིས་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་རྒྱལ་ཡོངས་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་ཅན་དུ་བདམས། 

སྤྱི་ལོ2011ལོར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སློབ་གསོ་པུའུ“ཕུལ་བྱུང་བཟོ་སྐྲུན་དགེ་རྒན་གྱི་སློབ་གསོ་གསོ་སྐྱོང་འཆར་གཞིའི”ནང་བདམས། 

སྤྱི་ལོ2012ལོའི་ཟླ7པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱིས《ཅང་ཞི་ལྷོ་རྒྱུད་སོགས་དེ་སྔའི་ཀྲུང་དབྱང་སུའུ་ཁུལ་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ནང་གཙོ་གནད་ཐོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གྲས་སུ་བཅུག

སྤྱི་ལོ2012ལོའི་ཟླ12པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དེ་བཟོ་འཕྲིན་པུའུ་དང་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་དང་པུའུ་མཉམ་འབྲེལ་སྒོས་མཐོ་རིམ་སློབ་གྲྭ་མཉམ་སྐྲུན་བྱ་རྒྱུར་གཏན་འཁེལ་བྱས།

སྤྱི་ལོ2013ལོའི་ཟླ7པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དེ་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སློབ་གསོ་པུའུ་བཅས་ཀྱིས་པུའུ་གཉིས་དང་ཞིང་ཆེན་གཅིག་གི་མཉམ་སྐྲུན་མཐོ་རིམ་སློབ་གྲྭ་རུ་གཏན་འཁེལ་བྱས། 

སྤྱི་ལོ2014ལོའི་ཟླ་དང་པོར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་ཀྲུང་ནན་སློབ་ཆེན་བར་སློབ་གཉེར་འབྲལེ་གྱི་གྲོས་མཐུན་བཞག

སྤྱི་ལོ2016ལོའི་ཟླ5པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་འཆར་འགོད་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མུའུ1600ཡོད་པའི་ཀན་ཀྲོའུ་ནུས་རྒྱུ་གསར་པའི་རླངས་འཁོར་ཚན་རྩལ་གྲོང་གི་སློབ་ཁུལ་གསར་པར་ཆོག་མཆན་ཐོབ།

སྤྱི་ལོ2017ལོའི་ཟླ2པར་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་རྒྱལ་ཁབ་ཀྱི“དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་རྨང་གཞིའི་ནུས་པའི་འཛུགས་སྐྲུན་འདུ་འགོད”རྣམ་གྲངས་ཀྱི་གྲས་སུ་ཚུད། 

སྤྱི་ལོ2017ལོའི་ཟླ4པར་སློབ་གསོ་པུའུ་ཡིས“སློབ་ཁྲིད་མཐོ་ཡིག་ཨང5པ”ཁྱབ་བསྒྲགས་བྱས་ནས་ཀྲུང་ནན་སློབ་ཆེན་གྱིས་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས།

སྤྱི་ལོ2017ལོའི་ཟླ7པར་སློབ་གསོ་པུའུ་ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་རིམ་སློབ་གྲྭ་རུ་བདམས།དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ7པའི་བར་ད་ལྟ་སློབ་གྲྭར་དགེ་རྒན་དང་ལས་བཟོ་པ2000ལྷག(དེའི་ནང་ཆེད་བསྐོས་དགེ་རྒན1450དང་འབུམ་རམས་པའི་དགེ་རྒན600ལྷག་ཡོད)ཡོད་པ་དང་། སློབ་གསོ་པུའུ་ཡི“ཧོང་ཏ་ཉན་གྱི་དགེ་རྒན་ཚོགས་པ”1ཡོད་པ་རེད། ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲེ6ཡོད་པ་དང་། སློབ་གསོ་པུའུ་ཡི་འབྲི་ཆུའི་མཁས་པ་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ1ཡོད། “མི་ཁྲིའི་འཆར་གཞིའི”ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ1ཡོད། “མི་ཁྲིའི་འཆར་གཞིའི”ལས་གཏོད་སྣེ་ཁྲིད་ཤེས་ལྡན་པ1དང་དུས་རབས་གསར་པར་ཤེས་ལྡན་པ་ཁྲི་སྟོང་གི་འདུ་འགོད་ཀྱི་རྒྱལ་ཁབ་རིམ་པའི་འོས་མི4ཡོད། “863”དབུ་བཞུགས་ཚན་རིག་པ1ཀྲུང་གོ་ཚན་རིག་ཁང་གི་མི་བརྒྱའི་འཆར་གཞི་ལྟར་ན་མི2(Aརིགས)དང་། རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན་མི1 སློབ་གསོ་པུའུ“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”མི1དང་རྒྱལ་ཁབ་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གཞོན་དར་རིགས་གཅིག་མཁས་ཅན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན། རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན60ལྷག་ཙམ། “ཅིན་ཀང་མཁས་དབང”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་དང་། “ཅང་ཞི་དབྱིན་ཚའེ555ལས་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ། ཞིང་ཆེན་དང་པུའུ་རིམ་པའི་རིག་ཚན་གཙོ་བོའི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་མི་སྣ། ཅང་ཞི་ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། “དུས་རབས་གསར་པའི་ཤེས་ལྡན་མི་སྣ་ས་ཡ་མང་པོའི་འདུ་འགོད”ཀྱི་འོས་མི། “ཅིན་ཀང་སྐར་མའི”གཞོན་ནུ་ཚན་རིག་མཁས་ཅན་གསོ་སྐྱོང་བྱ་ཡུལ། མཐོ་རིམ་སློབ་གྲྭའི་རིག་ཚན་དར་གཞོན་གྱི་སྣེ་ཁྲིད་པ་བཅས་ཁྱོན་བསྡོམས200ལྷག་ཡོད། དགེ་རྒན་ཆེན་མོ་རྒན་གཞོན700ལྷག་དང་འབུམ་རམས་པའི་སློབ་དཔོན100ལྷག་ཙམ། རབ་འབྱམས་པའི་སློབ་དཔོན600ལྷག་བཅས་ཡོད། སློབ་གྲྭས་ད་དུང་ལའེ་ཡོན་མིང་དང་ཙུའོ་ཐེ་ཡུང་། ཀུའུ་ཏེ་ཧྲེང་། ཆིའུ་ཏིང་ཧྥན། སུན་ཁྲོན་ཡའོ། ཀྲང་ཝུན་ཧའེ་སོགས་ཡོན་ཧྲི་དང་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང130ལྷག་གདན་དྲངས་ནས་སློབ་གྲྭའི་འགན་གཅིག་ལྕོགས་འཁུར་བའམ་ཡང་ན་གདན་ཞུའི་དགེ་རྒན་ཆེ་མོ་བ་བྱས་ཤིང་། ཕྱི་རྒྱལ་ནས་ཡིན་པའི་དགེ་རྒན30ལྷག་ཙམ་སློབ་གྲྭར་རྒྱུན་དུ་དགེ་རྒན་བྱེད་པར་གདན་ཞུ་བྱས་ཡོད།

3 རིག་ཚན་འཛུགས་སྐྲུན།

ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱིས་སྤྱི་ལོ1958ལོར་ཅང་ཞི་ལྕགས་བཞུ་སློབ་གླིང་བཙུགས་པ་ནས་བཟུང་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་འགོ་ཚུགས། སྤྱི་ལོ1980ལོར་རྒྱལ་ཁབ་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་བཀོད་དེ་ཞིབ་འཇུག་སློབ་མའི་སློབ་གསོ་འཛུགས་གཉེར་བྱས་ཆོག སྤྱི་ལོ1984ལོ་ནས་བཟུང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་དང་གསོ་སྐྱོང་བྱེད་འགོ་བརྩམས་པ་དང་། སྤྱི་ལོ1986ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤེས་ཡོན་གྱི་མིང་གདགས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་སློབ་གྲྭ་ནི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་མིང་བཏགས་ཁག་གསུམ་པ་སྤྲོད་པའི་སྡེ་ཚན་དུ་གྱུར། སྤྱི་ལོ1986ལོར་དར་མའི་མཐོ་རིམ་སློབ་གསོ་སྤེལ་ཞིང་སྤྱི་ལོ1996ལོར་མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོ་སྤེལ། 

4 རབ་འབྱམས་པའི་རིག་ཚན་ཐོང་ཐང་སྤྲོད་གནས།

གཏེར་ལས་ལས་གྲྭ་དང་། ཨར་ལས་ལས་གྲྭ། ཁོར་ཡུག་ཚན་རིག་དང་ལས་གྲྭ། བདེ་འཇགས་ཚན་རིག་དང་ལས་གྲྭ། ཐིག་ལེན་རིས་འབྲིའི་ཚན་རིག་དང་ལག་རྩལ། ལྕགས་བཞུའི་ལས་གྲྭ། རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། འཕྲུལ་ཆས་ལས་གྲྭ། དཔྱད་ཆས་ཚན་རིག་དང་ལག་རྩལ། གློག་རླངས་ལས་གྲྭ། ཚོད་འཛིན་ཚན་རིག་དང་ལས་གྲྭ། རྩིས་འཁོར་ཚན་རིག་དང་ལག་རྩལ། ཉེར་སྤྱོད་དཔལ་འབྱོར་རིག་པ། དོ་དམ་ཚན་རིག་དང་ལས་གྲྭ། བཟོ་ཚོང་དོ་དམ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཁྲིམས་ལུགས་རིག་པ། རྩིས་རིག་པ། གློག་རྡུལ་ཚན་རིག་དང་ལག་རྩལ། ས་ཁམས་རིག་པ། ཆ་འཕྲིན་དང་འཕྲིན་སྐྱེལ་ལས་གྲྭ་བཅས། 

5 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2020ལོའི་ཟླ7པར་སློབ་གྲྭར་སློབ་གླིང17བཙུགས་ཡོད་ཅིང་ཚན་རིག་ཞིབ་འཇུག་ཁང18དངོས་གཞིའི་ཚན་ཁག་གི་ཆེད་ལས72ཡོད།

5_1 ཐོན་ཁུངས་དང་ཁོར་ཡུག་བཟོ་སྐྲུན་སློབ་གླིང་། 

གཏེར་ཁའི་ལས་གྲྭ། གཏེར་རྫས་ལས་སྣོན་ལས་གྲྭ། བདེ་འཇགས་ལས་གྲྭ། ཁོར་ཡུག་ལས་གྲྭ། ས་གཤིས་ལས་གྲྭ། ཐོན་ཁུངས་རྩད་ཞིབ་ལས་གྲྭ། སྐྱེ་དངོས་ལས་གྲྭ། གཏེར་ལས་རིགས། (ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་བྱས་ནས་སློབ་གྲྭ་གཉེར་བ)གཏེར་ལས་ལས་རིགས། (ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་ལས་བྱས་ནས་སློབ་གྲྭ་གཉེར་བ)གནོད་འཚེ་ཉུང་གཏོང་གི་ལས་གྲྭ འགོག་སྲུང་ལས་གྲྭ གཏེར་འདོན་ལས་གྲྭ གཏེར་རྫས་ལས་སྣོན་ལས་གྲྭ ཁོར་ཡུག་ཚན་རིག(རང་བྱུང་ཚན་རིག)ཁོར་ཡུག་ལས་གྲྭ(བཟོ་རིག་པ) ཁོར་ཡུག་སྐྱེ་དངོས་ལག་རྩལ། བདེ་འཇགས་ཚན་རིག་དང་ལས་གྲྭ གཏེར་ལས་ལས་གྲྭ(ཆེད་ལས་བསླབ་གནས)བདེ་འཇགས་ལས་གྲྭ(ཆེད་ལས་བསླབ་གནས)ཁོར་ཡུག་ལས་གྲྭ(ཆེད་ལས་བསླབ་གནས)

5_2 འཛུགས་སྐྲུན་དང་ཚད་འཇལ་རིས་འབྲིའི་སློབ་གླིང་། 

ཨར་ལས་བཟོ་སྐྲུན་དང་། ཐིག་ལེན་རིས་འབྲིའི་ལས་གྲྭ། ས་ཁམས་ཆ་འཕྲིན་ཚན་རིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད། གྲོང་ཁྱེར་གྱི་འཆར་འགོད། མཁོ་སྤྲོད་དང་ཆུ་འབུད་ཚན་རིག་དང་ལས་གྲྭ། ཨར་ལས་ཁོར་ཡུག་དང་ནུས་ཁུངས་བེད་སྤྱོད་ལས་གྲྭ། ཨར་ལས་རིག་པ། དཔེ་རིས་རིག་པ། གྲུབ་ཚུལ་ལས་གྲྭ། གྲོང་ཁྱེར་གྱི་ལས་གྲྭ། དྲོད་རླངས་མཁོ་འདོན་དང་མཁའ་རླུང་སྙོམས་ཆས་ལས་གྲྭ། ཟམ་པ་དང་ཕུག་ལམ་ལས་གྲྭ། ཐིག་ལེན་རིས་འབྲིའི་ཚན་རིག་དང་ལག་རྩལ། ཨར་ལས་ལས་གྲྭ། 

5_3 ལྕགས་བཞུ་དང་རྫས་འགྱུར་བཟོ་སྐྲུན་སློབ་གླིང་། 

ལྕགས་བཞུའི་བཟོ་སྐྲུན་དང་། རྫས་འགྱུར་བཟོ་སྐྲུན་དང་བཟོ་རྩལ། ཉེར་སྤྱོད་རྫས་འགྱུར་རིག་པ། ནུས་ཁུངས་གསར་པའི་ཚན་རིག་དང་བཟོ་སྐྲུན། བཟོ་སྐྲུན(རང་བྱུང་རིག་པ)དང་། ལྕགས་བཞུའི་དངོས་ལུགས་རྫས་འགྱུར་རིག་པ། ངར་ལྕགས་བཙོ་སྦྱང་། མདོག་ལྡན་ལྕགས་རིགས་བཙོ་སྦྱང་། རྫས་འགྱུར་བཟོ་སྐྲུན་དང་ལག་རྩལ། ཐོན་ཁུངས་འཁོར་སྐྱོད་ཚན་རིག་དང་བཟོ་སྐྲུན། ཞི་ཐུའུ་བཟོ་སྐྲུན། ལྕགས་བཞུའི་ལས་གྲྭ(ཆེད་ལས་བསླབ་གནས། ) རྫས་འགྱུར་བཟོ་སྐྲུན(ཆེད་ལས་བསླབ་གནས)

5_4 རྒྱུ་ཆའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། 

རྒྱུ་ཆའི་ལས་གྲྭ། སྐྱེ་མེད་ལྕགས་རིགས་མིན་པའི་རྒྱུ་ཆའི་ལས་གྲྭ། རྒྱུ་ཆའི་རྫས་འགྱུར། རྒྱུ་ཆའི་དངོས་ཁམས། རྒྱུ་ཆའི་དབྱིབས་གྲུབ་དང་ཚོད་འཛིན་ལས་གྲྭ། རྒྱུ་ཆའི་ཚན་རིག་དང་ལས་གྲྭ། རྒྱུ་ཆའི་ལས་གྲྭ། 

5_5 འཕྲུལ་གློག་ལས་གྲྭ་སློབ་གླིང་། 

འཕྲུལ་ཆས་ལས་གྲྭ། འཕྲུལ་ཆས་ཇུས་འགོད་དང་དེའི་རང་འགུལ་ཅན། འཕྲུལ་ཆས་དང་གློག་རྡུལ། བཟོ་ལས། ཚད་ལེན་ཚོད་འཛིན་ལག་རྩལ་དང་ཡོ་བྱད། འཁོར་ལོའི་རིགས། དཔྱད་ཆས་ཀྱི་ཚན་རིག་དང་ལག་རྩལ།  བཟོ་ལས།

5_6 གློག་ཤུགས་ལས་གྲྭ་དང་རང་འགུལ་ཅན་གྱི་སློབ་གླིང་། 

གློག་ཤུགས་བཟོ་སྐྲུན་དང་དེའི་རང་འགུལ་ཅན། རང་འགུལ་ཅན། གློག་རྡུལ་ཚན་རིག་དང་ལག་རྩལ། གློག་ཤུགས་ལས་གྲྭ། གློག་རྡུལ་ཚན་རིག་དང་ལག་རྩལ། ཚོད་འཛིན་ཚན་རིག་དང་ལས་གྲྭ། ཚོད་འཛིན་ལས་གྲྭ། 

5_7 ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། 

ཚན་རིག་དང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གྲྭ། དྲ་རྒྱའི་ལས་གྲྭ། འཕྲིན་གཏོང་ལས་གྲྭ། འོད་ཀྱི་ཆ་འཕྲིན་ཚན་རིག་དང་ལས་གྲྭ། ཆ་འཕྲིན་གྱི་བདེ་འཇགས།

5_8 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭར་རྒྱལ་ཁབ་ཀྱི་ཟངས་བཙོ་སྦྱངས་དང་ལས་སྣོན་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་། རྒྱལ་ཁབ་ཀྱི་གྱེས་རྡུལ་རྣམ་པའི་ཞི་ཐུའུ་ཐོན་ཁུངས་ནུས་ཆེའི་གསར་སྤེལ་བེད་སྤྱོད་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས། གྱེས་རྡུལ་རྣམ་པའི་ཞི་ཐུའུ་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་སློབ་གསོ་པུའུ་གཙོ་གནད་ཚོད་ལྟ་ཁང་། ཝུའུ་ཁི་ལན་གྱི་ཐོན་ཁུངས་ནུས་ཆེའི་གསར་སྤེལ་དང་ཉེར་སྤྱོད་ལག་རྩལ་སློབ་གསོ་པུའུ་ལས་གྲྭའི་ཞིབ་འཇུག་ལྟེ་གནས། རྒྱལ་ཁབ་ཝུ་དང་ཞི་ཐུའུ་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་སོགས་རྒྱལ་ཁབ་ཀྱི་ཚན་ཞིབ་ལས་སྟེགས། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་ལེན་སློབ་གསོའི་ལྟེ་གནས4 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 ཞིང་ཆེན་རིམ་པའི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས1བཅས་ཡོད། ད་དུང་ཞིང་ཆེན3“2011འཆར་གཞི་མཉམ་སྒྲུབ་གསར་གཏོད་ལྟེ་གནས”ཡོད། ཧའེ་ཀྲི་འཆར་གཞིའི་ལས་དོན་ས་ཚིགས1དང་ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་། བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས། ལས་གྲྭ་ཞིབ་འཇུག་ལྟེ་གནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི20དང་ཞིང་ཆེན་རིམ་པའི་རྨང་གཞིའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས8བཅས་ཡོད།

6 རིག་གཞུང་ཐོན་ཁུངས།

ཅང་ཞི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ནི་སྤྱི་ལོ1958ལོར་བཙུགས་ཤིང་སྤྱི་ལོ998ལོར་སྔར་ལས་རྒྱ་བསྐྱེད་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1.3ཟིན་པ་དང་ད་ལྟ་སློབ་གྲྭ་ཡོངས་ཀྱི་དཔེ་མཛོད་ཁང་གི་མ་ལག་ལ་རང་ཚུགས་ཀྱི་སྡོད་ཁང3ཡོད། དར་དམར་སློབ་ཁུལ་དཔེ་མཛོད་ཁང་དང་། སློབ་ཁུལ་དཔེ་མཛོད་ཁང་། ནན་ཁྲང་སློབ་ཁུལ་དཔེ་མཛོད་ཁང་བཅས་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི5.1ཟིན་ཡོད། ཁྱོན་བསྡོམས་དཔེ་ཆ་ཁྲི240ལྷག་ཙམ་ཉར་ཚགས་བྱས་ཡོད་ལ། དེའི་ནང་རྒྱ་ཡིག་དཔེ་དེབ་ཁྲི210དང་། ཕྱི་ཡིག་དཔེ་དེབ་དང་དུས་དེབ་ཁྲི15དུས་དེབ་དང་དཔེ་དེབ་ཁྲི17བཅས་ཡོད་པ་དང་། གཞན་ཡང་ཚན་རྩལ་དཔྱད་ཡིག་དང་རབ་འབྱམས་པའི་དཔྱད་རྩོམ་སོགས་ཡོད་པ་དང་། རྒྱ་ཡིག་དུས་དེབ་རིགས1200ལྷག་ཙམ་དང་ཕྱི་ཡིག་དུས་དེབ་རིགས57ཡོད། ད་དུང་དཔེ་དེབ་དང་དུས་དེབ་ཚུད་པའི་ཀྲུང་ཕྱིའི་རིག་གནས་གཞི་གྲངས་ཐོན་ཁུངས་མཛོད40ལྷག་ཡོད། དཔེ་མཛོད་ཁང་དུ་རྩིས་འཁོར་ཚད་ལྡན་ཡིག་ཆ་དཔྱད་འཚོལ་ལྟེ་གནས་དང་གློག་རྡུལ་ལྟ་ཀློག་ལྟེ་གནས། ཀྲུང་ཕྱིའི་ཡིག་རིགས་དཔེ་དེབ་ལྟ་ཀློག་ཁང་བཅས20ཡོད། ལྟ་ཀློག་ཁང2264དང་ད་དུང་སྡོད་ས254ཡོད་པའི་ནུས་མང་རིག་གཞུང་སྙན་ཞུ་ཚོམས་ཆེན་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ3པར“ཅང་ཞི་ཞིང་ཆེན་གྱི་སྐབས་བཅོ་ལྔ་པའི་དཔལ་ཡོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-10

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།