ཅིན་ཁེན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཁེན་ལས་རིགས་ལག་རྩལ་སློབ་གླིང་།
ཅིན་ཁེན་ལས་རིགས་ལག་རྩལ་སློབ་གླིང་ནི་རྒྱལ་ཁབ་སློབ་གསོ་པུའུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་སློབ་གླིང་ཞིག་ཡིན་པས“ཞའོ་ཏུང་ཏ”ཞེས་པའི་མཚན་སྙན་ཡོད་ཅིང་། ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་གསོ་སྐྱོང་འཛུགས་སྐྲུན་སྡེ་ཚན་ཡིན། སློབ་གླིང་གི་སློབ་ཡུན་ནི་ལོ་གསུམ་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་ཡིན། སློབ་གྲྭ་བ་རྣམས་ཀྱིས་སློབ་ཁྲིད་འཆར་གཞིའི་ནང་གཏན་ལ་ཕབ་པའི་སློབ་ཚན་ཡོངས་རྫོགས་སྦྱངས་འབྲས་ཚད་ལོངས་ན་སློབ་གྲྭ་ནས་ཐོན་ཆོག རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཅིག་གྱུར་གྱིས་གློག་རྡུལ་ཐོ་འགོད་བྱས་པའི《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་ཐོན་ལག་ཁྱེར》སློབ་གླིང་ནི་རྒྱལ་རབས་དྲུག་གི་གནའ་བོའི་རྒྱལ་ས་སྟེ་ནན་ཅིང་དུ་གནས། སློབ་གླིང་འདི་ནི་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་ཐང་དང་ཧྭ་ཤར་གྱི་གློག་བརྙན་བརྙན་འཕྲིན་རྟེན་གཞི་ཆེ་ཤོས་ཀྱི་ཧྲི་ཡན་གློག་བརྙན་བརྙན་འཕྲིན་རྟེན་གཞི་དང་ཐག་ཉེ་ལ། རྒྱལ་ཡོངས་ཀྱི1+Nཅན་གྱི་ཤེས་ལྡན་མི་སྣའི་ལས་རིགས་གསོ་སྦྱོང་རྟེན་གཞི། སློབ་གླིང་འདིར་ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་ཀྱི་དངོས་སྦྱོང་རྟེན་གཞི་དང་། ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་རླངས་འཁོར་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟའི་རྟེན་གཞི། ཅང་སུའུ་ཞིང་ཆེན་གྱི་འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་གྱི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་ས་ཚིགས། ནན་ཅིང་གྲོང་ཁྱེར་གྱི་རྩལ་ནུས་མཐོ་བའི་གསོ་སྦྱོང་རྟེན་གཞི་བཅས་བཙུགས་ཡོད། ཆེད་ལས་འཛུགས་སྐྲུན་གྱི་ཞིང་ཆེན་རིམ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཀྱི་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་མཐོ་རིམ་ལས་རིགས་སློབ་གྲྭའི་མདུན་གྲལ་དུ་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金肯职业技术学院
ཕྱི་ཡིག་གི་མིང་།
Jinken College of Technology
བཙུགས་ལོ།
སྤྱི་ལོ2000ལོ།
རིགས་དབྱེ།
དམངས་གཉེར་མཐོ་རིམ་སློབ་གླིང་།
རྣམ་པ།
བཟོ་ལས་ཚན་ཁག
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་དཀྱུས་མའི་མཐོ་རིམ་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་སློབ་གསོ་ཐིང་།
འགོ་ཁྲིད།
སུང་ཏིང་ཆོན།
བསྡུས་མིང་།
ཅིན་ཁེན་སློབ་གླིང་།
སློབ་གླིང་དང་ཚན་ཁག་གི་བཀོད་སྒྲིག
རླངས་འཁོར་བཟོ་སྐྲུན་སྡེ་ཁག་དང་། ཨར་ལས་དང་ཨར་ལས་ཨར་ལས་སྡེ་ཁག  ཆ་འཕྲིན་ལས་གྲྭ་དང་གྲངས་འཛིན་སྒྱུ་རྩལ་སྡེ་ཁག  དཔལ་འབྱོར་དོ་དམ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཚན་ཁག་བཅས་ཡོད།
སློབ་གྲྭའི་ཚབ་ཨང་།
13100
གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་ཀྱི་ཟངས་རིའི་གྲོང་རྡལ་གྱི་གསེར་ཟངས་ལམ་ཨང2པ།
1 ལོ་རྒྱུས་འཕེལ་རིམ།    

སྤྱི་ལོ1998ལོར་ནན་ཅིང་ཅིན་ཁེན་ཨར་ལས་སྒྲིག་སྦྱོར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་སྲས་མོ་པའོ་ལི་ཕིང་གིས་ལས་གཞིའི་སྟ་གོན་བྱེད་འགོ་བརྩམ།

སྤྱི་ལོ2000ལོའི་ཟླ6པར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ནས་ཅིན་ཁེན་སློབ་གླིང་དངོས་སུ་བཙུགས།  

སྤྱི་ལོ2002ལོར་སློབ་གསོ་པུའུ་ཡིས་མིང་ལ་ཅིན་ཁེན་ལས་རིགས་ལག་རྩལ་སློབ་གླིང་ཞེས་པའི་ཚད་ལྡན་གྱི་མིང་བཏགས།      

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སློབ་གླིང་འདི་ཉིད་སྤྱི་ལོ2000ལོར་བཙུགས་པ་ནས་བཟུང་། “ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་ལས་ཞུགས་ཁྲིད་སྟོན་དུ་བྱེད་པའི”སློབ་གཉེར་བསམ་བློ་རྒྱུན་འཁྱོངས་དང་། མཐོ་རིམ་ལས་རིགས་སློབ་གསོའི་སློབ་ཁྲིད་ཀྱི་ཆོས་ཉིད་ལ་བརྩི་སྲུང་། ཚོང་ར་དང་བསྟུན་ནས་ཆེད་ལས་བཀོད་སྒྲིག  སྤྱི་ཚོགས་ཀྱི་དགོས་མཁོ་ཆེ་ཞིང་ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་བཅས་ཀྱི་འཐབ་ཕྱོགས་དང་པོར་མཁོ་བའི་བྱང་ཚད་མཐོ་བའི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས། སྤྱི་ལོ2015ལོའི་བར་སློབ་གླིང་དུ་རླངས་འཁོར་དང་འཕྲུལ་ཆས་ལས་གྲྭ་དང་། ཨར་སྐྲུན་ལས་གྲྭ། ཆ་འཕྲིན་ལས་གྲྭ་དང་གྲངས་གཞིའི་སྒྱུ་རྩལ། དཔལ་འབྱོར་དོ་དམ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཚན་ཁག་བཅས་ཚན་ཁག་ཆེན་མོ་བཞི་དང་རྒྱལ་སྤྱིའི་སློབ་གསོ་སྤེལ་རེས་ལྟེ་གནས་བཅས་བཙུགས་ཡོད་པ་དང་ཁྱོན་བསྡོམས་ཆེད་ལས30ཡོད།

3 དགེ་རྒན་གྱི་དཔུང་སྡེ།    

སློབ་གླིང་གིས“ཕྱི་ནས་ནང་ལ་རོགས་སྐྱོར”བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ནན་ཅིང་མཐོ་སློབ་ཀྱི་ནགས་ལས་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས་ནན་ཅིང་སློབ་ཆེན་དང་། ཤར་ལྷོ་སློབ་ཆེན། ནན་ཅིང་བཟོ་ལས་སློབ་ཆེན། བཅིངས་འགྲོལ་དམག་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སོགས་མཐོ་སློབ་གྲགས་ཅན་གྱི་དགེ་རྒན་ཆེན་མོ་བ་སློབ་གྲྭར་དགེ་རྒན་བྱེད་པར་གདན་ཞུ་བྱས་པ་མ་ཟད། “རིན་དོད་ཕངས་མེད་དང་། ནུས་པ་ཡོད་རྒུ་འདོན་པ། ཡིད་སེམས་ཕངས་མེད”བཅས་ཀྱི་སྒོ་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་དང་བཟོ་རྩལ་མཁས་པ་ནང་འདྲེན་བྱས། སྤུས་ཚད་མཐོ་བའི་དགེ་རྒན་དཔུང་ཁག་བཙུགས། ད་ལྟ་ཆེད་གཉེར་དགེ་རྒན384དང་ཆེད་བསྐོས་དགེ་རྒན200ལྷག་ཙམ་ཡོད་པའི་ནང་མཐོ་རིམ་གོ་མིང་གིས33%བཟུང་ཡོད། 

4 ཤེས་ལྡན་མི་སྣ་གསོ་སྐྱོང་།  

ནན་ཅིང་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཅིན་ཁེན་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་སུའོ་ནི་སྤྱི་ལོ2007ལོར་བཙུགས་པ་དང་མིག་སྔར་གྲངས་གཞིའི་ཚོད་འཛིན་དང་། འཕྲུལ་ཆས། རླངས་འཁོར། གློག་རྡུལ། ཆ་འཕྲིན། ཞབས་ཞུ་སོགས་རིགས་ཆེན་པོ6གི་ལས་རིགས་འབྲིང་གྲས་དང་མཐོ་རིམ་རྩལ་ནུས་གསལ་འབྱེད་ཀྱི་ཐོབ་ཐང་ཡོད་ལ་སློབ་མའི་ལག་ཁྱེར་ཐོབ་ཚད90%ལས་བརྒལ།     གསོ་སྦྱོང་སློབ་གསོའི་འདུ་འགོདITATབདེན་དཔང་ར་སྤྲོད་གསོ་སྦྱོང་ས་ཚིགས་ལ་བརྟེན་ནས་ཀྲུང་གོ་ལས་ཞུགས་སྐུལ་འདེད་ལྷན་ཚོགསCAEPལས་རིགས་གསོ་སྦྱོང་རྟེན་གཞི་དང་། Adobeཀྲུང་གོའི་བདེན་དཔང་ར་སྤྲོད་ཐོན་རྫས་རིགས་གཅིག་མཁས་ཅན་སོགས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་བདེན་དཔང་ར་སྤྲོད་ཐོབ་ཐང་ཁག95ཡོད་པ་རེད།

5 གཟི་བརྗིད་མཚན་སྙན། 

སྤྱི་ལོ2010ལོའི་ཟླ3པར་ཅང་སུའུ་ཞིང་ཆེན་མཐོ་སློབ་ཀྱི“ཡ་རབས་ཉལ་ཁང་གི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།     སྤྱི་ལོ2011ལོའི་ཟླ་དང་པོར་རྒྱལ་ཁབ་དམངས་སྲིད་པུའུ་ཡིས་གཟེངས་བསྟོད་བྱས་པའི“རྒྱལ་ཡོངས་ཀྱི་སྔོན་ཐོན་སྤྱི་ཚོགས་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།     སྤྱི་ལོ2011ལོའི་ཟླ4པར་སློབ་གླིང་ལ“ཅང་སུའུ་ཞིང་ཆེན་གྱི་དུས་བདེའི་སློབ་གྲྭའི”མཚན་སྙན་ཐོབ།     སྤྱི་ལོ2011ལོའི་ཟླ5པར་སློབ་གླིང་ལ་ཞིང་ཆེན་རིམ་པའི“རིན་མེད་ཁྲག་འབུལ་གྱི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།     སྤྱི་ལོ2011ལོའི་ཟླ7པར་སློབ་གླིང་འདི“ཅང་སུའུ་ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟའི་རྟེན་གཞིར”བདམས།  སྤྱི་ལོ2012ལོའི་ཟླ3པར“རྒྱལ་ཡོངས་རྩིས་འཁོར་གྱི་ཆ་འཕྲིན་མཐོ་གསར་གྱི་ཡིག་རྒྱུགས་སྔོན་ཐོན་ཚན་པའི”མཚན་སྙན་ཐོབ།     སྤྱི་ལོ2014ལོའི་ཟླ་དང་པོར་སྤྱི་ལོ2013ལོའི་ཀྲུང་གོའི་སྤུས་རྟགས་ཤུགས་རྐྱེན་ལྡན་པའི་དམངས་གཉེར་མཐོ་སློབ་ཀྱི་མཚན་སྙན་ཐོབ།     སྤྱི་ལོ2014ལོའི་ཟླ3པར“ཅང་སུའུ་ཞིང་ཆེན་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་སློབ་གྲྭ”ཁག་དང་པོ་ཐོབ།

6 འགོ་ཁྲིད། 

ཏུང་ཧྲི་ཀྲང་། མིའོ་ཡུས་རུང་།   

ཏུང་ཧྲི་ཀྲང་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མིའོ་ཁའེ།     གླིང་གཙོ། སུང་ཏིན་ཅིན།   

ཏང་ཨུའི་ཧྲུའུ་ཅི། ཞུང་རིན་མིན།     གླིང་གཙོ་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི། ཀྲང་པའོ་པིན།     གླིང་གཙོ་གཞོན་པ། ཅཱ་ཅན་པང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-01

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།