སུའུ་ཆན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཆན་སློབ་གླིང་།
སུའུ་ཆན་སློབ་གླིང་ནི་སྤྱི་ལོ2002ལོར་བཙུགས་ཤིང་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་དུ་གནས་པ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གྲྭ་བཙུགས་པའི་ཐོག་མའི་སློབ་གླིང་གིས“ཞིང་ཆེན་དང་གྲོང་ཁྱེར་གྱིས་མཉམ་སྐྲུན་དང་སློབ་གྲྭ་བརྒྱད་ཀྱིས་མཉམ་སྐྲུན་བྱས་པའི”སློབ་གཉེར་སྒྲིག་སྲོལ་སྤྱད་པ་སྟེ། སུའུ་ཀྲོའུ་སློབ་ཆེན་དང་དབྱང་ཀྲོའུ་སློབ་ཆེན། ཅང་སུའུ་སློབ་ཆེན། ནན་ཅིང་བཟོ་ལས་སློབ་ཆེན། ཅང་སུའུ་དགེ་འོས་སློབ་ཆེན། ནན་ཅིང་ནོར་དཔལ་སློབ་ཆེན། ནན་ཅིང་བཟོ་སྐྲུན་སློབ་གླིང་། ནན་ཅིང་དགེ་འོས་སློབ་ཆེན་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་དང་སློབ་གླིང་བརྒྱད་ཀྱིས་མཉམ་དུ་དངོས་གཞིའི་ཚན་ཁག་གི་སློབ་གསོ་གཉེར་བ་རེད། སྤྱི་ལོ2014ལོའི་ཟླ5པའི་ནང་སློབ་གསོ་པུའུ་ཡིས་དངོས་གཞིའི་རིམ་པའི་དམངས་གཉེར་མཐོ་སློབ་དཀྱུས་མར་དངོས་སུ་ཆོག་མཆན་བཀོད། སྤྱི་ལོ2020ལོའི་ཟླ3པར་སློབ་གསོ་པུའུ་ཡིས་ཡི་གེ་བཏང་ནས་སུའུ་ཆན་སློབ་གླིང་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར་རྒྱུར་མོས་མཐུན་བྱུང་། སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭའི་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི88ཟིན་པ་དང་། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི37ལྷག་ཙམ་ཟིན་པ་དང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13ཟིན། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1ལྷག་ཙམ་ཟིན། ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ་ཁྲི137དང་གློག་རྡུལ་དཔེ་དེབ་སྣ་ཁ་ཁྲི125ཡོད། རིམ་པ་གཉིས་པའི་སློབ་གླིང8དང་ལུས་རྩལ་པུའུ1 དངོས་གཞིའི་ཚན་ཁག་གི་ཆེད་ལས42 ཆེད་བསྐོས་དགེ་རྒན700ལྷག་ཡོད། དེའི་ནང“ཅང་སུའུ་ཞིང་ཆེན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གཞོན་དར་རིགས་གཅིག་མཁས་པ”སོགས་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་མཐོ་རིམ་ཤེས་ལྡན་པ173དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ13800ལྷག་ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宿迁学院
ཕྱི་ཡིག་གི་མིང་།
Suqian University
བཙུགས་ལོ།
སྤྱི་ལོ2002ལོ།
རིགས་དབྱེ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཕྱོགས་བསྡུས།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞུས་ཏེ།
སློབ་གླིང་དང་ཚན་ཁག་གི་བཀོད་སྒྲིག
ཆབ་སྲིད་སློབ་གླིང་། རིག་གནས་དང་རང་བྱུང་ཚན་རིགཆ་འཕྲིན་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ཚོང་ལས་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། སྒྱུ་རྩལ་དང་སྨྱན་སྦྱོར་སློབ་གླིང་།
གནས་ཡུལ།
ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་རྨ་ཆུའི་ལྷོ་ལམ་གྱི་ཨང399པ།
གཟི་བརྗིད་མཚན་སྙན།
ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་ཚན་པ།    ཅང་སུའུ་ཞིང་ཆེན་མཐོ་སློབ་སྔོན་ཐོན་ལེགས་འཛུགས་དང་ཕུལ་བྱུང་བརྩོན་ལེན་སྔོན་ཐོན་མཉམ་སྡེབ།
སློབ་གྲྭའི་ཚབ་ཨང་།
14160
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2014ལོའི་ཟླ5བའི་ཚེས16ཉིན། སློབ་གསོ་པུའུ་ཡིས《སུའུ་ཆན་སློབ་གླིང་འཛུགས་རྒྱུའི་སྐོར་གྱི་ཡི་གེ》དངོས་སུ་འགྲེམས་སྤེལ་བྱས་པ་དང་སུའུ་ཆན་སློབ་གླིང་གི་དངོས་གཞིའི་ཚན་ཁག་རིམ་པའི་དམངས་གཉེར་མཐོ་སློབ་དཀྱུས་མ་དང་། ས་ཤིང་བཟོ་སྐྲུན། འཕྲུལ་ཆས་ཇུས་འགོད་བཟོ་སྐྲུན། དེ་བཞིན་རང་འགུལ་ཅན་དང་། མཉེན་ཆས་བཟོ་སྐྲུན། ཐིག་ལེན་རིས་འབྲིའི་ལས་གྲྭ་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཁག་དང་པོ་བཀོད་སྒྲིག་བྱས།   

སྤྱི་ལོ2014ལོའི་ཟླ6པའི་ཚེས15ཉིན། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས《སུའུ་ཆན་སློབ་གླིང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་སུའུ་ཆན་སློབ་གླིང་ནི་དངོས་གཞིའི་ཚན་ཁག་རིམ་པའི་དམངས་གཉེར་མཐོ་སློབ་དཀྱུས་མ་ཞིག་ཏུ་བསྒྱུར།     

སྤྱི་ལོ2018ལོའི་ཟླ6པའི་ཚེས1ཉིན་ཅང་སུའུ་ཞིང་ཆེན་ཡོན་གནས་ཨུ་ཡོན་ལྷན་ཁང་དང་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་སུའུ་ཆན་སློབ་གླིང་ནི་ཤེས་རམས་པའི་ཡོན་གནས་སྤྲོད་པའི་ཚན་པར་འཕར་རྒྱུར་མོས་མཐུན་བྱུང་།    

སྤྱི་ལོ2020ལོའི་ཟླ3པའི་ཚེས13ཉིན། སློབ་གསོ་པུའུ་ཡིས《སུའུ་ཆན་སློབ་གླིང་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་ཡི་ཡི་གེ〔སྤྱི་ལོ2020ཨང10པ》སྤེལ་ནས་སུའུ་ཆན་སློབ་གླིང་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར་རྒྱུར་མོས་མཐུན་བྱུང་། 

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭར་ཁྲིམས་རིག་སློབ་གླིང་དང་། རིག་གནས་དང་རང་བྱུང་ཚན་རིག ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ཚོང་ལས་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། སྒྱུ་རྩལ་དང་སྨྱན་སྦྱོར་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང་བརྒྱད་དང་ལུས་རྩལ་པུའུ་གཅིག  དངོས་གཞིའི་ཚན་ཁག་གི་ཆེད་ལས42བཅས་ཡོད། དེའི་ནང་བཟོ་རིག་དང་། རྩོམ་རིགརང་བྱུང་ཚན་རིགསྒྱུ་རྩལ་རིག་པ། སློབ་གསོ་རིག་པ། དོ་དམ་རིག་པ། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། ཞིང་ལས་རིག་པ་སོགས་རིག་ཚན་ཆེ་ཁག་དགུ་ཡོད།

3 རིག་གཞུང་ཞིབ་འཇུག   

སུའུ་ཆན་སློབ་གླིང་གི“སྐུད་མེད་དྲ་བZigBe+སྒུལ་བདེའི4Gགྲོང་ཁྱེར་གྱི་རིག་ལྡན་ལམ་སྒྲོན་ཚོད་འཛིན་ལག་རྩལ”ལ་སུའུ་ཆན་གྲོང་ཁྱེར་གྱི་སྤྱི་ལོ2014ལོའི་ལོ་འཁོར་གྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་གསུམ་པ་ཐོབ། དེ་ནི་སུའུ་ཆན་སློབ་གླིང་གི་དགེ་རྒན་གྱིས་གཙོ་ཁྲིད་བྱས་པའི་ཚན་ཞིབ་གྲུབ་འབྲས་ལ་བྱ་དགའ་ཐོབ་ཐེངས་དང་པོ་ཡིན།     སྤྱི་ལོ2019ལོའི་ཟླ8པའི་བར། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ནས་བཟུང་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར་རིམ་པའི་ཚན་ཞིབ་རྣམ་གྲངས1010ལྷག་ཙམ་གྱི་འགན་འཁུར་བ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཚན་ཞིབ་གྲུབ་འབྲས་ལ་བྱ་དགའ140ལྷག་ཙམ་ཐོབ། དཔྱད་རྩོམ4200ལྷག་ཙམ་སྤེལ།

4 འགོ་ཁྲིད།   

ཏང་ཨུའི་ཧྲུའུ་ཅི།  ཞུས་ཏེ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཀུའུ་ཞའོ་ཧུའུ།     སྒྲིག་ཨུའི་ཧྲུའུ་ཅི།  ལིའུ་ལི་ཞིན།    ཏང་ཨུའི་རྒྱུན་ལས་ཨུ་ཡོན།     ལིའུ་ཀྲི་ཡོན། ཀུའུ་ཞའོ་ཧུའུ། ཏིང་ཧུང་ཡན། ཐེན་དབྱི་ཅུས། ཕན་ཀྲི་མིང་། ཅི་སའེ་། ལིའུ་ལི་ཞིན། ལི་ཀྲེན། སུན་དབྱི་ཙེ་བཅས་ཡིན།     ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ།     ལིའུ་ཀྲི་ཡོན།     སློབ་གཙོ་གཞོན་པ།     ཏིང་ཧུང་ཡན་དང་ཧྲི་ཀྲེང་རུང་། ཐེན་དབྱི་ཅུས། ཕན་ཀྲི་མིང་། ཅི་སའེ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-01

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།