ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི(XuzhouVocationalCollegeofIndustrialTechnology)ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2014ལོའི་ཟླ6པར་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས། སྤྱི་ལོ2017ལོའི་ཟླ12པར་ཅང་སུའུ་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པའི་གྲས་སུ་བཅུག ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1964ལོར་བཙུགས་ཤིང་། མིང་ལ་ཞུས་ཀྲོའུ་གྲོང་ཁྱེར་ཡང་བའི་རྫས་འགྱུར་བཟོ་ལས་ལས་རིགས་སློབ་གྲྭ་ཟེར་ཞིང་། དེའི་རྗེས་ཞུས་ཀྲོའུ་གྲོང་ཁྱེར་ཡང་བའི་རྫས་འགྱུར་བཟོ་ལས་འབྲིང་རིམ་ལག་རྩལ་སློབ་གྲྭ་རུ་བསྒྱུར། སྤྱི་ལོ1965ལོར་ཞུས་ཀྲོའུ་རྫས་འགྱུར་བཟོ་ལས་ལག་རྩལ་སློབ་གྲྭ་རུ་བསྒྱུར། སྤྱི་ལོ1966ལོའི་ཟླ6པར“རིག་གནས་གསར་བརྗེ་ཆེན་པོ”འགོ་བརྩམས་རྗེས་སློབ་གྲྭས་སློབ་སྒྲུབ་བྱེད་མཚམས་བཞག སྤྱི་ལོ1978ལོར་སློབ་གྲྭ་སླར་གསོ་བྱས་ནས་ཞུས་ཀྲོའུ་རྫས་འགྱུར་བཟོ་ལས་སློབ་གྲྭ་ཞེས་མིང་བསྒྱུར། སྤྱི་ལོ2002ལོར་ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2019ལོའི་ཟླ1པོའི་བར། ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་ཁྱོན་སློབ་ཁུལ་གཉིས་ཡོད་པ་དེས་ས་ཁྱོན་མུའུ1100བཟུང་ཡོད། འཛུགས་སྐྲུན་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི33.2ཟིན། སློབ་ཁྲིད་ཚན་པ12མཉམ་སྐྲུན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
徐州工业职业技术学院
ཕྱི་ཡིག་གི་མིང་།
Xuzhou Vocational College of Industrial Technology
བཙུགས་ལོ།
སྤྱི་ལོ1964ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
ངོ་བོ།
ཞིང་ཆེན་ཁོངས་ཀྱི་ཆེད་ཚན་མཐོ་རིམ་སློབ་གྲྭ།    ཅང་སུའུ་ཞིང་ཆེན་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།    ཅང་སུའུ་ཞིང་ཆེན་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་ཁུངས་བཅས་ཡིན།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
བཟོ་སྐྲུན་སློབ་གླིང་དང་། རྫས་འགྱུར་བཟོ་སྐྲུན་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་སོགས་ཡོད།
བསྡུས་མིང་།
ཞུས་ཀྲོའུ་བཟོ་ལས་སློབ་གླིང་།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཞང་ཝང་ནུབ་ལམ་ཨང1པོ།
འགོ་ཁྲིད།
གླིང་གཙོ། ཀྲང་ཏེང་ཧུང་།
སློབ་གྲྭའི་ཚབ་ཨང་།
13107
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ6པར། སློབ་གྲྭ་རང་ཚུགས་ཀྱིས་ཆེད་སྦྱོང་ཚན་ཁག་རིམ་པ་འཕར་བའི་མཐོ་རིམ་སློབ་གྲྭ་དཀྱུས་མས་ཞུས་ཀྲོའུ་རྫས་འགྱུར་བཟོ་ལས་སློབ་གྲྭའི་རྨང་གཞིའི་ཐོག་ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་བཙུགས།   

སྤྱི་ལོ2007ལོའི་ཟླ8པར། སྲིད་འཛིན་གཞུང་ལས་ཁུངས་བསྐྲུན་ནས་ལས་ཁུངས་ཁག་གི་གཞུང་ལས་ཁང་དུ་སྤོས་ནས་སློབ་གླིང་གི་ཤར་སྒོ་ཆེན་པོ་སྤྱོད་འགོ་ཚུགས།

སྤྱི་ལོ2014ལོའི་ཟླ6པར་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་གིས་ཞིབ་བཤེར་རྩིས་ལེན་བྱས། 

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་རིགས་བཞི་པའི་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་འཛུགས་སྐྲུན་ཚན་པའི(ཡིག་ཚགསC)ནང་བཅུག    

2  སློབ་གླིང་དང་སྡེ་ཁག་བཀོད་སྒྲིག  

སྤྱི་ལོ2019ལོའི་ཟླ1པོར། ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་རྒྱུ་ཆ་བཟོ་སྐྲུན་སློབ་གླིང་དང་། རྫས་འགྱུར་བཟོ་སྐྲུན་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། བཟོ་ཚོང་དོ་དམ་སློབ་གླིང་། ཆ་འཕྲིན་དང་གློག་ཤུགས་བཟོ་སྐྲུན་སློབ་གླིང་། རྒྱལ་སྤྱིའི་སློབ་གསོ་སློབ་གླིང་། གསར་གཏོད་ལས་གཏོད་སློབ་གསོའི་སློབ་གླིང་། རྨང་གཞིའི་སློབ་ཚན་སློབ་ཁྲིད་པུའུ། བསམ་བློ་ཆབ་སྲིད་སློབ་གསོ་དང་ཞིབ་འཇུག་པུའུ། ལུས་རྩལ་དང་སྒྱུ་རྩལ་སློབ་ཁྲིད་པུའུ། རྒྱུན་མཐུད་སློབ་གསོའི་སློབ་གླིང་སོགས་སློབ་ཁྲིད་ཚན་པ12ཡོད་པ་དང་། མཐོ་རིམ་ལས་རིགས་ཆེད་ལས་ཚན་ཁག41བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།    

སྤྱི་ལོ2017ལོའི་ཟླ12བར་ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་ཆེད་བསྐོས་དགེ་རྒན481ཡོད་པ་དང་། སྤྱི་ལོ2019ལོའི་ཟླ1པོའི་བར། སློབ་གྲྭ་དེར་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ240ལྷག་དང་འབུམ་རམས་པ41ཡོད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1 ཧོང་ཡན་ཕེ་ཡི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ1དང་རྒྱལ་ཁབ་ལས་རིགས་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན6ཡོད། ཅང་སུའུ་ཞིང་ཆེན་གྱི་ཆིན་ལན་ལས་གྲྭའི་ཕུལ་བྱུང་ན་གཞོན་རྐང་འཛིན་དགེ་རྒན་གསོ་སྐྱོང་བྱ་ཡུལ23དང་། ཅང་སུའུ་ཞིང་ཆེན་གྱི་ཆིན་ལན་ལས་གྲྭའི་གཞོན་དར་རིག་གཞུང་སྣེ་ཁྲིད་པ5བཅས་ཡོད། ཅང་སུའུ་ཞིང་ཆེན་གྱི“333”ལས་གྲྭའི་རིམ་པ་གསུམ་པའི་གསོ་སྐྱོང་བྱ་ཡུལ་མི10  ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3དང་། རྒྱལ་ཡོངས་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་ཕུལ་བྱུང་སློབ་ཁྲིད་ཚོགས་པ2 ཉིས་འཇོན་དགེ་རྒན་བྱང་ཚད་ཀྱི་ཆེད་ལས་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད85%ལས་བརྒལ་ཡོད།  

4 གཟི་བརྗིད་མཚན་སྙན།  

སྤྱི་ལོ2015ལོའི་ཟླ12བར་ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ལ“ཅང་སུའུ་ཞིང་ཆེན་གྱི་ཞི་མཐུན་སློབ་གྲྭ”དང་། “ཅང་སུའུ་ཞིང་ཆེན་གྱི་དུས་བདེའི་སློབ་གྲྭ”  “ཅང་སུའུ་ཞིང་ཆེན་གྱི་ཤེས་དཔལ་སློབ་གྲྭ” “ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”  “ཅང་སུའུ་ཞིང་ཆེན་གྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་སྔོན་ཐོན་ཚན་པ” “ཅང་སུའུ་ཞིང་ཆེན་གྱི་ལས་གཏོད་སློབ་གསོའི་དཔེ་སྟོན་སློབ་གྲྭ”  “ཅང་སུའུ་ཞིང་ཆེན་གྱི་ལུས་རྩལ་ལས་དོན་གྱི་སྔོན་ཐོན་སློབ་གྲྭ” “ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་དཀྱུས་མའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས” “ཅང་སུའུ་ཞིང་ཆེན་གྱི་ཆུ་གྲོན་ཆུང་རྣམ་པའི་སྔོན་ཐོན་མཐོ་སློང” “ཅང་སུའུ་ཞིང་ཆེན་གྱི་སློབ་གསོའི་རིན་བསྡུའི་ཚད་ལྡན་མཐོ་སློབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 

5 རིག་གཞུང་ཞིབ་འཇུག 

སྤྱི་ལོ2017ལོའི་ཟླ12པར། ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་ཞིང་ཆེན་རིམ་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས6དང་། ཞིང་ཆེན་རིམ་པའི་ལག་རྩལ་སྤོ་སྒྱུར་ལྟེ་གནས1 གྲོང་ཁྱེར་རིམ་པའི་ཞིབ་འཇུག་གསར་སྤེལ་ལྟེ་གནས27 ཅང་སུའུ་ཞིང་ཆེན་གྱི“ཆིན་ལན་འདུ་འགོད”ཚན་རྩལ་གསར་གཏོད་ཚོགས་པ1བཅས་མཉམ་དུ་བསྐྲུན་ཡོད།

6 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས། 

སྤྱི་ལོ2015ལོར། ཞུས་ཀྲོའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན238“དགེ་རྒན་དང་ཁེ་ལས་ཆ་སྒྲིག་ལས་གྲྭར”ཞུགས་ནས་ལག་རྩལ་ཞབས་ཞུ་དང་ཚན་ཞིབ་འགག་སྒྲོལ་རྣམ་གྲངས269ལེགས་སྒྲུབ་བྱས། ལག་རྩལ་ཁྲོམ་རའི་ཚོང་འགྲིག་པའི་གན་རྒྱ79བཅས་ཡོད་ལ། ཁེ་བེད་བདག་ཐོབ་ཀྱི་གྲུབ་འབྲས4བཤུག་སྤྲོད་དང་ཐོན་ལས་ཅན་དུ་གྱུར་ནས་ལག་རྩལ་ཞབས་ཞུའི་གན་རྒྱའི་དངུལ་འབོར་སྒོར་ཁྲི1226.2ཟིན་པ། ལག་རྩལ་ཞབས་ཞུར་སྒོར་ཁྲི1007.5ཟིན་ཡོད།    

7 འགོ་ཁྲིད།    

ཏང་ཨུའི་ཧྲུའུ་ཅི། ཀྲུའུ་མུའུ་ཝེ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ། ཀྲང་ཏེང་ཧུང་།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལི་ཧུང་།      གླིང་གཙོ་གཞོན་པ། ཀྲང་ཧྥང་རུའུ།     ཏང་ཨུའི་ཨུ་ཡོན་སྒྲིག་ཨུའི་ཧྲུའུ་ཅི། ཞུས་ཡུང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-02

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།