ཧོ་པེ་སྲིད་ཁྲིམས་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་སྲིད་ཁྲིམས་ལས་རིགས་སློབ་གླིང་།
ཧོ་པེ་སྲིད་ཁྲིམས་ལས་རིགས་སློབ་གླིང(ཧོ་པེ་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང)ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུས་ཆོག་མཆན་ཐོབ་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་ཧོ་པེ་ཞིང་ཆེན་གྱིས་གཙོ་གནད་འཛུགས་སྐྲུན་བྱས་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། ཧོ་པེ་ཞིང་ཆེན་གྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་འཛུགས་པའི་ཚན་པ། ཧོ་པེ་ཞིང་ཆེན་གྱིས་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
河北政法职业学院
ཕྱི་ཡིག་གི་མིང་།
Hebei vocational college of politics and law
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ7པར་བཙུགས།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལི་ཧྥེང་ཆི།
རྣམ་པ།
སྲིད་ཁྲིམས་རིགས།
མཐོ་རིམ་ལས་རིགས་ཆེད་ལས།
50ཡོད།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
ཁྲིམས་ལུགས་རིག་པའི་སྡེ་ཁག བཅའ་ཁྲིམས་སྡེ་ཁག རྒྱལ་སྤྱིའི་སྤེལ་རེས་སྡེ་ཁག རྒྱལ་སྤྱིའི་ཁྲིམས་ཚོང་སྡེ་ཁག རྩིས་འཁོར་སྡེ་ཁག དོ་དམ་སྡེ་ཁག འཛུགས་སྐྲུན་ལས་གྲྭའི་སྡེ་ཁག རྩིས་གཉེར་སྡེ་ཁག་སོགས་ཡོད།
གནས་ཡུལ།
སློབ་རྙིང་ཁུལ། ཧྲི་ཅ་ཀྲོང་གྲོང་ཁྱེར་ཡོའུ་དབྱི་བྱང་ལམ་ཆེན་མོའི་ཨང་རྟགས569པར་གནས་ཡོད། བྱང་སློབ་ཁུལ་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་ཞུའེ་ཧྥུའུ་ལམ་གྱི་ཨང་རྟགས77པར་གནས་ཡོད། ཤར་སློབ་ཁུལ་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་ཞུའེ་ཧྥུའུ་ལམ་གྱི་ཨང་རྟགས41པར་གནས་ཡོད།
ངོ་བོ།
ཞིང་ཆེན་ཁོངས་ཀྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ། ཧོ་པེ་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ། ཧོ་པེ་ཞིང་ཆེན་གྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་འཛུགས་སྐྲུན་ཚན་པ། ཧོ་པེ་ཞིང་ཆེན་གྱིས་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཀྱི་དཔེ་སྟོན་མཐོ་སློབ།
གཞུང་ཕྱོགས་དྲ་གནས།
http://www.helc.edu.cn
སློབ་གྲྭའི་ཚབ་ཨང་།
12408
1 ངོ་སྤྲོད་མདོར་བསྡུས།

ཧོ་པེ་སྲིད་ཁྲིམས་ལས་རིགས་སློབ་གླིང(ཧོ་པེ་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང)ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུས་ཆོག་མཆན་ཐོབ་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་ཧོ་པེ་ཞིང་ཆེན་གྱིས་གཙོ་གནད་འཛུགས་སྐྲུན་བྱས་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། ཧོ་པེ་ཞིང་ཆེན་གྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་འཛུགས་པའི་ཚན་པ། ཧོ་པེ་ཞིང་ཆེན་གྱིས་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་བཅས་ཡིན། སློབ་གླིང་དེ་སྔོན་ཧོ་པེ་ཞིང་ཆེན་འཛུགས་སྐྲུན་སློབ་གླིང་ཡིན་པ་དང་སྤྱི་ལོ1949ལོའི་ཟླ7པར་བཙུགས། སྤྱི་ལོ1954ལོའི་ཟླ4པར། ཧོ་པེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་སློབ་གྲྭར་བསྒྱུར། སྤྱི་ལོ1983ལོའི་ཟླ11པར། ཧོ་པེ་སྲིད་ཁྲིམས་དོ་དམ་ལས་བྱེད་སློབ་གླིང་དུ་བསྒྱུར། སྤྱི་ལོ1998ལོའི་ཟླ4པར་ཧོ་པེ་ཞིང་ཆེན་ཁྲིམས་འཛིན་ཐིང་དང་ཧོ་པེ་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་སློབ་གླིང་དུ་ཧོ་པེའི་ཁྲིམས་རྩོད་པའི་སློབ་གླིང་བཙུགས། སྤྱི་ལོ2001ལོའི་ཟླ4པར། ཧོ་པེ་སྲིད་ཁྲིམས་ལས་རིགས་སློབ་གླིང་དུ་བསྒྱུར། སྤྱི་ལོ2004ལོའི་ཟླ4པར་ཧོ་པེ་ནགས་ལས་སློབ་གྲྭའི་སྒྲིག་གཞི་ཧྲིལ་པོ་སློབ་གླིང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་ལ་སློབ་ཁུལ་གསུམ་ཡོད་པ་དང་རྒྱ་ཁྱོན་ལ་མུའུ1229ཡོད། སློབ་ཁྲིད་སྒྲིག་གཞི13བཙུགས་ཡོད་པ་དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས50བཙུགས་ཡོད། ཆེད་བསྐོས་དགེ་རྒན524ཡོད་པ་དང་། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ13000ལྷག་ཡོད།

2 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོར་ཧོ་པེ་འཛུགས་སྐྲུན་སློབ་གླིང་བཙུགས། སྤྱི་ལོ1954ལོར་ཧོ་པེ་ཞིང་ཆེན་འཛུགས་སྐྲུན་སློབ་གླིང་དང་ཧོ་པེ་ཞིང་ཆེན་སྤྱི་བདེ་ལས་བྱེད་པའི་སློབ་གྲྭ་གཉིས་ཟླ་སྒྲིལ་བཏང་ནས་ཧོ་པེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་བཙུགས། སྤྱི་ལོ1983ལོར་ཧོ་པེ་ཞིང་ཆེན་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭ་ཧོ་པེ་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་དུ་རིམ་སྤོར་བྱས། སྤྱི་ལོ2011ལོར་སློབ་གླིང་གིས་ཧོ་པེ་ཞིང་ཆེན་གྱི་རེས་སྐོར་གཉིས་པའི་འཇོན་མི་གསོ་སྐྱོང་ལས་དོན་ལ་དཔྱད་དཔོག་བྱས། སྤྱི་ལོ2016ལོར་སློབ་གླིང་དེ་ཧོ་པེ་ཞིང་ཆེན་གྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་འཛུགས་པའི་ཚན་པར་གཏན་འཁེལ་བྱས། སྤྱི་ལོ2017ལོར་སློབ་གླིང་དེ་ཧོ་པེ་ཞིང་ཆེན་གྱིས་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་ལ་གཏན་འཁེལ་བྱས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྒྲིག་གཞི13བཙུགས་པ་དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས50བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ5པར་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན524ཡོད་པ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་དགེ་རྒན་གྱིས38.17%བཟུང་ཡོད། ཞིབ་འཇུག་སློབ་མ་དང་དེ་ཡན་གྱི་བསླབ་གནས་དགེ་རྒན་གྱིས་བརྒྱ་ཆའི68.89ཟིན་ཡོད། ཉིས་འཇོན་རྣམ་པའི་དགེ་རྒན་གྱིས་བརྒྱ་ཆའི74.61ཟིན་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ5པའི་བར་སློབ་གྲྭར་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས3དང་རྒྱལ་ཁབ་སློབ་གསོ་མཛུབ་ཁྲིད་ཨུ་ལྷན་དང་ཞིང་ཆེན་རིམ་པའི་སློབ་ཚན་སྤུས་ལེགས11ཡོད། ཆེད་ལས4ཧོ་པེ་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི་རྐང་འཛིན་ཆེད་ལས་འཛུགས་སྐྲུན་རྣམ་གྲངས་ལ་གཏན་འཁེལ་བྱས། ཞིང་ཆེན་རིམ་པའི་ཆེད་ལས་སློབ་ཁྲིད་ཐོན་ཁུངས་མཛོད་ཀྱི་གྲ་སྒྲིག་འཛུགས་སྐྲུན་རྣམ་གྲངས1དང་སློབ་ཚན3ཞིང་ཆེན་རིམ་པའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་གྱི་གྲ་སྒྲིག་འཛུགས་སྐྲུན་རྣམ་གྲངས་གྲས་སུ་བཅུག་ཡོད།

5 རིག་གཞུང་ཞིབ་འཇུག 
5_1 ཚན་ཞིབ་ལས་སྟེགས།    

སྤྱི་ལོ2020ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར“ལྟེ་བའི་རིན་ཐང་ལྟ་བའི་ཞིབ་འཇུག་ལྟེ་གནས་དང་ཁྲིམས་ལུགས་རིག་པའི་ཞིབ་འཇུག་སུའུ”སོགས་སློབ་གྲྭ་རིམ་པའི་ཚན་ཞིབ་ལས་སྟེགས་བཙུགས་ཡོད། 

5_2 ཚན་ཞིབ་གྲུབ་འབྲས། 

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སློབ་གླིང་གིས་དཔྱད་རྩོམ2397ཡོངས་བསྒྲགས་སུ་སྤེལ་བ་དང་། གྲོང་ཁྱེར་རིམ་པ་ཡན་གྱི་རྣམ་གྲངས་འཛུགས་པའི་ཞིབ་འཇུག་དཔྱད་གཞི702དང་། གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་བྱ་དགའ272ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།