ཨན་ཧུའེ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཧུའེ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།
ཨན་ཧུའེ་གསོ་རིག་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་ནི་སྤྱི་ལོ2003ལོར་ཨན་ཧུའེ་གསོ་རིག་སློབ་ཆེན་གྱིས་བཙུགས་ཤིང་། རྒྱལ་ཁབ་སློབ་གསོ་པུའུ་དང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་རང་ཚུགས་སློབ་གླིང་དང་། ཨན་ཧུའེ་ཞིང་ཆེན་གྱི་དངོས་གཞིའི་སྡེ་ཁག་ཁག་གཉིས་པའི་ནང་བཅུག་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གསོ་དཀྱུས་མའི་དངོས་གཞིའི་སྡེ་ཁག་གི་སློབ་གླིང་ཞིག་ཡིན། སྤྱི་ལོ2019ལོའི་ཟླ9པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་རྨང་གཞིའི་གསོ་རིག་པུའུ་དང་། ནད་ཐོག་གསོ་རིག་སྡེ་ཁག འཕྲོད་བསྟེན་དོ་དམ་རིག་པའི་སྡེ་ཁག ནད་སྐྱོང་རིག་པའི་སྡེ་ཁག སྨན་རིག་སྡེ་ཁག སྤྱི་པའི་སློབ་ཚན་པུའུ། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སློབ་ཁྲིད་ཞིབ་འཇུག་པུའུ། སྐྱེ་དངོས་གསོ་རིག་སྡེ་ཁག་བཅས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽医科大学临床医学院
ཕྱི་ཡིག་གི་མིང་།
Clinic medical college of Anhui medical university
བསྡུས་མིང་།
ཨན་སྨན་སློབ་ཆེན་ནད་ཐོག་གསོ་རིག་སློབ་གླིང་།
བཙུགས་ལོ།
སྤྱི་ལོ2003ལོ།
སློབ་སྒྲུབ་ངོ་བོ།
རང་ཚུགས་སློབ་གླིང་།
སློབ་གྲྭའི་རིགས་དབྱེ།
སྨན་གྱི་སྐོར།
སློབ་གྲྭའི་ཁྱད་ཆོས།
དངོས་གཞིའི་སྡེ་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་།
གནས་ཡུལ།
ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་ཅིང་ཁའེ་ཆུས་ཡུས་ཚུའེ་ལམ་ཨང15པ་དང་ཨན་ཧུའེ་ཞིང་ཆེན་ཧུ་ཧྥེ་གྲོང་ཁྱེར་ཤིན་ཀྲན་ཆུས་ཤང་ཧྲན་ལམ་ཨང789པ་རུ་གནས།
སློབ་གྲྭའི་ཚབ་ཨང་།
13618
སློབ་གླུ།
ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་སློབ་གྲྭའི་གླུ་དབྱངས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1931ལོར་སློབ་གྲྭས་སློབ་གསོའི་སྡེ་ཚན་གྱི་བླང་བྱ་ལྟར་གྱོད་གཞི་ཐོ་འགོད་བྱས་ནས་ཤར་ལྷོའི་གསོ་རིག་སློབ་གླིང་ཞེས་པར་བསྒྱུར། ཤར་ལྷོའི་གསོ་རིག་སློབ་གླིང་གི་སློབ་གླིང་དེ་ཧྲང་ཧའེ་གྲོང་ཁྱེར་དུ་སྤོས་ནས་དེ་སྔའི་སློབ་གྲྭའི་གནས་ཡུལ་དེ་ཞོར་གཏོགས་སྨན་ཁང་དུ་བསྒྱུར།

སྤྱི་ལོ1949ལོའི་ལོ་མཇུག་ཏུ་ཀྲུང་གུང་ཀྲུང་དབྱང་ཧྭ་ཤར་ཅུས་ཀྱིས“གྲོང་གསེབ་ལ་ཁ་གཏད་དེ། རྒྱལ་ནང་དུ་བསྐྱོད་རྒྱུའི”འབོད་སྐུལ་དེ་ཨན་ཧུའེ་ཞིང་ཆེན་ཧོའེ་ཡོན་རྫོང་དུ་སྤོས་ནས་ཨན་ཧུའེ་ཞིང་ཆེན་གྱི་མཐོ་རིམ་གསོ་རིག་སྡེ་ཁག་གི་སློབ་གླིང་དང་པོར་གྱུར།

སྤྱི་ལོ1952ལོར་ཞིང་ཆེན་གྱི་ལྟེ་གནས་ཧུ་ཧྥེ་གྲོང་ཁྱེར་གྱི་ད་ལྟའི་གནས་ཡུལ་དུ་སྤོས་པ་དང་། མིང་ལ་ཨན་ཧུའེ་གསོ་རིག་སློབ་གླིང་ཞེས་བཏགས།

སྤྱི་ལོ1985ལོར་ཨན་ཧུའེ་གསོ་རིག་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ2003ལོར་རྒྱལ་ཁབ་སློབ་གསོ་པུའུ་དང་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོས་མ་དངུལ་བཏང་།

སྤྱི་ལོ2019ལོའི་ཟླ12པར་ཧུ་ཧྥེ་གྲོང་ཁྱེར་མིས་བཟོས་གཙང་པོའི་གྲོང་གསར་དང་ཧུ་ཧྥེ་པིན་ཧུའུ་རྒྱལ་ཁབ་ཚན་རིག་གྲོང་ལྟེ་བའི་འཕེལ་རྒྱས་ས་ཁོངས་སུ་གནས་པའི་སློབ་ཁུལ་གསར་པ་སྐྲུན་འགོ་ཚུགས།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་གིས་སློབ་མ་བསྡུ་བའི་དངོས་གཞིའི་སྡེ་ཁག་གི་ཆེད་ལས་ནི་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་དང་། ལུས་གསོའི་སྨན་བཅོས་རིག་པ། གསོ་རིག་བརྙན་པར་ལག་རྩལ། གསོ་རིག་ཞིབ་དཔྱད་ལག་རྩལ། མིག་མཐོང་འོད་རིག  ནད་སྐྱོང་རིག་པ། སྨན་རྫས་རིག་པ། སྐྱེ་དངོས་གསོ་རིག་འདུ་འགོད། སྤྱི་པའི་བྱ་གཞག་དོ་དམ་དང་བདེ་ཐང་ཞབས་ཞུ་དང་དོ་དམ་བཅས་རེད། ཆེད་ལས་དེ་དག་ཚང་མ་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སྲོལ་རྒྱུན་གྱི་ཆེད་ལས་ཤིག་རེད། སློབ་མས་གཏན་ལ་ཕབ་པའི་སློབ་ཚན་དང་། ལག་ལེན། དངོས་སྦྱོང་བཅས་ཀྱི་ནང་དོན་སློབ་སྦྱོང་བྱས་རྗེས།  སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཨན་ཧུའེ་གསོ་རིག་སྡེ་ཁག་སློབ་ཆེན་གྱི་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང་གི་སློབ་ཐོན་ལག་ཁྱེར་སྤྲད།   

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2014ལོའི་ཟླ4པའི་བར། སློབ་གྲྭ་དེར་ལས་ཐོག་དགེ་རྒན་དང་ལས་བཟོ་བ3733ཡོད་པ་དང་ཆེད་བསྐོས་དགེ་རྒན་དཔུང་ཁག་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་སློབ་གནས་ལྡན་པའི་དགེ་རྒན་གྱིས88.72%བཟུང་ཡོད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན178དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན1356ཡོད།

རྒྱལ་ཁབ་ཀྱི“ཤེས་ལྡན་མི་སྣ་ཁྲི་ཚོ་བརྒྱ་སྟོང་གི་ལས་གྲྭ”དང་། སློབ་གསོ་པུའུ་ཡི་རྐང་འཛིན་དགེ་རྒན། འཕྲོད་བསྟེན་པུའུ་དང་མི་དོན་པུའུ་ཡི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ་དང་། རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་ཁག་དང་པོ། “མི་བརྒྱའི་འཆར་གཞི”  “ཝན་ཅང་མཁས་དབང”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་དང་། མཐོ་སློབ་ཀྱི་སྣེ་ཁྲིད་ཤེས་ལྡན་པ་སོགས་མི་ཐེངས30ཡོད།

མི་ཐེངས16གིས་རྒྱལ་སྤྱིའི་རིག་གཞུང་རྩ་འཛུགས་དངSCIཡོན་དུས་དེབ་ཐོག་ལས་འགན་འཁུར་བ་དང་མི་ཐེངས6གིས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཅིག་པ”དང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་སློབ་དེབ་ཀྱི་གཙོ་སྒྲིག་པ་བྱས། མི3གྱིས་རྒྱལ་ཁབ་རིམ་པའི་ཆེད་སྦྱོང་སྡེ་ཁག་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས། མི1ཨེ་ཤེ་ཡའི་རིག་གཞུང་རྩ་འཛུགས་སུ་ཀྲུའུ་ཞིའི་འགན་འཁུར་བ་དང་མི9སློབ་གསོ་པུའུ་ཡི་མཐོ་སློབ་གསོ་རིག་དང་སྨན་རྫས་རིག་ཚན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ལ་བདམས། མི10ལྷག་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔེ་བཟང་དགེ་རྒན་དང་ཕུལ་བྱུང་དགེ་རྒན་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

མཐོ་རིམ་སློབ་གྲྭའི་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་ཚོགས་པ1ཡོད། སློབ་གསོ་པུའུ་ཡི་ཚན་རྩལ་གསར་གཏོད་ཚོགས་པ1དང་། ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཚོགས་པ2 ཨན་ཧུའེ་ཞིང་ཆེན་གྱི“115”ཚན་རྩལ་ཐོན་ལས་གསར་གཏོད་ཚོགས་པ3བཅས་ཡོད། དགེ་རྒན་ཆེན་མོ་བ1“མི་ཁྲིའི་འཆར་གཞིའི”ཁག་དང་པོའི་སློབ་ཁྲིད་དགེ་རྒན་གྱི་གྲས་སུ་ཚུད་པ་རེད།

4 རིག་གཞུང་ཞིབ་འཇུག
4_1 ཞིབ་འཇུག་ལས་ཁུངས།

སློབ་གྲྭས་ནད་ཐོག་སྨན་ལུགས་དང་། པགས་ནད། འཕྲོད་བསྟེན་བྱ་གཞག་དོ་དམ་སོགས་ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཞིབ་འཇུག་ཁང65བཙུགས་པ་རེད། རྩོམ་སྒྲིག་པར་སྐྲུན་བྱས་པའི་རྒྱལ་ཁབ་རིམ་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་དུས་དེབ་ལ《ཨན་ཧུའེ་གསོ་རིག་སློབ་ཆེན་གྱི་རིག་གཞུང་ཚགས་པར》དང《ཀྲུང་གོའི་སྨན་ལུགས་རིག་པའི་བརྡ་ཁྱབ》《ནད་ཐོག་སྨན་བཅོས་དང་ཚོད་ལྟའི་ནད་ལུགས་རིག་པའི་དུས་དེབ》《ཀྲུང་ཧྭའི་ནད་ཡམས་ཚོད་འཛིན་དུས་དེབ》སོགས་རིགས15ཡོད། སློབ་གྲྭས་དཔེ་དེབ་ཁྲི86ལྷག་ཙམ་ཉར་ཚགས་བྱས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་པར་སྐྲུན་དུས་དེབ་དང་དེ་བཞིན་དྲ་རྒྱའི་གློག་རྡུལ་པར་གཞིའི་དུས་དེབ་ཁྲི30ལྷག་ཙམ་རྒྱལ་ཡོངས་ཀྱི་སྐྱེ་དངོས་གསོ་རིག་ཚད་ལྡན་ཡིག་ཆའི་ཐོན་ཁུངས་མཉམ་སྤྱོད་དྲ་རྒྱའི་ཨན་ཧུའེ་ཞིང་ཆེན་རིམ་པའི་ལྟེ་བའི་ཁང་རེད།

སློབ་གྲྭས་འཇར་མན་དང་། སུའེ་ཏེན། ཨ་རི། ཁ་ན་ཏ། རི་པིན། ཧན་གོ་བཅས་དང་དེ་བཞིན་ཐའེ་ཝན། ཤང་ཀང་ས་ཁུལ་བཅས་ཀྱི་མཐོ་རིམ་སློབ་གླིང་དང་སྤེལ་རེས་དམ་ཟབ་བྱས་ཡོད། ཕྱོགས་གཉིས་པོས་རིགས་གཅིག་མཁས་ཅན་དང་མཁས་དབང་མངགས་གཏོང་། ཕན་ཚུན་སློབ་མ་མངགས་གཏོང་། ཕན་ཚུན་ཆ་འཕྲིན་དཔྱད་ཡིག་སྤེལ་རེས། ཚན་ཞིབ་མཉམ་ལས་ཐུན་མོང་ཐོག་སྤེལ་ཡོད།

4_2 ཞིབ་འཇུག་གྲུབ་འབྲས།

སློབ་གྲྭས“863”དང“973”འཆར་གཞི། རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་གཞི། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་སོགས་སྤྱི་ལོ192འགན་འཁུར་ཡོད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་འཛུགས་གྲངས་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ་དང་། མཐོ་སློབ་ཀྱི་རང་བྱུང་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ། ཀྲུང་ཧྭ་གསོ་རིག་ཚན་རྩལ་བྱ་དགའ་ཨང་དང་པོ་དང་གསུམ་པ། ཀྲུང་ཧྭ་གསོ་རིག་ཚན་རྩལ་བྱ་དགའི་གསོ་རིག་ཚན་རིག་ཁྱབ་གདལ་བྱ་དགའ་ཨང་དང་པོ་བཅས་ཐོབ།

སྤྱི་ལོ2009ལོར་སློབ་གྲྭ་དེས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཨང་རིམ44ལ་དཔྱད་རྩོམ་སྤེལ། རྒྱལ་ཡོངས་ཀྱི་སྨན་རྫས་རིགས་ཀྱི་མཐོ་རིམ་སློབ་གྲྭའི་མིང་རིམ་ཨང12པ་དང་རྒྱལ་ནང་གི་དཔྱད་རྩོམ་དེ་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མིང་རིམ་ཨང66པར་སླེབས་པ་རེད། སྔ་རྗེས་སུ《དབྱིན་ཀེ་ལན་གསར་པའི་གསོ་རིག་དུས་དེབ》དང《རང་བྱུང་རྒྱུད་འཛིན་རིག་པ》སོགས་རྒྱལ་སྤྱིའི་གྲགས་ཅནSCIདུས་དེབ་ཐོག་ཞིབ་འཇུག་དཔྱད་རྩོམ་མང་པོ་སྤེལ་ཡོད།

སློབ་གྲྭ་དེའི་དགེ་རྒན་ཆེན་མོ་བ་ཀྲང་ཞུའེ་ཅུན་ཞིབ་འཇུག་ཚོགས་ཆུང་གིས་གཞི་རྒྱུའི་གྲུབ་ཆ་ཡོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་ལ་བརྟེན་ནས་གླང་ཤུ་ནད་དང་། ཤ་བཀྲའི་ནད། མཛེ་ནད་བཅས་འགོས་སླ་བའི་གཞི་རྒྱུའི་ཞིབ་འཇུག་གྲུབ་འབྲས་ནི་སྤྱི་ལོ2010ལོའི་ཀྲུང་གོའི་ཚན་རིག་འཕེལ་རྒྱས་ཆེན་པོ་བཅུའི་གྲས་སུ་བདམས་པ་རེད།

5 སློབ་གྲྭའི་ཁོར་ཡུག

ལྷོ་སློབ་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་མུའུ378.5ཟིན། སློབ་ཁྲིད་ཐོག་ཁང་ཁུལ་དང་། སློབ་མའི་ལས་ཤག་ཁུལ། སློབ་མའི་ཟ་ཁང་ཁུལ། ལུས་རྩལ་ཐང་ཁུལ། ལན་ཆིའུ་སྤོ་ལོ་ཐང་ཁུལ། ཕྱོགས་བསྡུས་སྦྱོང་བརྡར་ཁང་། མེ་ཏོག་ལྡུམ་རའི་ཁུལ་སོགས་ཁག7དུ་དབྱེ་ཡོད།

ཤང་ཧྲན་ལམ་སློབ་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་མུའུ500ཟིན་ཡོད། སློབ་ཁྲིད་ཐོག་ཁང་ཁུལ་དང་། སློབ་མའི་ལས་ཤག་ཁུལ། སློབ་མའི་ཟ་ཁང་ཁུལ། ལུས་རྩལ་ཐང་ཁུལ། ལན་ཆིའུ་སྤོ་ལོ་ཐང་ཁུལ་སོགས་སུ་དབྱེ་ཡོད།

ཅང་ཤིས་ལམ་གྱི་སློབ་ཁུལ་གསར་པའི་འཆར་འགོད་རྒྱ་ཁྱོན་མུའུ500ཟིན་ནས་སྐྲུན་འགོ་ཚུགས།

6 སློབ་གླིང་གི་འགོ་ཁྲིད།

ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཀྲའོ་ལེང་ཆིང་།

གླིང་གཙོ། ཡུས་ཡུང་ཆང་།

7 སློབ་མའི་གནས་ཚུལ།

ཉེ་བའི་ལོ་ཤས་རིང་སློབ་གླིང་གིས་གཞི་ཁྱོན་དང་། གྲུབ་ཆ། སྤུས་ཚད། ཕན་འབྲས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་སློབ་གཉེར་ཐད་ལེགས་ལ་མྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད། སྤྱི་ལོ2010ལོར་སློབ་གླིང་དེར“རྒྱལ་ཡོངས་ཀྱི་སྔོན་ཐོན་རང་ཚུགས་སློབ་གླིང”གི་མཚན་སྙན་ཐོབ་པ་དང་། ཉེ་བའི་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་གྱི་མཐོ་སློབ་བརྒྱའི་སློབ་ཆེན་སློབ་མའི་ཚན་རིག་ཁྱབ་གདལ་གསར་གཏོད་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་མང་པོ་ཐོབ་པ་དང་འབྲེལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐེངས7ཐོབ། སློབ་གྲྭར་ཡོད་པའི་སློབ་མས་ད་དུང་གསོ་རིག་དང་། རྩིས་རིག ལུས་རྩལ་སོགས་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས།

སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་དང་ལས་ཞུགས་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། ཆ་སྙོམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་སློབ་མ་བསྡུ་ཚད20%ཡན་ཟིན་པ་དང་ཆེད་ལས་ཁག་གཅིག30%ཡན་ཟིན་ཡོད། སློབ་གྲོགས་ཁ་ཤས་ཀྱིས་ཧྥུ་ཏན་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་ཅང་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ཐུང་ཅི་སློབ་ཆེན། ཤར་ལྷོ་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཞ་མོན་སློབ་ཆེན། ཅི་ལིན་སློབ་ཆེན། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན། ལྷོ་ཕྱོགས་གསོ་རིག་སློབ་ཆེན། ཀྲུང་གོ་གསོ་རིག་ཚན་རིག་སློབ་ཆེན། ཀྲུང་གོ་སྨན་རྫས་ཚན་རིག་སློབ་ཆེན། ཐེན་ཅིན་གསོ་རིག་ཚན་རིག་སློབ་ཆེན། ནན་ཅིང་གསོ་རིག་ཚན་རིག་སློབ་ཆེན། སུའུ་ཀྲོའུ་སློབ་ཆེན། ནན་ཁྲང་སློབ་ཆེན། ལན་ཀྲོའུ་སློབ་ཆེན། ཀྲུང་གོ་གསོ་རིག་སློབ་ཆེན། ཀོང་ཀྲོའུ་གསོ་རིག་ཚན་རིག་སློབ་ཆེན། མཚོ་དམག་གསོ་རིག་སློབ་ཆེན། ཁྲུང་ཆིང་གསོ་རིག་ཚན་རིག་སློབ་ཆེན། ཨན་ཧུའེ་གསོ་རིག་སྡེ་ཁག་སློབ་ཆེན། ཝུན་ཀྲོའུ་གསོ་རིག་སློབ་ཆེན། ཅང་ཚན་རིག་སློབ་ཆེན་བཅས་ལ་རྒྱུགས་འཕྲོད།  དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ་བརྒྱ་ལྷག་ཙམ་ཡོངས་བསྒྲགས་བྱས། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ཚན་ཞིབ་རྣམ་གྲངས30ལྷག་ཙམ་སྒྲུབ་འགན་འཁུར་བ་དང་དེའི་ནང་ཞུགས་པའི་ནང་ཞིང་ཆེན་རིམ་པའི་རྣམ་གྲངས་གལ་ཆེན1དང་ཞིང་ཆེན་རིམ་པའི་གཙོ་གནད་རྣམ་གྲངས8 སྤུས་ལེགས་སློབ་ཚན1བཅས་ཡོད། སློབ་ཁྲིད་ཚོགས་པ1དང་འབུམ་རམས་པའི་ཐེབས་རྩ1བཅས་ཞིང་ཆེན་རིམ་པའི་བྱ་དགའ་རིམ་པ་གཉིས་པ4ཐོབ་པ་དང་རིམ་པ་གསུམ་པའི་བྱ་དགའ1ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།