ཧོ་པེ་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་གླིང་།
ཧོ་པེ་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་གླིང་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད་པ་དང་སྤྱི་ལོ2001ལོར་བཙུགས། སྤྱི་ལོ2003ལོར་སློབ་གསོ་པུའུ་ཡིས་ངོས་འཛིན་བྱས་པ་བརྒྱུད། ཧོ་པེ་གསོ་རིག་སློབ་ཆེན་གྱིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན། སྤྱི་ལོ2020ལོའི་ཟླ7པའི་བར། སློབ་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི19.33ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི22.62ཟིན་པ་དང་དཔེ་མཛོད་ཁང་གི་ཤོག་བུའི་དེབ་ཁྲི40ལྷག་ཉར་ཚགས་བྱས་ཡོད། སློབ་གླིང་གིས་ཧོ་པེ་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་ཐོན་ཁུངས་ལ་བརྟེན་པ་ཡོད། ནད་ཐོག་གསོ་རིག་དང་། ཁ་ནད་གསོ་རིག སྦྲིད་སྨན་རིག་པ། གསོ་རིག་ཞིབ་དཔྱད་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ། ནད་སྐྱོང་རིག་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག་སོགས་དངོས་གཞིའི་སྡེ་ཁག་གི་ཆེད་ལས7བཙུགས་ཡོད་པ་དང་། ད་ལྟ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4803ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河北医科大学临床学院
ཕྱི་ཡིག་གི་མིང་།
Hebei Medical University clinical college
བཙུགས་ལོ།
སྤྱི་ལོ2001ལོའི་ཟླ7པར་བཙུགས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་པེ།
རིགས་དབྱེ།
སྒེར་ཚུགས་སློབ་གླིང་།
ལས་ཐོག་སློབ་གཙོ།
ཧྲི་ཀྲུང་ལི།
སློབ་གྲྭའི་རྣམ་པ།
གསོ་རིག
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་།
ངོ་བོ།
མཐོ་རིམ་སློབ་གླིང་དཀྱུས་མ།
སློབ་གྲྭའི་ཚབ་ཨང་།
13415
སློབ་གླིང་དང་སྡེ་ཁག
ནད་ཐོག་གསོ་རིག ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག སྦྲིད་སྨན་རིག་པ། གསོ་རིག་བརྟག་བཤེར་རིག་པ། ཁ་ནད་གསོ་རིག གསོ་རིག་གི་གཟུགས་བརྙན་རིག་པ་སོགས་ཡོད།
སློབ་གྲྭའི་གནས་ཡུལ།
ཧྲི་ཅ་ཀྲོང་གྲོང་ཁྱེར་ཡུའུ་ཧྭ་ཆུས་ཅན་ཧྭ་སྲང་ལམ་ལྷོ་མའི་ཨང་རྟགས309པ་རུ་གནས་ཡོད།
གཞུང་ཕྱོགས་དྲ་གནས།
http://lcxy.hebmu.edu.cn
1 ངོ་སྤྲོད་མདོར་བསྡུས།

ཧོ་པེ་གསོ་རིག་སློབ་གྲྭ་ཆེན་མོའི་ནད་ཐོག་སློབ་གླིང་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད་པ་དང་སྤྱི་ལོ2001ལོར་བཙུགས། སྤྱི་ལོ2003ལོར་སློབ་གསོ་པུའུ་ཡིས་ངོས་འཛིན་བྱས་པ་བརྒྱུད། ཧོ་པེ་གསོ་རིག་སློབ་ཆེན་གྱིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་རིམ་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན། སྤྱི་ལོ2020ལོའི་ཟླ7པའི་བར། སློབ་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི19.33ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི22.62ཟིན་པ་དང་དཔེ་མཛོད་ཁང་གི་ཤོག་བུའི་དེབ་ཁྲི40ལྷག་ཉར་ཚགས་བྱས་ཡོད། སློབ་གླིང་གིས་ཧོ་པེ་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་ཐོན་ཁུངས་ལ་བརྟེན་པ་ཡོད། ནད་ཐོག་གསོ་རིག་དང་། ཁ་ནད་གསོ་རིག སྦྲིད་སྨན་རིག་པ། གསོ་རིག་ཞིབ་དཔྱད་ལག་རྩལ། གསོ་རིག་བརྙན་པར་ལག་རྩལ། ནད་སྐྱོང་རིག་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ནད་ཐོག་གསོ་རིག་སོགས་དངོས་གཞིའི་སྡེ་ཁག་གི་ཆེད་ལས7བཙུགས་ཡོད་པ་དང་། ད་ལྟ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4803ཡོད།

2 སློབ་སྒྲུབ་གཞི་ཁྱོན།

ཧོ་པེ་གསོ་རིག་སློབ་ཆེན་ལ་འཐུས་སྒོ་ཚང་བའི་སློབ་གཉེར་ཆ་རྐྱེན་ཡོད། སློབ་གྲྭ་ཡོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི75.42ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི47.6ཡོད། སློབ་ཁྲིད་སྲིད་འཛིན་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི26.58ཟིན་ཡོད། དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི14342ཟིན་ཡོད། དཔེ་མཛོད་ཁང་དུ་ཤོག་བུའི་དཔེ་དེབ་ཁྲི88.1དང་གློག་རྡུལ་དཔེ་དེབ་ཁྲི82ལྷག་ཉར་ཚགས་བྱས་ཡོད། ཞིང་ཆེན་རིམ་པའི་སྨན་ཁང6གི་ཐད་གཏོགས་སྨན་ཁང་དུ་གྱུར་ཡོད། ནད་ཁྲི4000བཙུགས་པའི་ནང་སྨན་ཁང་བཞི་ནི“རིམ་པ་གསུམ་པའི་ཀ་པ་རིམ་པའི་སྨན་ཁང”ཡིན་པ་དང་། གཞན་ཞོར་གཏོགས་སྨན་ཁང16དང་སློབ་ཁྲིད་སྨན་ཁང་དང་དངོས་སྦྱོང་རྟེན་གཞི60ལྷག་ཙམ་ཡོད། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན1དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན9 ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང6 ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་གཙོ་གནད་ཚོད་ལྟ་ཁང1 ཞིང་ཆེན་རིམ་པའི་ཞིབ་འཇུག་ཁང8 ལོ་རེར་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་དཔྱད་གཞི250ལྷག་ཙམ་གྱི་འགན་འཁུར་ཡོད། གཞན་ད་དུང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་རིགས9རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས།

3 དགེ་རྒན་གྱི་དཔུང་སྡེ།

ཧོ་པེ་གསོ་རིག་སློབ་ཆེན་གྱི་དགེ་རྒན་གྱི་དཔུང་སྡེ་ཅུང་ཆེ། སློབ་གྲྭ་ཡོངས་ཀྱི་ཁོངས་གཏོགས་སུ་ཁྱོན་དགེ་རྒན་དང་ལས་བཟོ་བདུན་སྟོང་ལྷག་ཙམ་ཡོད་པ་དེའི་ནང་མཐོ་རིམ་ལས་རིགས་རྒན་པའི་ཆེད་ལས་ལག་རྩལ་པ441ཡོད་པ་དང་། མཐོ་རིམ་འགོ་འཛིན་གཞོན་པ1134ཡོད། སློབ་ཁུལ་དུ་ལས་བཟོ་པ1800སྒྲིག་བཟོ་བྱས་ཡོད། དེའི་ནང་ཆེད་བསྐོས་དགེ་རྒན867ཡོད་པ་དེའི་ནང་དགེ་རྒན་ཆེན་མོ155དང་། དགེ་རྒན་ཆེན་མོ་གཞོན་པ398ཡོད། དཔུང་ཁག་དེའི་ནང་ཤེས་ཡོན་ཆེན་པོ་དང་མཁྱེན་རྒྱ་ཆེན་པོ་ཡོད། ཞིང་ཆེན་ནང་ཁུལ་དང་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་རིགས་གཅིག་མཁས་ཅན་གྱི་དགེ་རྒན་ཆེན་མོ་བ་དེའི་ནང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཕུལ་བྱུང་རིགས་གཅིག་མཁས་ཅན18ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ16ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན25རྒྱལ་ཁབ་རིམ་པའི་ཆེད་ལས་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ལས་འཛིན་པར་བདམས།

4 རིག་གཞུང་ཞིབ་འཇུག

ཧོ་པེ་གསོ་རིག་སློབ་ཆེན་ནི་ཧོ་པེ་ཞིང་ཆེན་གྱི་གསོ་རིག་སློབ་གསོ་དང་སྨན་བཅོས་ལྟེ་གནས་ཡིན་པ་མ་ཟད། ཧོ་པེ་ཞིང་ཆེན་གྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱང་ཡིན། སློབ་གྲྭར་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་ཚན1དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན9ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང6ཞིང་ཆེན་རིམ་པའི་ཞིབ་འཇུག་ཁང7ཀྲུང་གོ་སྔོན་འགོག་གསོ་རིག་ཚན་རིག་ཁང་ཧོ་པེ་ཡན་ལག་ཁང་སོགས་སློབ་གྲྭ་ནས་བཙུགས་ཡོད། སློབ་གྲྭ་ཡོངས་ཀྱིས་ལོ་རེར་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་དཔྱད་གཞི200ལྷག་གི་འགན་འཁུར་གྱིན་ཡོད། གཞན་རྒྱལ་ཁབ་རིམ་པའི་རིག་གཞུང་དུས་དེབ་ཁག3དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་ཁག8རྩོམ་སྒྲིག་དཔེ་སྐྲུན་གྱི་སྒྲུབ་འགན་འཁུར་ཡོད།

5 སློབ་གསོ་སྤེལ་རེས། 

ཧོ་པེ་གསོ་རིག་སློབ་ཆེན་ནི་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། སློབ་གྲྭས་སྔ་རྗེས་སུ་རི་པིན་དང་། ཧན་གོ ཨ་རི། ཧྥ་རན་སེ་བཅས་ཀྱི་གསོ་རིག་སློབ་གླིང་དང་ཚན་ཞིབ་སྒྲིག་གཞི15དང་མཉམ་ལས་འབྲེལ་བ་དམ་ཟབ་བཙུགས་ནས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན24སློབ་གྲྭའི་མཚན་འཛིན་གོ་གནས་འཁུར་བར་གདན་ཞུས་གནང་། རིགས་གཅིག་མཁས་པ་དང་དགེ་རྒན་ཆེན་མོ300ལྷག་ཙམ་ཕྱི་རྒྱལ་དུ་སློབ་ཁྲིད་བྱེད་པར་མངགས་པ་དང་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས་ལ་ཞུགས། ཧོ་པེ་གསོ་རིག་སློབ་ཆེན་གྱིས་རྣམ་པ་གསར་བ་ཞིག་གཏོད་བཞིན་ཡོད། སློབ་གྲྭ་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་ཚད་ཅུང་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་གསོ་རིག་སློབ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།