ཅང་སུའུ་ཚོང་དོན་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་ཚོང་དོན་ལས་རིགས་སློབ་གླིང་།
ཅང་སུའུ་ཚོང་དོན་ལས་རིགས་སློབ་གླིང་ནི་སྤྱི་ལོ1956ལོའི་ཟླ9བའི་ནང་བཙུགས་པ་དང་དེ་སྔོན་གྱི་མིང་ལ“ཅང་སུའུ་ཞིང་ཆེན་ནན་ཐུང་ས་ཁུལ་གྱི་གྲོང་ཁྱེར་ཚོང་ལས་ལས་བཟོའི་སློབ་གྲྭ”ཞེས་འབོད། སྤྱི་ལོ1965ལོར་མིང་ལ“ནན་ཐུང་གྲོང་ཁྱེར་ཚོང་ལས་སློབ་གྲྭ”ཞེས་བསྒྱུར། སྤྱི་ལོ1978ལོར་མིང་ལ“ཅང་སུའུ་ཞིང་ཆེན་ནན་ཐུང་མཁོ་ཚོང་སློབ་གྲྭ”ཞེས་བསྒྱུར་ཞིང་ཅང་སུའུ་ཞིང་ཆེན་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་གཙོ་གཉེར་བྱས། སྤྱི་ལོ2013ལོའི་ཟླ1པོར“ཅང་སུའུ་ཚོང་དོན་ལས་རིགས་སློབ་གླིང”ལ་རིམ་སྤོར་བྱས་པ་དང་ཅང་སུའུ་ཞིང་ཆེན་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཁོངས་སུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏商贸职业学院
དབྱིན་ཡིག་གི་མིང་།
Jiangsu vocational College of Business
བཙུགས་ལོ།
སྤྱི་ལོ1956ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
གཞུང་གཉེར་སློབ་ཆེན།
སློབ་སྒྲུབ་ངོ་བོ།
ཞིང་ཆེན་གྱི་ཁོངས་གཏོགས་ཆེད་སྦྱོང་མཐོ་སློབ།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་ཚན་པ།
ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་།
ལས་ཐོག་སློབ་གཙོ།
ཧྥུན་ཀྲི་མཱིན།
གཞུང་ཕྱོགས་དྲ་གནས།
http://www.ntgx.edu.cn
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
ཆ་འཕྲིན་སློབ་གླིང་། དཔལ་འབྱོར་དང་ཉོ་ཚོང་སློབ་གླིང་། འཛུགས་སྐྲུན་ལས་གྲྭ་དང་དོ་དམ་སློབ་གླིང་། གློག་རྡུལ་ཚོང་དོན་དང་དངོས་ཟོག་སྐྱེལ་འདྲེན་སློབ་གླིང་། རྩིས་གཉེར་དང་དངུལ་རྩའི་སློབ་གླིང་སོགས།
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1956ལོར་ནན་ཐུང་ས་ཁུལ་དང་གྲོང་ཁྱེར་གྱི་ཉོ་ཚོང་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་བཙུགས།

སྤྱི་ལོ1956ལོར་ནན་ཐུང་ས་ཁུལ་དང་གྲོང་ཁྱེར་གྱི་ཉོ་ཚོང་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་མིང་ལ་ནན་ཐུང་ས་ཁུལ་དང་གྲོང་ཁྱེར་གྱི་ཚོང་ལས་ལས་བཟོ་པའི་སློབ་གྲྭར་བསྒྱུར།

སྤྱི་ལོ1960ལོར་ནན་ཐུང་ས་ཁུལ་གྱི་ནོར་སྲིད་དང་ཉོ་ཚོང་ལས་བྱེད་སློབ་གྲྭ་དེ་ནན་ཐུང་ས་ཁུལ་དང་གྲོང་ཁྱེར་གྱི་ཚོང་ལས་ལས་བཟོ་པའི་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ1965ལོར་ནན་ཐུང་གྲོང་ཁྱེར་ལས་ཕྱེད་སློབ་ཕྱེད་ཚོང་ལས་སློབ་གྲྭའི་མིང་ལ་ནན་ཐུང་གྲོང་ཁྱེར་ཚོང་ལས་སློབ་གྲྭར་བསྒྱུར།

སྤྱི་ལོ1965ལོར་ནན་ཐུང་གྲོང་ཁྱེར་ཚོང་ལས་སློབ་གྲྭའི་མིང་ལ་ནན་ཐུང་གྲོང་ཁྱེར་གྱི་ལས་ཕྱེད་སློབ་ཕྱེད་ཚོང་ལས་སློབ་གྲྭར་བསྒྱུར།

སྤྱི་ལོ1965ལོར་ནན་ཐུང་ས་ཁུལ་ནོར་སྲིད་ཉོ་ཚོང་ལས་བྱེད་སློབ་གྲྭ་སྒེར་ཚུགས་ཀྱིས་སློབ་གཉེར་བྱས།

སྤྱི་ལོ1969ལོར་ནན་ཐུང་གྲོང་ཁྱེར་གྱི་ལས་ཕྱེད་སློབ་ཕྱེད་ཚོང་ལས་སློབ་གྲྭར་སློབ་མཚམས་བཞག

སྤྱི་ལོ1972ལོར་ནན་ཐུང་གྲོང་ཁྱེར་ལས་ཕྱེད་སློབ་ཕྱེད་ཚོང་ལས་སློབ་གྲྭ་བསྐྱར་དུ་བཙུགས་པར་མ་ཟད། མིང་ལ་ནན་ཐུང་གྲོང་ཁྱེར་ཚོང་ལས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1978ལོར་ནན་ཐུང་གྲོང་ཁྱེར་ཚོང་ལས་སློབ་གྲྭའི་མིང་ལ་ཅང་སུའུ་ཞིང་ཆེན་ནན་ཐུང་མཁོ་ཚོང་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ1992ལོར་ཅང་སུའུ་ཞིང་ཆེན་མཁོ་ཚོང་མཉམ་ལས་ལས་བྱེད་པའི་སློབ་གྲྭ་ཅང་སུའུ་ཞིང་ཆེན་ནན་ཐུང་མཁོ་ཚོང་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ2003ལོར་ཅང་སུའུ་ཞིང་ཆེན་ནན་ཐུང་མཁོ་ཚོང་སློབ་གྲྭའི་མིང་ལ་ཅང་སུའུ་ཞིང་ཆེན་ནན་ཐུང་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭ་ཞེས་བསྒྱུར།

སྤྱི་ལོ2003ལོར་ཅང་སུའུ་མཉམ་འབྲེལ་ལས་རིགས་ལག་རྩལ་སློབ་གླིང(ནན་ཐུང་ཚོང་དོན་ཡན་ལག་ཁང)བཙུགས།

སྤྱི་ལོ2013ལོར་ཅང་སུའུ་ཞིང་ཆེན་ནན་ཐུང་ཚོང་དོན་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཅང་སུའུ་མཉམ་འབྲེལ་ལས་རིགས་ལག་རྩལ་སློབ་གླིང་གཉིས(ནན་ཐུང་ཚོང་དོན་ཡན་ལག་སློབ་གླིང)ཅང་སུའུ་ཚོང་དོན་ལས་རིགས་སློབ་གླིང་དུ་བསྒྱུར།

2 སློབ་གཉེར་ཆ་རྐྱེན།
2_1 སློབ་གླིང་ཆེད་ལས་ཀྱི་སྒྲིག་བཀོད།

སྤྱི་ལོ2015ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སྒྱུ་རྩལ་དང་གློག་རྡུལ་ཆ་འཕྲིན་སློབ་གླིང་། དཔལ་འབྱོར་ཚོང་དོན་སློབ་གླིང་། ཨར་ལས་དོ་དམ་དང་བཟོ་སྐྲུན་སློབ་གླིང་། གློག་རྡུལ་ཚོང་དོན་དང་དངོས་ཟོག་སྐྱེལ་འདྲེན་སློབ་གླིང་། རྩིས་གཉེར་དང་དངུལ་རྩའི་སློབ་གླིང་བཅས་སློབ་གླིང5དང་ཁྱོན་ཆེད་ལས18ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན340ཡོད་པ་དང་དེའི་ཁྲོད་ཕྱི་རྒྱལ་གྱི་དགེ་རྒན7དང་། འབྲིང་རིམ་དང་མཐོ་རིམ་གོ་མིང་འཛིན་པའི་དགེ་རྒན་གྱིས70%ཡན་བཟུང་བ་དང“ཉིས་འཇོན་རྣམ་པའི་དགེ་རྒན” གྱིས70%ཡན་བཟུང་ཡོད། སློབ་གྲྭར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་མ8000ཙམ་ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ3པར་སློབ་གྲྭའི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་སློབ་གསོའི་འཇོན་མི་གསོ་སྐྱོང་རྟེན་གཞི་ཐོག་མ་དང་། ཅང་སུའུ་ཞིང་ཆེན་གྱི་རྩལ་ནུས་སློབ་གསོའི་ཞིབ་འཇུག་རྟེན་གཞི་ཐོག་མ། ཅང་སུའུ་ཞིང་ཆེན་གྱི་ཚོང་དོན་འཇོན་མི་གསོ་སྦྱོང་ཞབས་ཞུའི་སྟེགས་བུ། ནན་ཐུང་གྲོང་ཁྱེར་གྱི་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤྱི་པའི་དངོས་སྦྱོང་རྟེན་གཞི་བཅས་བཙུགས་ཡོད།

3 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ།

རྒྱལ་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་སློབ་གསོའི་འཇོན་མི་གསོ་སྐྱོང་རྟེན་གཞི་ཐོག་མ།

རྒྱལ་ཡོངས་རྒྱལ་སྤྱིའི་ཚོང་དོན་འཇོན་མི་གསོ་སྐྱོང་རྟེན་གཞི།

རྒྱལ་ཁབ་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་འཇོན་མི་གསོ་སྦྱོང་རྟེན་གཞི།

ཅང་སུའུ་ཞིང་ཆེན་ཀུན་སྤྱོད་སློབ་གསོའི་ལས་དོན་སྔོན་ཐོན་ཚན་པ།

ཅང་སུའུ་ཞིང་ཆེན་ལས་རིགས་སློབ་གསོ་དང་སྤྱི་ཚོགས་སློབ་གསོའི་སྔོན་ཐོན་ཚན་པ་སོགས་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-08

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།