ཧོའེ་པེ་དགེ་འོས་སློབ་ཆེན་ཆ་འཕྲིན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོའེ་པེ་དགེ་འོས་སློབ་ཆེན་ཆ་འཕྲིན་སློབ་གླིང་།
ཧོའེ་པེ་དགེ་འོས་སློབ་ཆེན་ཆ་འཕྲིན་སློབ་གླིང་ནི་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་དང་། ཧོའེ་པེ་དགེ་འོས་སློབ་ཆེན་གྱིས་ལམ་སྲོལ་གསར་པ་དང་དཔེ་དབྱིབས་གསར་པ་ལྟར་གཉེར་བའི་ཉིན་ཧྲིལ་བའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་ཞིག་ཡིན། སློབ་གླིང་སྤྱི་ལོ2004ལོར་བཙུགས་ཤིང་། སྔོན་ཆད་ཧོའེ་ཧོ་ཆུ་བོའི་བྱང་རྒྱུད་རྡོ་སོལ་དགེ་འོས་སློབ་གླིང་ཆ་འཕྲིན་སློབ་གླིང་ཡིན་པ་དང་སྤྱི་ལོ2010ལོའི་ཟླ3པར་ཧོའེ་པེ་དགེ་འོས་སློབ་ཆེན་ཆ་འཕྲིན་སློབ་གླིང་ཞེས་མིང་བསྒྱུར། སྤྱི་ལོ2019ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཚན་ཁག14དང་དངོས་གཞིའི་ཚན་ཁག་གི་ཆེད་ལས28 དགེ་རྒན་དང་ལས་བཟོ་བ372བཅས་ཡོད། དེའི་ནང་དགེ་རྒན་ཆེན་མོ40ལྷག་ཙམ་དང་། དགེ་རྒན་ཆེན་མོ་གཞོན་པ100 འབུམ་རམས་པའི་ཡོན་གནས་ཐོབ་མཁན60 སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཡོད། སྤྱི་ལོ2019ལོའི་ཟླ9པའི་ཚེས23ཉིན་གྱི་སྔ་དྲོར། གྲོང་ཁྱེར་སྲིད་གཞུང་དང་ཧོའེ་པེ་དགེ་འོས་སློབ་ཆེན་གྱི་མཉམ་ལས་འཕེལ་རྒྱས་ཀྱིས་ཧོའེ་པེ་དགེ་འོས་སློབ་ཆེན་ཆ་འཕྲིན་སློབ་གླིང་འཛུགས་པའི་གན་འཇོག་མཛད་སྒོ་འཚོགས་པ་རེད། གྲོས་མོལ་བྱས་པ་བརྒྱུད། ཁེ་ཕེ་སློབ་གསོ་ཚོགས་པ་ནང་འདྲེན་བྱ་རྒྱུ་དེ་ཧོའེ་ཧྲི་སློབ་ཆེན་ཆ་འཕྲིན་སློབ་གླིང་གི་མཉམ་ལས་ཕྱོགས་ཡིན་པའི་ངོས་ནས་ཉེར་སྤྱོད་ལག་རྩལ་རྣམ་པའི་དམངས་གཉེར་མཐོ་སློབ་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
淮北师范大学信息学院
བཙུགས་ལོ།
སྤྱི་ལོ2004ལོ།
སློབ་སྒྲུབ་ངོ་བོ།
དམངས་སྒྲུབ་སློབ་གླིང་།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
སློབ་གྲྭའི་ཁྱད་ཆོས།
རང་ཚུགས་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
24ཡོད།
སློབ་གྲྭའི་ཚབ་ཨང་།
13620
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རྒྱ་ཡིག་དང་། དཔལ་འབྱོར། དོ་དམ། ཕྱི་རྒྱལ་གྱི་སྐད་ཡིག སློབ་གསོ། མཛེས་རྩལ། རྩིས་རིག གློག་རྡུལ་ཆ་འཕྲིན་སོགས་ཡོད།
1 སློབ་གླིང་ངོ་སྤྲོད།

ཧོའེ་པེ་དགེ་འོས་སློབ་ཆེན་ཡིད་རྟོན་ཆ་འཕྲིན་སློབ་གླིང་དེ་རྒྱལ་ཁབ་ནུས་རྒྱུ་རྟེན་གཞི་དང་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་དུ་གནས་ཡོད། སློབ་ར་ནི་རི་བོ་དང་བསྟུན་ནས་བསྐྲུན་པ་དང་། ལྗོན་ཤིང་མེ་ཏོག་བཞད་ཅིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། མཛེས་སྡུག་ལྡན་པའི་སློབ་གྲྭའི་ཁོར་ཡུག་ལ་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད། སློབ་མའི་སློབ་སྦྱོང་དང་བློ་སྦྱོང་བྱེད་པའི་ཕུགས་བསམ་གྱི་གནས་ཤིག་ཡིན་ལ། དངོས་གཞིའི་ཚན་ཁག་གི་བྱང་ཚད་མཐོ་བའི་ཉེར་སྤྱོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འབྱུང་གནས་ཤིག་ཀྱང་ཡིན།

2 སློབ་གླིང་གི་ས་གནས།

ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཏུང་ཧྲན་ལམ་ཨང100པ།

སྦྲག་སྲིད་ཨང་གྲངས། 235000

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གླིང་གིས་ཧོ་པེའི་དགེ་འོས་སློབ་ཆེན་གྱི་ཕྱོགས་བསྡུས་སློབ་གཉེར་ལེགས་ཆར་བརྟེན་ནས། རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཆེད་ལས24བཙུགས་ཡོད་པ་དེའི་ནང་རིག་གནས་དང་། རང་བྱུང་ཚན་རིག བཟོ་ལས། ཁྲིམས་ལུགས། དཔལ་འབྱོར། དོ་དམ་སོགས་རིག་ཚན་ཚུད་ཡོད། སློབ་གླིང་དུ་རྒྱ་ཡིག་དང་། དཔལ་འབྱོར། དོ་དམ། ཕྱི་རྒྱལ་གྱི་སྐད་ཡིག སློབ་གསོ། མཛེས་རྩལ། རྩིས་རིག གློག་རྡུལ་ཆ་འཕྲིན། རྫས་འགྱུར། སྐྱེ་དངོས། ལུས་རྩལ། སྲིད་ཁྲིམས་སོགས་ཚན་ཁག12དང་དེ་བཞིན་སློབ་ཆེན་གྱི་ལུས་རྩལ། རྩིས་འཁོར་གྱི་རྨང་གཞིའི་སློབ་ཁྲིད་པུའུ2བཅས་བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གི་དགེ་རྒན་དཔུང་སྡེ་ཡི་གྲུབ་ཆ་ལུགས་མཐུན་དང་སྟོབས་ཤུགས་ཆེ་ཙམ་ཡོད། ད་ལྟ་ཆེད་བསྐོས་དགེ་རྒན372ཡོད་པའི་ནང་དགེ་རྒན་ཆེན་མོ38དང་། དགེ་རྒན་ཆེ་མོ་གཞོན་པ99 འབུམ་རམས་པའི་ཡོན་གནས་ཐོབ་མཁན52ཡོད།

3_3 རིག་ཚན་འཛུགས་སྐྲུན།

སློབ་གླིང་ལ་ད་ཆ་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས3(གློག་རྡུལ་ཆ་འཕྲིན་ལས་གྲྭ་དང་། གློག་རྡུལ་ཚོང་དོན། ཉེར་སྤྱོད་རྫས་འགྱུར)ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3(སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ་དང་། སློབ་ཆེན་གྱི་རྩིས་རིག་སློབ་ཚན་རབ་དང་རིམ་པའི་སློབ་ཁྲིད་ཚོགས་པ། ཁོར་ཡུག་སྣོད་བཅུད་འདུ་འགོད་ཀྱི་ལྟེ་བའི་སློབ་ཚན་སློབ་ཁྲིད་ཚོགས་པ)ཞིང་ཆེན་རིམ་པའི་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལག་ལེན་སློབ་གསོའི་རྟེན་གཞི2(སྡུད་ཤར་གློག་རྡུལ་ཚད་ཡོད་ཀུང་སིའི་གསར་གཏོད་ལག་ལེན་རྟེན་གཞི་དངOTOལས་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི)ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས2 ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞི2བཅས་ཡོད། གཞན་སློབ་གླིང་སློབ་དོན་ཁྲུའུ་ལ་ཞིང་ཆེན་རིམ་པའི“སློབ་ཁྲིད་དོ་དམ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ།

3_4 སློབ་གྲྭའི་དགོས་ཆས།

སློབ་གླིང་ལ་ད་ལྟ་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས3(གློག་རྡུལ་ཆ་འཕྲིན་ལས་གྲྭ། གློག་རྡུལ་ཚོང་དོན། ཉེར་སྤྱོད་རྫས་འགྱུར)ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3(སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པ་དང་། སློབ་ཆེན་གྱི་རྩིས་རིག་སློབ་ཚན་རབ་དང་རིམ་པའི་སློབ་ཁྲིད་ཚོགས་པ། ཁོར་ཡུག་སྣོད་བཅུད་འདུ་འགོད་ཀྱི་ལྟེ་བའི་སློབ་ཚན་སློབ་ཁྲིད་ཚོགས་པ)ཞིང་ཆེན་རིམ་པའི་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལག་ལེན་སློབ་གསོའི་རྟེན་གཞི2(སྡུད་ཤར་གློག་རྡུལ་ཚད་ཡོད་ཀུང་སིའི་གསར་གཏོད་ལག་ལེན་རྟེན་གཞི་དང་OTOལས་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི)ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས2 ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞི2བཅས་ཡོད། 

4 སློབ་བསྡུའི་ས་ཁུལ།

སློབ་གླིང་གིས་ཧྲན་ཞི་དང་། སི་ཁྲོན། ཨན་ཧུའེ། ཅང་ཤིས། ཧོ་ནན། ཀོང་ཤིས། ཀན་སུའུ། ཤིན་ཅང་། ཅང་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)20ལ་ཕྱོགས་ནས་ལོ་བཞིའི་ལམ་ལུགས་ཀྱི་རྒྱལ་ཁབ་འཆར་གཞིའི་ནང་གི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུས་ཡོད། ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ5479ཡོད།

5 སློབ་གྲྭའི་འགོ་ཁྲིད།

གླིང་གཙོ།  ཀྲུའུ་ཆིན་རེན།

སློབ་གླིང་ཏང་ཨའི་ཧྲུའུ་ཅི། ཀྲང་མིང་ཞིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-08

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།