ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན།
ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་ནི (Xi’anJiaotong-liverpolUniversity)ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་ཡོད། ཀྲུང་གོ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པ་དང་ཞི་ཨན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ་དང་དབྱིན་ཇིའི་ལི་ཝུའུ་ཕུའུ་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་ལས་བྱས་ནས་བཙུགས་པ་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རམས་པའི་སློབ་གནས་དང་དབྱིན་ཇིའི་ལི་ཝུའུ་ཕུའུ་སློབ་ཆེན་གྱི་སློབ་གནས་སྤྲོད་དབང་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་ཀྱི“863འཆར་གཞིའི”ཚན་ཞིབ་ཞིབ་འཇུག་བྱ་གཞི་ལས་སྒྲུབ་ཀྱི་འགན་འཁུར་བའི་ཁོངས་མིའི་ལས་ཁུངས་ཤིག་ཡིན། སྤྱི་ལོ2017ལོར་སློབ་གྲྭ་ཅང་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རབ་འབྱམས་པའི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་གྱུར་ཡོད། སྤྱི་ལོ2004ལོའི་ཟླ9པར། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དང་ལི་ཝུའུ་ཕུའུ་སློབ་ཆེན་གཉིས་ཀྱིས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཞི་ཅའོ་ལི་ཝུའུ་ཕུའུ(རྒྱལ་སྤྱི)སློབ་ཆེན་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西交利物浦大学
ཕྱི་ཡིག་གི་མིང་།
Xi’an Jiaotong-liverpool University
བཙུགས་ལོ།
སྤྱི་ལོ2006ལོ།
རིགས་དབྱེ།
ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས་རིགས།
ངོ་བོ།
ཀྲུང་ཕྱི་མཉམ་འབྲེལ་སློབ་ཆེན།
བསྡུས་མིང་།
ཞི་ཕུའུ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་ཚན་ཁག་བཀོད་སྒྲིག
ཚན་རིག་དང་མཉེན་ཆས་བཟོ་སྐྲུན་ཚན་ཁག་དང་། བཟོ་ལས་ཇུས་འགོད་ཚན་ཁག  གློག་རླངས་དང་གློག་རྡུལ་བཟོ་སྐྲུན་ཚན་ཁག  རྫས་འགྱུར་ཚན་ཁག   བདེ་ཐང་དང་ཁོར་ཡུག་ཚན་རིག་ཚན་ཁག  སྐྱེ་དངོས་ཚན་རིག་ཚན་ཁགརྩིས་རིག་ཚན་རིག་ཚན་ཁག  ཞི་ཕུའུ་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་། དབྱིན་ཡིག་ཚན་ཁག  ཞི་ཕུའུ་གློག་བརྙན་སྒྱུ་རྩལ་སློབ་གླིང་། ཀྲུང་གོའི་ཞིབ་འཇུག་ཚན་ཁག  རྒྱལ་སྤྱིའི་འབྲེལ་བའི་ཚན་ཁག  གྲོང་ཁྱེར་འཆར་འགོད་དང་ཇུས་འགོད་ཚན་ཁག   ཨར་ལས་ཚན་ཁག་སོགས་ཡོད།
གནས་ཡུལ།
ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་བཟོ་ལས་གླིང་ཁུལ་ཏུའུ་ཁྲུའུ་མཚེའུ་ཚན་སློབ་གསར་གཏོད་ཁུལ་རེན་ཨའེ་ལམ་གྱི་ཨང111པ།
སློབ་གྲྭའི་ཚབ་ཨང་།
16302
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2006ལོར་སློབ་གྲྭ་དངོས་སུ་བཙུགས།

སྤྱི་ལོ2010ལོར་ལི་ཝུའུ་ཕུའུ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གནས་སྤྲོད་རྒྱུར་ཆོག་མཆན་ཐོབ་པ་དང་སྤྱི་ལོ2012ལོར་སློབ་གསོ་པུའུ་ཡིས་སློབ་གྲྭས་དབྱིན་ཇིའི་ལི་ཝུའུ་ཕུའུ་སློབ་ཆེན་གྱི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་སློབ་གསོ་ལག་བསྟར་བྱ་རྒྱུར་མོས་མཐུན་བྱུང་།

སྤྱི་ལོ2016ལོའི་ཟླ9པར་སློབ་གྲྭའི་དྲ་བར་གཞིགས་ན། སློབ་གྲྭ་ལྷོ་བྱང་སློབ་ཁུལ་གཉིས་སུ་དབྱེ་ལ་ཁྱོན་བསྡོམས་མུའུ610ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི40.7ཟིན་པ་དེར་དཔེ་དེབ་ཁྲི50ལྷག་ཙམ་ཡོད། སྤྱི་ལོ2020ལོའི་ཟླ5པ་བར་ནུབ་ཕྱོགས་སུ་བཙུགས་པའི་ལི་ཝུའུ་ཕུའུ་སློབ་ཆེན་དུ་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ17000ལྷག་ཙམ་དང་རྒྱལ་ཁབ་དང་ས་ཁུལ50ལྷག་ཙམ་གྱི་སློབ་དཔྱོད་མི་སྣ920ལྷག་ཙམ་ཡོད།

སྤྱི་ལོ2020ལོའི་ཟླ7པར་གཞུང་ཕྱོགས་དྲ་བར་གཞིགས་ན། སློབ་གྲྭས་དངོས་གཞིའི་ཚན་ཁག་གི་ཆེད་ལས43དང་། རབ་འབྱམས་པའི་ཆེད་ལས44 འབུམ་རམས་པའི་ཆེད་ལས17བཅས་བཙུགས་ཡོད།

སྤྱི་ལོ2015ལོའི་ཟླ5པར་ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་གྱི་ཞོར་གཏོགས་སློབ་གྲྭ་བཙུགས་ཤིང་། ཟླ7པར་ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་དང་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་དབར་མཉམ་ལས་གྲོས་མཐུན་བཞག་ནས་ཚན་རྩལ་གསར་གཏོད་ལས་སྟེགས་མཉམ་སྐྲུན་བྱས། 

སྤྱི་ལོ2016ལོའི་ཟླ7པའི་ཚེས26ཉིན། སློབ་གྲྭས་སུའུ་ཀྲོའུ་རུ་སློབ་གྲྭ་བཙུགས་ནས་ལོ་བཅུ་འགོར་བའི་རྟེན་འབྲེལ་ཞུས་པ་དང་ལྷོ་སློབ་ཁུལ་གསར་པའང་ཉིན་དེར་དངོས་སུ་སྤྱོད་འགོ་ཚུགས།    

སྤྱི་ལོ2017ལོའི་ཟླ2པར། ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་རྫས་འགྱུར་ཚན་ཁག་གི་ཉེར་སྤྱོད་རྫས་འགྱུར་ཆེད་ལས་ལ་དབྱིན་ཇིའི་གོང་མ་ཚང་གི་རྫས་འགྱུར་སློབ་ཚོགས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོབ་པ་དང་ཞི་ཕུའུ་ནི་རྒྱལ་ནང་གི་དངོས་གཞིའི་ཚན་ཁག་གི་སློབ་གནས་ཐོབ་པའི་ཆེད་ལས་དེའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ཐོབ་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་ཆེན་དང་པོར་གྱུར་ཡོད།     

སྤྱི་ལོ2018ལོའི་ཟླ3པར་ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་དང་ཐའེ་ཚང་གྲོང་ཁྱེར་སྲིད་གཞུང་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད། ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་གྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་ལས་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་ནས“ཞི་ཕུའུ་དུས་རབས་གསར་པའི་འཕེལ་རྒྱས་ཞིབ་འཇུག་ཁང”མཉམ་དུ་བཙུགས། ཟླ6པར་ཞི་ཕུའུ་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་ལ་ཡོ་རོབ་ཀྱི་སྤུས་ཚད་འཕེལ་རྒྱས་མ་ལགEQUISཡི་ཁས་ལེན་ཐོབ། ད་དུང་ཚང་མར་ཁས་ལེན་ཐོབ་པའི“ཆེས་ན་གཞོན་ཚོང་ལས་སློབ་གླིང”གིས་ཚོང་ལས་སློབ་གླིང་གི་ཁས་ལེན་ལོ་རྒྱུས་ཐོག་ལོ་རྒྱུས་ཟིན་ཐོ་བཏོད། ཟླ7པར་ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་འཛམ་གླིང་ཤུལ་བཞག་གསོ་སྦྱོང་དང་ཞིབ་འཇུག་ལྟེ་གནས་སུའུ་ཀྲོའུ་ཡན་ལག་ལྟེ་གནས། འཐབ་ཇུས་མཉམ་ལས་གྲོས་མཐུན་བཅས་ལ་མིང་རྟགས་བཀོད། 

སྤྱི་ལོ2019ལོའི་ཟླ4པར་ཐའེ་ཚང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཉམ་ལས་བྱས་པ་བརྒྱུད་ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་སློབ་ཁུལ་གསར་པའི་ལས་གཏོད་མཁས་ཅན་སློབ་གླིང་དངོས་སུ་སྐྲུན་འགོ་ཚུགས།

2 དགེ་རྒན་གྱི་དཔུང་སྡེ། 

ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་གྱིས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་སློབ་ཆེན་གྱི་ཚད་གཞི་ལྟར་གོ་ལ་ཧྲིལ་པོར་དགེ་རྒན་གདམ་གསེས་གདན་ཞུ་བྱས་ཤིང་དེར་སློབ་དཔྱོད་མི་སྣ920ལྷག་ཙམ་ཡོད་པ་དང་མང་ཆེ་བ་ནི་ཕྱི་རྒྱལ་གྱི་རྒྱལ་ཁོངས་ཡིན།     

3 རིག་གཞུང་ཞིབ་འཇུག 

སློབ་གྲྭར་ཚན་ཞིབ་ལས་སྟེགས་གསུམ་ཡོད་པ་སྟེ་རྒྱལ་སྤྱིའི་གསར་གཏོད་གྲུ་ཁ། རྒྱལ་སྤྱིའི་ལག་རྩལ་སྤོ་སྒྱུར་ལྟེ་གནས། ཞི་ཕུའུ་ཇུས་འདོན་ཚོགས་པ། སུའུ་ཀྲོའུ་གྲོང་ཁྱེར་གསུམ་གྱི་གཙོ་གནད་ཚོད་ལྟ་ཁང་། སུའུ་ཀྲོའུ་གྲོང་ཁྱེར་གྱི་དྲ་ལམ་སྐུད་མེད་ལག་རྩལ་གྱི་གཙོ་གནད་ཚོད་ལྟ་ཁང་། སུའུ་ཀྲོའུ་གྲོང་ཁྱེར་ཤེས་རྟོགས་རྩིས་རྒྱག་ཉེར་སྤྱོད་ལག་རྩལ་གྱི་གཙོ་གནད་ཚོད་ལྟ་ཁང་། སུའུ་ཀྲོའུ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་ལག་རྩལ་གྱི་གཙོ་གནད་ཚོད་ལྟ་ཁང་བཅས་ཡོད། ཚན་ཞིབ་ཞིབ་འཇུག་ཁང་ལྔ་སྟེ། རྒྱུན་མཐུད་རྒྱུ་ཆ་དང་ཁོར་ཡུག་ཞིབ་འཇུག་ཁང་དང་། ཕུལ་བྱུང་གཉེར་སྐྱོང་དང་མཁོ་སྤྲོད་སྦྲེལ་ཐག་ཞིབ་འཇུག་ཁང་། ཞི་མཐུན་དོ་དམ་ལྟེ་གནས། གཞི་གྲངས་ཆེན་པོ་དབྱེ་ཞིབ་ཞིབ་འཇུག་ཁང་། གྲངས་འབོར་དངུལ་རྩ་ཞིབ་འཇུག་ཁང་བཅས་སོ།།

4 ཚན་རིག་ཞིབ་འཇུག     

ཞི་ཅའོ་ལི་ཝུའུ་ཕུའུ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་། སློབ་གྲྭས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་ཏུ་བཏང་ནས་སྤྱི་ལོ2017ལོ་ནས་བཟུང་། སུའུ་ཀྲོའུ་ཏུའུ་ལུའུ་མཚེའུ་ཚན་སློབ་གསར་གཏོད་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གྱི་ཚན་རྩལ་དང་ཆ་འཕྲིན་ཅན་ཅུས། ནུབ་ཕྱོགས་འགྲིམ་འགྲུལ་ལི་ཝུའུ་ཕུའུ་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་མ་དངུལ་བཏང་ནས་གཙོ་གནད་འཛུགས་སྐྲུན་གྱི་ཆེད་དོན་རྣམ་གྲངས་བཙུགས།

5 འགོ་ཁྲིད།  

ཏུང་ཧྲི་ཀྲང་།   སུང་ཞའོ་ཕིན། ཏུང་ཧྲི་ཀྲང་གཞོན་པ། ཅན་ནའེ་ཐེ·པི་ཨར།  ལས་འཛིན་པ་དང་སློབ་གྲྭའི་སློབ་གཙོ། ཐའོ་ཝུན་ཆོན།  ལས་འཛིན་པ་དང་ལག་བསྟར་སློབ་གྲྭའི་སློབ་གཙོ། ཞི་ཡུས་མིན།      ལས་འཛིན་པའི་ལྷན་ཚོགས་ཀྱི་ལྟ་ཞིབ་པ་དང་སློབ་གཙོ་གཞོན་པ།     ཀུག་ཏི་མན།     སློབ་གཙོ་གཞོན་པ།     ཏིང་དབྱི་རྨིན།     ལས་འཛིན་པ།     ཧོན་ཅུན། ཞུས་ཆུན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-02

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།